མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོའི་ད་ལྟའི་བར་གྱི་སྐུ་མགྲོན་རླབས་ཆེ་ཤོས་དེ་ཆགས་ཡོད།

བོད་ཀྱི་དུས་བབ།
༢༠༡༢/༠༦/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་༧གོང་ས་མཆོག་དབྱིན་ཡུལ་ནུབ་ཕྱོགས་གྲོང་ཁྱེར་གྱི་རྒྱལ་སྤྱིའི་ཚོང་ལས་ལྷན་ཚོགས་སྟེང་ཕེབས་ཏེ། ཚོང་ལས་ཀུན་སྤྱོད་སྐོར་གྱི་བཀའ་སློབ་བསྩལ་ཡོད་ཅིང་། རྒྱ་ནག་གཞུང་གིས་༧གོང་ས་མཆོག་གྲོང་ཁྱེར་དེར་ཕེབས་པར་འགོག་རྐྱེན་བཟོས་ཡོད་པ་རེད།

ཁ་སང་ཕྱི་ཚེས་ ༡༥ ཉིན་༧གོང་ས་མཆོག་དབྱིན་ཡུལ་གྱི་ལེ་ཌི་སི་(Leeds) གྲོང་ཁྱེར་ནང་འཚོགས་བཞིན་པའི་རྒྱལ་སྤྱིའི་ཚོང་ལས་ལྷན་ཚོགས་(The Yorkshire International Business Convention) སྟེང་གདན་འདྲེན་ཞུས་པ་ལྟར་༧གོང་ས་མཆོག་ཆིབས་སྒྱུར་བསྐྱངས་ཏེ། ཁོང་གིས་ལྷན་ཚོགས་དེའི་སྟེང་དུ་ལོ་རབས་དྲུག་བཅུ་བདུན་བཅུའི་ནང་ཚོང་ལས་ཐད་མིའི་ཀུན་སྤྱོད་ཀྱི་སྐད་ཆ་བཤད་ས་མེད་ཀྱང་རྗེས་སུ་འགྱུར་བ་ཕྱིན་ཏེ། ལོ་རབས་བརྒྱད་བཅུ་དང་དགུ་བཅུའི་ནང་ནས་ཚོང་ལས་ཐད་མིའི་ཀུན་སྤྱོད་དང་འབྲེལ་བའི་སྐད་ཆ་བཤད་སའི་གནས་བབ་བྱུང་ཡོད་ཚུལ་དང་། འཛམ་གླིང་གི་དཔལ་འབྱོར་ཉམ་ཉེས་དང་དབུལ་ཕྱུག་གི་ཧེ་བག་བྱུང་པའི་རྒྱུ་རྐྱེན་སྐོར་ལ་བཀའ་སློབ་གནང་འདུག་ལ། ཚོང་ལས་སྡེ་ཚན་གང་འདྲ་ཞིག་ཡིན་ཡང་དེའི་ནང་གི་ལས་མི་རྣམས་འགྲོ་བ་མི་ཡིན་སྟབས། ཚོང་ལས་ཁྲོད་བཟང་སྤྱོད་དང་དྲང་བདེན་གལ་ཆེན་པོ་ཡིན་པ། གཞན་ལ་མགོ་སྐོར་དང་བསླུ་བྲིད་སོགས་བཏང་སྟེ་དངུལ་ཕྲན་བུ་གསོག་ཐུབ་ཀྱང་སེམས་ནང་ཞེད་སྣང་དང་དངངས་འཚབ་འབྱུང་གི་ཡོད་པ། སོ་སོའི་ལས་དོན་དྲང་བདེན་དང་ཁ་ཞེ་གཉིས་མེད་ཐོག་གཉེར་ཚེ་རང་ཉིད་ལ་གདེང་སྤོབས་དང་འདོད་བློ་འཚིམ་པ་ཡོང་སྐོར་སོགས་གསུངས་འདུག  

ལེ་ཌི་སི་གྲོང་ཁྱེར་ནང་ ༢༠༡༢ ལོའི་དབྱིན་ཇིའི་ཨོ་ལམ་ཕིག་ལུས་རྩེད་འགྲན་ཚོགས་ཀྱི་རྩེད་མོ་བ་དང་སློབ་སྟོན་པ། ལས་བྱེད་བཅས་མི་ ༢༢༠ ལྷག་གིས་སྦྱོང་བརྡར་བྱེད་ཀྱི་ཡོད་སྟབས། རྒྱ་ནག་གཞུང་གིས་ལེ་ཌི་སི་གྲོང་ཁྱེར་སྲིད་གཞུང་ལ་༧གོང་ས་མཆོག་ཡུལ་དེའི་རྒྱལ་སྤྱིའི་ཚོང་ལས་ལྷན་ཚོགས་སྟེང་ཕེབས་མི་འཇུག་རྒྱུར་གནོན་ཤུགས་སྤྲད་ཡོད་ཀྱང་། གྲོང་ཁྱེར་སྲིད་གཞུང་གིས་ལྷན་ཚོགས་དེ་ནི་གྲོང་ཁྱེར་སྲིད་གཞུང་གིས་གོ་སྒྲིག་མིན་སྟབས་ཁོང་ཚོའི་གནད་དོན་ལ་ཐེ་ཇུས་བྱ་རྒྱུའི་འོས་བབ་མེད་སྐོར་བརྗོད་འདུག་ལ། ལྷན་ཚོགས་གསར་འཛུགས་བྱེད་མཁན་མཱའེ་ཁཱེ་(Mike Firth) ཡིས་ཀྱང་“༧གོང་ས་ཏཱ་ལའི་བླ་མ་མཆོག་ནམ་རྒྱུན་འཛམ་གླིང་གང་སར་ཕེབས་ཀྱི་ཡོད་ཅིང་། ཁོང་གིས་རྒྱལ་སྤྱིའི་དབུ་ཁྲིད་ཁག་དང་ཐུག་འཕྲད་ཀྱིས་མི་ཚང་མས་དགའ་མོས་བྱེད་ཡུལ་ཞིག་ཆགས་ཡོད་པས། ཁོང་ཐེངས་འདིར་ལྷན་ཚོགས་སྟེང་ཕེབས་པ་དེ་ནི་ང་ཚོའི་ད་ལྟའི་བར་གྱི་སྐུ་མགྲོན་རླབས་ཆེ་ཤོས་དེ་ཆགས་ཡོད” ཅེས་བརྗོད་འདུག
དབྱིན་ཇིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་ཉེ་སྔོན་ཕྱི་ཟླ་
༥ པའི་ནང་དབྱིན་ཇིའི་སྲིད་བློན་རྣམ་གཉིས་ཀྱིས་༧གོང་ས་མཆོག་དང་ཐུག་འཕྲད་གནང་རྗེས་དབྱིན་ཇིའི་ཕྱི་འབྲེལ་གནས་བབ་ཇེ་སྡུག་ཏུ་ཕྱིན་པ་མ་ཟད། དབྱིན་ཇི་དང་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཁག་ཅིག་གི་འགྲོ་འོང་ཡང་རྒྱ་ནག་གིས་ཕྱིར་འཐེན་བྱས་ཚུལ་བརྗོད་འདུག དེ་སྔ་ལྷན་ཚོགས་སྐབས་སོ་སོར། ཟླ་བའི་གོ་ལའི་སྟེང་ཐོག་མར་སྐྱོད་མཁན་ཨམ་སི་ཊོང་(Neil Armstrong) དང་། དེ་སྔའི་ཨུ་རུ་སུའི་སྲིད་འཛིན་མཱེ་ཁཱ་ཧེལ་ (Mikhail Gorbachev)། ཡེ་ཤུ་ཆོས་དཔོན་ཌེ་སི་མོན་ཊུ་ཊུ་(Archibishop Desmond Tutu)། ཨ་རིའི་སྲིད་འཛིན་ཟུར་པ་བྷེལ་ཁི་ལེན་ཊོན་ (Bill Clinton) སོགས་སྐུ་མགྲོན་དུ་ཕེབས་ཡོད་འདུག

དེ་རིང་དབྱིན་ཡུལ་གྱི་མན་ཅཱེ་སི་ཊར་(Manchester Arena) ནང་གཞོན་སྐྱེས་སྟོང་ཕྲག་མང་པོར་ཚོར་འཛམ་གླིང་གི་འབྱུང་འགྱུར་ལ་བཅོས་སྒྱུར་བྱ་རྒྱུར་འགན་འཁུར་དགོས་པ་དང་། དུས་རབས་ཉེར་གཅིག་པ་དེ་གྲོས་མོལ་གྱི་དུས་རབས་ཤིག་བསྐྲུན་དགོས་པ་སོགས་ཀྱི་བཀའ་སློབ་གནང་ཡོད་ཅིང་། གསུང་བཤད་དང་དྲི་བ་དྲིས་ལན་གྱི་ལས་རིམ་གཙོ་སྐྱོང་བར་དབྱིན་ཇིའི་སྐད་གྲགས་ཆེ་བའི་གཏམ་རྗོད་པ་དང་གློག་བརྙན་འཁྲབ་སྟོན་པ། གཞེས་པ་རཱུ་སེལ་བྷི་རན་ཌི་(Russell Brand)ལགས་ཡིན་འདུག་ལ། ཁོས་“ང་ལ་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་མཛད་སྒོའི་གཙོ་སྐྱོང་བར་སྐད་བཏང་སྐབས་ལམ་སང་དང་ལེན་བྱས་པ་ཡིན། ཏཱ་ལའི་བླ་མ་མཆོག་གིས་ཁོང་གི་མི་ཚེ་ཧྲིལ་བོར་དཀོན་མཆོག་གི་མགྲིན་ཚབ་པ་བྱས་ཏེ་འཛམ་གླིང་ཞི་བདེ་དང་འགྲོ་བ་མིའི་ཕན་བདེ་ཆེད་བཏང་ཡོད། ཁོང་གིས་ང་ཚོར་ཅིག་བྱོས་གསུང་སྐབས་ཐ་ན་ཁོང་གི་རླངས་འཁོར་གཙང་མ་བཟོ་བའི་ལས་ཀ་ཞིག་ཡིན་ཡང་བྱ་དགོས་”ཞེས་བརྗོད་འདུག 

བྷི་བྷི་སི་གསར་ཁང་གིས་རཱུ་སེལ་བྷི་རན་ཌི་ལགས་སུ། ཁོ་རང་ནང་པ་ཡིན་མིན་དྲིས་པར་རང་ཉིད་ཆོས་ལུགས་གང་ལའང་མི་གཏོགས་ཚུལ་དང་། ཆོས་ལུགས་ཁག་ཚང་མར་སློབ་སྦྱོང་བྱེད་ཀྱི་ཡོད་སྐོར་བརྗོད་འདུག ཡང་ཁོང་ལ་དེང་སྐབས་ཁོང་གི་གློག་བརྙན་དང་གླུ་གཞས་དབྱིན་ཇི་དང་ཨ་རི་སོགས་སུ་དར་ཁྱབ་ཆེན་པོ་འགྲོ་བཞིན་ཡོད་པ་ལྟར། རྒྱ་ནག་ནང་དར་ཁྱབ་འགྲོ་བར་ཐེངས་འདིར་༧གོང་ས་མཆོག་དང་འབྲེལ་བ་བྱུང་བ་དེས་དོ་ཕོག་འགྲོ་མིན་དྲིས་པར། ཁོང་གིས་ “ད་སྔ་བསམ་བློ་དེ་འདྲ་ཞིག་ཁྱེར་ཏེ་བསྡད་པ་རེད། དོན་དངོས་ཐོག་རྒྱལ་ཁབ་ཅིག་གི་རང་དབང་དང་མི་སྒེར་གཅིག་གི་ལས་དོན་གཉིས་ཀྱི་གང་གལ་ཆེན་པོ་ཡིན་པར་བསམ་བློ་གཏོང་དགོས། ངས་ད་སྔ་འཁྲབ་སྟོན་བྱེད་ཡུལ་གློག་བརྙན་ཁང་དག་གི་མི་སྣ་ཚོ་ཡང་མི་ཞིག་ཡིན་པའི་ཆ་ནས་བསམ་བློ་ཏན་ཏན་འཁོར་ངེས་རེད། གལ་སྲིད་མིའི་བསམ་བློའི་དཔལ་ཡོན་གྱིས་ཕོངས་པའི་སྤྱི་ཚོགས་ཞིག་གྲུབ་ཚེ་འགྲོ་བ་མིའི་སྤྱི་ཚོགས་འདི་གང་འདྲ་ཞིག་ཏུ་འགྱུར་ངེས་རེད་” ཅེས་བརྗོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༡༠ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༠ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༡༤ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 6

  1. ཤེལ་དཀར་བློ་བཟང་། says:
    ལོ་ 14 སྔོན།

    གསར་འགོད་པ་ལགས།

    སུམ་ཅུ་དྲུག་ཅུ་བདུན་ཅུ་དང་།།
    བརྒྱད་ཅུ་བཅས་ལ་བས་འཕུལ་མེད།། ཅེས་པའི་གྲངས་ཀྱི་རྣམ་གྲངས་ཨེ་ཤེས། ང་ཚོས་བོད་དོན་དྲིལ་བསྒྲགས་བྱེད་དགོས་ལ་བོད་ཡིག་སྲུང་སྐྱོབ་ཀྱང་བྱེད་དགོས་པ་མ་ཡིན་ནམ།།

    Reply
  2. ནད་པ says:
    ལོ་ 14 སྔོན།

    སྙན་གྲགས་ཅན་གྱི་ཁྲབ་སྟོན་པ་རོ་སེལ་བླཧོ་རན་ཌ་མཆོག་གིས་ཏྰ་ལའི་བླ་མས་དཀོན་མཆོག་གི་ཚབ་བྱས་ཏེ་ཁོང་གིས་རླངས་འཁོར་གཙང་མ་བཟོ་དགོས་གསུངས་ནའང་ང་ཚོས་ངེས་པར་བྱེད་དགོས་ཟེར་བ་མདོར་ན་ཅི་གསུང་བཀའ་བཞིན་བསྒྲུབ་དགོས་པའི་བཀའ་སློབ་ཞིག་རེད།

    ཐེངས་འདིར་གལ་ཆེའི་སྙན་གྲགས་ཅན་གྱི་སྐུ་མགྲོན་མང་དག་གཅིག་ལྷན་འཛོམས་གནང་བ་ཐུབ་པ་དེ་ནི་བཀྲ་ཤིས་པའི་གཏམ་བཟང་དང་དོན་སྙིང་གལ་ཆེ་ལྡན་ཡོད།

    སྙན་གྲགས་ཅན་གྱི་རླབས་ཆེན་སྐྱེས་མཆོག་དམ་རྣམས་སྐུ་ཚེ་རིང་བའི་སྨོན་ལམ་ཞུའོ།།

    Reply
  3. ལི་ཐང་གི་ལུག་རྫི། says:
    ལོ་ 14 སྔོན།

    འཚམས་འདྲི་ཞུ།

    Reply
  4. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 14 སྔོན།

    རཱུ་སེལ་བྷི་རན་ཌི་(Russell Brand)ལགས་ཀྱིས་“ད་སྔ་བསམ་བློ་དེ་འདྲ་ཞིག་ཁྱེར་ཏེ་བསྡད་པ་རེད། དོན་དངོས་ཐོག་རྒྱལ་ཁབ་ཅིག་གི་རང་དབང་དང་མི་སྒེར་གཅིག་གི་ལས་དོན་གཉིས་ཀྱི་གང་གལ་ཆེན་པོ་ཡིན་པར་བསམ་བློ་གཏོང་དགོས། ངས་ད་སྔ་འཁྲབ་སྟོན་བྱེད་ཡུལ་གློག་བརྙན་ཁང་དག་གི་མི་སྣ་ཚོ་ཡང་མི་ཞིག་ཡིན་པའི་ཆ་ནས་བསམ་བློ་ཏན་ཏན་འཁོར་ངེས་རེད། གལ་སྲིད་མིའི་བསམ་བློའི་དཔལ་ཡོན་གྱིས་ཕོངས་པའི་སྤྱི་ཚོགས་ཞིག་གྲུབ་ཚེ་འགྲོ་བ་མིའི་སྤྱི་ཚོགས་འདི་གང་འདྲ་ཞིག་ཏུ་འགྱུར་ངེས་རེད་”ཅེས་བསྒྲགས་འདུག་པ་དེས། ཁོང་གི་མི་གཞི་དང་། སེམས་ཁམས་ཀྱི་སྤུས་ཚད་བཅས་མཚོན་ཡོད།
    ཡང་ཁོང་གིས། རང་ཉིད་ཆོས་ལུགས་གང་ལའང་མི་གཏོགས་ཚུལ་དང་། ཆོས་ལུགས་ཁག་ཚང་མར་སློབ་སྦྱོང་བྱེད་ཀྱི་ཡོད་སྐོར་བརྗོད་འདུག་པ་དེས་ང་ཚོ་རང་ཉིད་ཆོས་པ་ཡིན་ཟེར་མཁན་ཚོས་ཆོས་ག་རེ་བྱེད་ཀྱིན་ཡོད་མེད་དང་། ཁོང་དང་ང་ཚོའི་སེམས་ཀྱི་སྤུས་ཚད་དང་། མི་གཞི། དྲང་བདེན་སོགས་ལ་ཧེ་བག་ག་རེ་འདུག་མིན་རང་སོ་སོས་བསམ་བློ་གཏང་དགོས་པ་ཞིག་ཆགས་ཡོད།
    གང་ལྟར་ཁོང་ལྟ་བུའི་མི་བུ་གང་མང་ཞིག་མ་འོངས་པར་བྱུང་ན་འཛམ་གླིང་མང་ཚོགས་ཀྱིས་རེ་བ་བཟང་སར་བརྒྱབ་ཀྱང་རེ་འབྲས་སྨིན་ངེས་རེད།

    Reply
  5. རེབ་ཐོག་མདའ says:
    ལོ་ 14 སྔོན།

    སངས་རྒྱས་མཛད་པ་ལ་ཡང་ཁྱི་རྒན་ཚང་གི་བར་ཆད་གཏོང་ན་འདོད་གི་ཡོད་ཀྱང་། སྙིང་རྗེ་བ་ཞིག་ལ་ད་རྫུན་སྐྱ་ཚང་གི་རྔ་མ་བཏོན་ནེ་ཡོང་གི་འདུག་་་་་་་ངའི་བླ་མ་སྐུ་ཚེ་བརྟན་པར་ཤོག་་་་་་་་་ཕ་ཡུལ་གངས་ཅན་པའི་བསམ་དོན་གང་མགྱོགས་ངང་འགྲུབ་པར་ཤོག

    Reply
  6. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    ཏཱ་ལའི་བླ་མས་རྐྱེན་བྱས་ཏེ་ཀྲུང་གོས་གནས་སྐབས་རིང་དབྱིན་ཇིའི་མགོ་ཁྲིད་ལ་མཇལ་འཕྲད་བྱེད་མཚམས་བཞག་པ།

    སྤེལ་དུས། 2012-06-15   ཡོང་ཁུངས། ཞིན་ཧྭའི་དྲ་བ།   རྩོམ་སྒྲིག་པ།  པད་མས་བསྒྱུར།

    དབྱིན་ཇིའི་ཉིན་རེའི་གློག་འཕྲིན་ཚགས་པར་སྟེང་ཟླ་༦ཚེས་༡༢ཉིན་སྤེལ་བའི་གནས་ཚུལ་ལྟར་ན། དབྱིན་ཇིའི་སྲིད་བློན་ཁ་མེ་ལུང་གིས་ཟླ་༥བའི་ནང་ཏཱ་ལའི་བླ་མར་ཐུག་འཕྲད་བྱས་པར་བརྟེན། ཀྲུང་གོའི་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་ཕན་ཚུན་མཇལ་འཕྲད་གནང་མཚམས་གནས་སྐབས་ཙམ་རིང་མཚམས་བཞག་ཡོད་པ་དང་། ཟླ་༥བའི་ནང་དབྱིན་ཇིའི་སྲིད་གཞུང་གི་འབྲེལ་ཡོད་བློན་ཆེན་གཉིས་ཀྱིས་ཀྲུང་གོར་འཚམས་འདྲི་བྱེད་རིང་སྣེ་ལེན་ཡག་པོ་བྱས་མེད་པ་རེད།
    ཚགས་པར་དེའི་སྟེང་བཀོད་པ་ལྟར་ན། དབྱིན་ཇིའི་ཉོ་ཚོང་དང་མ་དངུལ་གཏོང་འཇོག་ཕྱོགས་ཀྱི་རྒྱལ་སྲིད་བློན་ཆེན་གེ་ལིན་ཤོན་ཅེ་ཞེས་པ་དང་། ཕྱི་འབྲེལ་དང་མཉམ་འབྲེལ་ལས་དོན་ཁང་གི་རྒྱལ་སྲིད་བློན་ཆེན་ཅེ་ལི་མེ་•པུའུ་ལའང་གཉིས་ཟླ་༥བའི་ནང་ཀྲུང་གོར་འཚམས་འདྲིར་ཕེབས་སྐབས། དེ་སྔོན་གཏན་འཁེལ་ཟིན་པའི་ཀྲུང་གོའི་པུའུ་ཀྲང་རིམ་པའི་མཇལ་འཕྲད་ཀྱི་འཆར་གཞི་ལ་འགྱུར་བ་བྱུང་ཞིང་། རྒྱལ་སྲིད་བློན་ཆེན་གེ་ལིན་ཤོན་ཅེ་དང་ཀྲུང་གོའི་རྒྱལ་ཁབ་བསྒྱུར་བཅོས་གོང་སྤེལ་ཨུ་ཡོན་ལྷན་ཁང་ངམ་ཚོང་དོན་པུའུ་ཡི་འབྲེལ་ཡོད་མི་སྣ་དང་མཇལ་འཕྲད་བྱེད་པའི་འཆར་གཞི་དེ་འགྲུབ་མ་ཐུབ་པ་དང་། སྲིད་བློན་གཞན་པ་དེ་ཡང་རིམ་པ་དམའ་བའི་མགོ་ཁྲིད་ཀྱིས་མཇལ་འཕྲད་བྱས་པ་ལས་འཆར་གཞི་ལྟར་མཇལ་འཕྲད་བྱས་མེད་པ་རེད།
    དབྱིན་ཇིའི་ཕྱི་འབྲེལ་པུའུ་ཡི་འབྲེལ་ཡོད་མི་སྣས་བརྗོད་པར། དེའི་སྐོར་ལ་ཀྲུང་གོས་སྐབས་སྐབས་སུ་དབྱིན་ཇིའི་སྲིད་བློན་གྱིས་ཏཱ་ལའི་བླ་མར་ཐུག་འཕྲད་བྱས་པས་ཡིན་ཞེས་བརྗོད་ཀྱི་འདུག་ལ། ཡང་མཚམས་མཚམས་སུ་གནས་སྐབས་རིང་དོན་གཞན་བྱུང་བས་མཇལ་འཕྲད་གནང་མ་ཐུབ་པར་དགོངས་དག་ཞུ་གི་འདུག
    གསར་འགྱུར་དེའི་ནང་ད་དུང་། ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཝུའུ་པང་གོ་ཡིས་ཟླ་༥བར་དབྱིན་ཇིར་འཚམས་འདྲི་བྱེད་པའི་འཆར་གཞི་དེ་ཡང་མཚམས་བཞག་པ་མ་ཟད། དབྱིན་ཇིའི་སྲིད་བློན་ཁ་མེ་ལུང་གིས་ད་ལོའི་ལོ་མཇུག་ཏུ་ཀྲུང་གོར་འཚམས་འདྲི་བྱེད་པའི་འཆར་གཞི་དེའང་འགྲུབ་ཐུབ་མིན་གསལ་བོ་མི་ཤེས་ཞེས་བཀོད་འདུག
    མིང་བརྗོད་འདོད་མེད་པའི་དབྱིན་ཇིའི་ཚོང་བ་ཞིག་གིས་བརྗོད་པ་ལྟར་ན། དབྱིན་ཇིར་ཡོད་པའི་ཚོང་ལས་ཚོགས་པར་ཡང་དེའི་ཤུགས་རྐྱེན་ཐེབས་སྲིད་པ་རེད།
    དབྱིན་ཇིའི་སྲིད་བློན་ཁ་མེ་ལུང་གིས་ཀྲུང་གོའི་ཐེངས་མང་རིང་སྐད་ཆ་བཙན་པོ་བཤད་པར་མ་ཉན་པར། ཟླ་༥ཚེས་༡༤ཉིན་དབྱིན་ཇིའི་སྲིད་བློན་གཞོན་པ་ཁེ་ལི་གེ་དང་མཉམ་དུ་ལོན་ཏོན་ནས་ཏཱ་ལའི་བླ་མར་ཐུག་འཕྲད་བྱས་ཤིང་། ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧུང་ལེ་ཡིས་དེའི་སྐོར་གྱི་གསར་འགོད་པའི་དྲི་བར་ལན་བསྐྱོན་སྐབས། དབྱིན་ཇི་ཡིས་ཀྲུང་གོའི་ཐེངས་དུ་མར་སྐད་ཆ་བཤད་པ་སྣང་མེད་དུ་གཡུག་ནས་ཨུ་ཚུགས་ངང་ཏཱ་ལའི་དང་སྲིད་བློན་ཐུག་འཕྲད་བྱས་པ་དེ་ནི། ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་ཚབས་ཆེན་བྱས་པ་ཡིན་ཞིང་། ཀྲུང་གོའི་མི་དམངས་ཀྱི་སེམས་ལ་གནོད་པ་བཟོས་པ་མ་ཟད། ད་དུང་བོད་རང་བཙན་པར་ནོར་འཁྲུལ་གྱི་རྟགས་མཚན་བསྟན་པས། དོན་དེ་རྩ་བ་ནས་ཀྲུང་གོའི་བློར་འབབ་ཀྱི་མེད་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་ཡིན་ཞེས་དང་། བོད་དོན་ནི་ཀྲུང་གོའི་ནང་སྲིད་ཁོ་ནར་གཏོགས་ཤིང་། ཏཱ་ལའི་ནི་དུས་རྒྱུན་ཆོས་ཀྱི་དར་ཆ་ཕྱར་ནས་ཀྲུང་གོ་ཁ་བྲལ་གཏོང་བའི་ཆབ་སྲིད་བྱ་འགུལ་སྤེལ་མཁན་གྱི་ཡུལ་གྱར་བ་ཞིག་ཡིན་པས། རྒྱལ་ཁབ་གང་རུང་གི་མགོ་ཁྲིད་པས་རྣམ་པ་ཅི་ཞིག་ལ་བརྟེན་ནས་ཏཱ་ལའི་ལ་ཐུག་འཕྲད་བྱས་ཀྱང་དེར་ཀྲུང་གོས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་ཡིན་ཞེས་དང་། ཡང་ཀྲུང་ཕྱོགས་ཀྱིས་རྒྱལ་ཁབ་གང་རུང་དང་མི་སྒེར་གང་རུང་གིས་བོད་དོན་བེད་སྤྱད་ནས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་ཡིན། དབྱིན་ཇི་ཡིས་ཀྲུང་གོའི་ལངས་ཕྱོགས་ལ་བསམ་བློ་ཞིབ་མོ་བཏང་ནས། བོད་རང་བཙན་གྱི་ཀྲུང་གོར་རྒོལ་བའི་སྟོབས་ཤུགས་ལ་ངན་སྐུལ་དང་རྒྱབ་སྐྱོར་བྱེད་མཚམས་བཞག་ནས། མགྱོགས་མྱུར་ངང་བྱེད་ཐབས་ནུས་ལྡན་སྤྱད་དེ་ཤུགས་རྐྱེན་ངན་པ་སེལ་དགོས་པ་དང་། དོན་དངོས་ལ་བརྟེན་ནས་ཀྲུང་དབྱིན་འབྲེལ་བ་གོང་དུ་འཕེལ་བར་སྲུང་སྐྱོབ་བྱེད་དགོས་ཞེས་བསྟན་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese