མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

“སེམས་ཁུར་མ་བྱེད། ངས་མ་ཤི་བར་ཞི་བའི་འཐབ་རྩོད་བྱ་རྒྱུ་ཡིན”

བོད་ཀྱི་དུས་བབ།
༢༠༡༢/༠༦/༡༧
Share on FacebookShare on TwitterShare on EmailShare on Whatsapp


ཕྱི་ཚེས་ ༡
༥ ཉིན་བལ་ཡུལ་གཞུང་གི་ཁྲིམས་ཁང་ཞིག་གིས་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་སུ་ལོ་ ༥ དང་ཟླ་ ༥ ཉིན་ ༢༥ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། སྐབས་དེར་བལ་ཡུལ་སྣེ་ལེན་ཁང་གི་འབྲེལ་མཐུད་པ་ཚེ་བརྟན་ལགས་དང་། བལ་ཡུལ་གནས་བཞུགས་དོན་ལྡན་ལགས། ས་དཀར་བསྟན་འཛིན་ལགས་གསུམ་ལ་ཁོང་གི་ཅ་དངོས་འགའ་དང་། ཐེངས་འདིར་བལ་ཡུལ་ཁྲིམས་ཁང་ཁྲིམས་ཐག་བཅད་པའི་ཡིག་ཆ་བཅས་སྤྲད་དེ། ཁོང་ལ་ཐུགས་འཁྲལ་གནང་མི་དགོས། ཁོ་རང་ཉིད་ཀྱིས་མ་ཤི་བར་དུ་ཞི་བའི་འཐབ་རྩོད་མཐའ་འཁྱོང་གནང་རྒྱུ་ཡིན་སྐོར་སོགས་བརྗོད་ཡོད་འདུག་ལ། ཐེངས་འདིར་བལ་གཞུང་གིས་ཁོང་ལ་ཁྲིམས་ཐག་བཅད་པའི་ཡིག་ཆ་དེ་སྤྱི་ཚོགས་ནང་འགྲེམ་སྤེལ་གནང་དགོས་པའི་རེ་བཅོལ་ཡང་གནང་ཡོད་འདུག 

བོད་སྐྱོད་གོམ་བགྲོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་སུ་བལ་གཞུང་གིས་ཁྲིམས་ཐག་བཅད་པའི་སྔ་ཕྱིའི་གནས་ཚུལ་བལ་ཡུལ་དུ་གནས་བཞུགས་དོན་ལྡན་ལགས་ཀྱིས་མཁོ་སྤྲོད་གནང་བའི་ནང་འདི་ལྟར་བཀོད་འདུག “ ཟླ་འདིའི་ཕྱི་ཚེས་ ༧ ཉིན་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་སུ་བལ་ཡུལ་ལག་འཁྱེར་ཞིབ་བཤེར་ལས་ཁུངས་ཀྱིས། དེ་རིང་ཁྱོད་གཏོང་གི་ཡིན། ཁྱོད་གང་དུ་འགྲོ་རྒྱུ་ཡིན། ཞེས་དྲིས་སྐབས་ཚེ་བརྟན་རྡོ་རྗེ་ལགས་ཀྱིས། ང་བོད་དུ་འགྲོ་རྒྱུ་ཡིན། ཞེས་ལན་སྤྲད་པར་ཞིབ་བཤེར་ལས་ཁུངས་ཀྱིས། ང་ཚོས་ཁྱོད་ཕྱིར་རྒྱ་གར་ལ་གཏོང་གི་ཡིན། བོད་དུ་གཏོང་ཐུབ་པ་མ་རེད་ཅེས་བརྗོད་འདུག དེ་མིན། ཉེས་ཆད་སྐོར་གསལ་བཤད་གང་ཡང་བྱས་མི་འདུག་ཀྱང་། དེའི་རྗེས་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ལས་བྱེད་ཅིག་ས་དཀར་བསྟན་འཛིན་དང་ངེད་གཉིས་ཀྱི་སར་ཡོང་སྟེ་ཚེ་བརྟན་རྡོ་རྗེ་དེ་རིང་གཏོང་རྒྱུ་ཡིན་སྟབས། དངུལ་ཆད་བལ་སྒོར་ ༤༠༠༠ ལྷག་འཁྱེར་ནས་ཁོང་ལེན་དུ་འགྲོ་དགོས་སྐོར་དང་། དུས་ཚོད་འགོར་འགྱངས་བྱས་ན་གཏོང་རྒྱུ་མིན་ཚུལ་སོགས་ཞིབ་བཤེར་ལས་ཁུངས་ཀྱིས་ཁོ་ལ་བཤད་པ་དག་ང་ཚོར་བཤད་སོང་བས། ང་ཚོ་གསུམ་གྱིས་དངུལ་གྲ་སྒྲིག་བྱས་ཀྱང་དུས་ཚོད་ཕྱི་བོ་ཆགས་ཏེ་ཉིན་དེར་འགྲོ་ཐུབ་མ་སོང་། ཕྱི་ཉིན་ས་དཀར་བསྟན་འཛིན་དང་ངེད་གཉིས་ཀྱིས་གསར་འགོད་པ་འགའ་དང་སྣེ་ལེན་ཁང་གི་འབྲེལ་མཐུད་པ་ཚེ་བརྟན་བཅས་ཁྲིད་དེ་ཞིབ་བཤེར་ཁུངས་ལ་སོང་བ་ཡིན། སྔོན་ལ་ང་ཚེ་བརྟན་རྡོ་རྗེ་ཡོད་སར་སོང་ནས་དངུལ་ཆད་སྤྲོད་དགོས་པ་ནི་ཁྲིམས་མཐུན་གྱི་འགྲོ་སྟངས་ཤིག་ཡིན་པས། དངུལ་ཆད་འདི་སྤྲོད་དགོས་སྐོར་བཤད་པ་ཡིན། དེ་དུས་ཁོང་གིས་དངུལ་ཆད་འདི་ལ་བལ་ཡུལ་གཞུང་གི་ཁྲིམས་མཐུན་བདེན་དཔང་ཡིག་ཆ་ཚད་ལྡན་ཡོད་ན་འགྲིག་གི་རེད། དེ་མིན་ལྐོག་དངུལ་གྱི་ཐད་ནས་ལྕཊ་སྒོར་གཅིག་ཀྱང་མི་སྤྲོད་ཁོ་ཐག་ཡིན་ཟེར།

དེ་ནས་ང་ཚོ་ལས་ཁུངས་སུ་སོང་སྟེ་སྣེ་ལེན་ཁང་གི་འབྲེལ་མཐུད་པ་ཚེ་བརྟན་ལགས་ཀྱིས་ང་ཚོས་དངུལ་ཆད་སྤྲད་ནས་མི་འཁྲིད་ཀྱི་ཡིན། ཞེས་བཤད་པར། ལས་བྱེད་ཚོས་ཏོག་ཙམ་སྒུག་དང་ང་ཚོས་ཐག་གཅོད་བྱ་དགོས་ཟེར། གསར་འགོད་པ་དང་ང་ཚོས་ཕལ་ཆེར་ཆུ་ཚོད་ ༢ རིང་སྒུག་མཐར། སྣེ་ལེན་འབྲེལ་མཐུད་པ་ཚེ་བརྟན་སྐད་བཏང་སྟེ་དངུལ་ཆད་ཀྱི་སྟེང་དུ་ང་ཚོར་རྔན་པ་ཞིག་སྤྲོད་དང་གཏོང་གི་ཡིན་ཟེར། དེར་ང་ཚོས་ངོས་ལེན་མ་བྱས་སྟབས། འོ་ན་རྗེས་ཀྱི་གཟའ་ཟླ་བའི་ཉིན་ཤོག་དང་ཐག་གཅོད་བྱ་ཟེར། དེའི་རྗེས་བདུན་ཕྲག་གཅིག་རིང་ཐག་གཅོད་གང་ཡང་བྱས་མ་སོང” ཞེས་བཀོད་འདུག

ཕྱི་ཚེས་ ༡༥ ཉིན་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་ཁོ་རང་གི་ཟིན་བྲིས་ནང་གནས་ཚུལ་ཞིག་བཀོད་པའི་ནང་། “ དེ་རིང་ང་རང་ཐོག་ཁང་གི་ལས་ཁུངས་ཨ་མའི་ནང་སྐད་བཏང་སོང་། ལས་གཙོ་བ་དེས་ང་ལ་ཁྱོད་དེ་རིང་ཀློད་གྲོལ་གཏོང་དགོས་ན། ང་ཚོ་ལ་བལ་སྒོར་སྟོང་ཕྲག་ལྔ་བཅུའི་ཉེས་ཆད་སྤྲོད་དང་ཁྱོད་རང་སོང་ཆོག་ཟེར། ངས་སྐད་ཆ་ཞིག་དྲིས་ན་འགྲིག་གམ་ཞེས་དྲིས་པར། འགྲིག་གི་རེད་ཟེར། ག་རེ་བྱས་ནས་ངས་སྒོར་མོ་དེ་དག་སྤྲོད་དགོས་པ་རེད་ཅེས་དྲིས་དུས། དེ་ནི་ཁྱེད་རང་རྒྱལ་ཁབ་འདིར་ལག་ཁྱེར་གང་ཡང་མེད་པར་འཛུལ་བའི་ཉེས་ཆད་རེད་ཟེར། དེ་ནི་ཁྲིམས་ཐོག་གི་ཐག་གཅོད་རེད་དམ་ཞེས་དྲིས་དུས། ཁྲིམས་ཐོག་གི་ཐག་གཅོད་མ་རེད། ང་ཚོའི་ལས་ཁུངས་ཀྱི་ཐག་གཅོད་རེད་ཟེར། ངས་དུས་དེ་རིང་བར་དུ་ཁྱེད་ཅག་གཞུང་གི་ཁྲིམས་ལ་བརྩི་སྲུང་གིས་སྐད་ཆ་ཚིག་གཅིག་ཀྱང་མ་བཤད་པར་སྒུག་ནས་བསྡད་པ་དེ་ལ་གྲུབ་འབྲས་གང་ཡང་མ་བྱུང་བ་རེད་དམ། ང་ལ་ཁྲིམས་ཐོག་ནས་ཐག་གཅོད་གཙང་མ་མ་བྱས་པ་དང་། ང་རང་གི་ཉེས་པ་འདི་རེད་ཅེས་ཁྲིམས་ཐོག་ནས་གཏན་འབེབས་མ་བྱས་བར་དུ། ཁྱོད་ཚོར་སྒོར་གཅིག་ཀྱང་སྟེར་རྒྱུའི་གྲ་སྒྲིག་ང་ལ་རྩ་བ་ནས་མེད་ཅེས་བཤད་པ་ཡིན། སྐབས་དེར་མི་དེ་ཁོང་ཁྲོ་དང་བཅས་འདི་ནི་ང་ཚོའི་རྒྱལ་ཁབ་རེད། ཁྱེད་ཅག་སྤྲང་འཁྱམས་པ་ཚོའི་གནས་ཚང་མ་རེད་ཅེས་འཇིགས་རྔམ་བསྟན་ཏེ་ང་ལ་སྐད་ཆའི་འཕྲོ་བཤད་དུ་བཅུག་མ་སོང་། དེ་ནས་ང་རང་ཕྱིར་བཀག་བསྐྱིལ་ཁང་དུ་བཅུག་སོང་། ཁོས་བཤད་འཕྲོས་ལ་ཉན་ན་ཁོང་ཚོས་ལས་ཁུངས་ནས་ང་རང་ལ་ཁྲིམས་འདི་ཐག་གཅོད་བྱས་པ་རེད་ཟེར་ནས་བདེན་དབང་ཡི་གེ་གང་ཡང་མེད་པར། བར་ནས་སྒོར་མོའི་ཉེས་ཆད་འཁུར་དུ་བཅུག་ནས་གཏོང་འདོད་པ་དེ་རེད་འདུག” ཅེས་བཀོད་འདུག

ཕྱི་ཚེས་ ༡༥ ཉིན་གྱི་སྔ་དྲོར་ཚེ་བརྟན་རྡོ་རྗེ་ལགས་སུ་འདྲི་རྩད་རྗེས་ཕྱིར་བཀག་བསྐྱིལ་ཁང་དུ་བཅུག་མ་ཐག ཁོས་དོན་ལྡན་ལགས་སུ་ཁ་པར་བཏང་བའི་སྐོར་དོན་ལྡན་གྱིས་ངོ་སྤྲོད་གནང་དོན། “ཚེ་བརྟན་རྡོ་རྗེས་ང་ལ་ཁ་པར་ཡོང་ནས་དེ་རིང་གཅིག་བྱས་ན་ང་ལ་ཁྲིམས་ཐག་གཅོད་ན་ཐང་གི་ཟེར། དེ་ནས་ངས་ས་དཀར་བསྟན་འཛིན་ལ་བཤད་ནས་ངེད་གཉིས་ཁོང་ལ་ལྟ་རུ་སོང་བ་ཡིན། ཁོས་ང་ལ་དེ་རིང་ང་ཁྲིམས་ཐག་བཅད་ནས་བཙོན་ཁང་དུ་འཁྲིད་པ་ཡིན་ན། ཁྱོད་ང་རང་གི་ཅ་ལག་ལེན་དུ་ཡོང་དགོས་པ་རེད་ཟེར” ཅེས་བཀོད་འདུག 

དོན་ལྡན་ལགས་ཀྱིས་མུ་མཐུད་དུ་བཀོད་དོན། ” ཕྱི་ཚེས་ ༡༥ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༣།༡༠ ཡས་མས་སུ་ཁོང་གིས་ང་ལ་ཁ་པར་འབྱོར་ཏེ། ང་ད་ལྟ་བཙོན་ཁང་ལ་ཁྲིད་རན་སོང་བས། ཁྱོད་ངའི་ཅ་ལག་ལེན་དུ་ཡོང་རོགས་ཟེར། དེ་ནས་ང་ཁོང་གི་སར་སླེབས་སྐབས་སྣེ་ལེན་ཁང་གི་འབྲེལ་མཐུད་པ་ཚེ་བརྟན་ལགས་ཕེབས་འདུག དེ་ནས་ཚེ་བརྟན་རྡོ་རྗེ་ཡིས་ཁོང་གི་ཅ་ལག་ཚང་མ་ངའི་ལག་ཏུ་བཞག་སྟེ། “ སེམས་ཁུར་མ་བྱེད། ངས་མ་ཤི་བར་ཞི་བའི་འཐབ་རྩིོད་བྱ་རྒྱུ་ཡིན” སོགས་ཀྱི་སྐོར་ནས་ཁ་བརྡ་མང་པོ་ཞིག་བྱས་སོང་ལ། ད་དུང་ཁྲིམས་ཁང་གིས་ཐག་གཅོད་བྱས་པའི་ཡིག་ཆ་དེ་ཚེ་བརྟན་གྱི་ལག་ཏུ་ཡོད་པས། དེ་བསྐྱར་དཔར་བྱས་ཏེ་མང་ཚོགས་ནང་འགྲེམས་སྤེལ་བྱོས་ཟེར། དེ་ནས་ངས་ཁོང་ལ་ཁོ་རང་གི་ཅ་ལག་དེ་དག་ག་རེ་བྱེད་དགོས་མིན་དྲིས་དུས། ཅ་ལག་དེ་དག་གཞན་སུ་ལའང་སྤྲོད་མི་དགོས། ཁྱོད་ཀྱིས་ཉོར་སྡོད་དང་ཉིན་ཞིག་ངས་ཁྱོད་ལ་ལན་ཞིག་སྤྲད་ཡོང་ཟེར”ཅེས་སོགས་བཀོད་འདུག

མཇུག་ཏུ་དོན་ལྡན་ལགས་ཀྱིས་གསལ་བཤད་ཅིག་གནང་ཡོད་པའི་ནང “གསར་འགྱུར་ནང་ཚེ་བརྟན་རྡོ་རྗེ་ཡི་ཅ་ལག་བལ་ཡུལ་ཉེན་རྟོག་པས་འཁྱེར་སོང་ཟེར་བ་དེ་བདེན་པ་མ་རེད” ཅེས་དང་། “ཁ་སང་བར་གྱི་ཉིན་ ༢༥ རིང་ཨ་ཚེ་དང་ས་དཀར་བསྟན་འཛིན། ངེད་གསུམ་ནས་རེས་མོས་ཀྱིས་ཁོང་ལ་ཟ་མ་བསྐྱལ་བ་དང་། དགོས་མཁོ་གང་ཡོད་རོགས་རམ་བྱས་པ་ཡིན། འདི་གཞན་ལ་བསྒྲགས་དགོས་པ་ཞིག་མིན་ཡང་། འགའ་ཤས་ཀྱིས་ཁ་ནས་སྙན་སྙན་འགྲིག་འགྲིག་རེ་བཤད་དེ། དོན་ལ་སོ་སོའི་བདེ་འཇགས་ཁོ་ན་ལས་མི་བསམ་པས། འདིའི་རིགས་ལ་གསལ་བཤད་ཅིག་ཞུ་འདོད་བྱུང” ཞེས་བཀོད་འདུག

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 10

  1. བསྟན འཛིན་ཆོས་རྒྱལ says:
    ལོ་ 14 སྔོན།

    དུས་བབ་ལ་ཅིག་ན་གི་ཡོད་པ་འདྲ། བཀའ་ཁྲི་ཨོ་གླིང་ལ་ཕེབ་དུས་སོགས་་་་་་་་་་་

    Reply
  2. མཐུ་སྟོབས says:
    ལོ་ 14 སྔོན།

    གལ་ཏེ་ཁོང་རྒྱའི་བཙོན་ཁང་དུ་བཅུག་ཡོད་ན་བཙན་བྱོལ་དུ་གྱར་བའི་བོད་མི་ཚོས་ཁོང་གློད་འགྲོལ་ཡོང་བའི་བྱ་ཐབས་བྲལ་བ་ལྟ་བུ་རེད། འོན་ཀྱང་། ད་ལྟའི་ཆར་ཁོང་བལ་ཡུལ་ནང་བཙོན་འཇུག་བྱེད་ཡོད་སྟབས། བལ་སྒོར་ཁྲི་ལྡ་སྤྲད་དེ་ཁོང་ངེས་པར་དུ་གློད་འགྲོལ་དགོས་པའི་འབད་བརྩོན་གནང་དགོས། གང་ལ་ཞེ་ན། བོད་སྤྱི་བའི་དོན་ལ་ཁོང་གིས་རྒྱ་གར་ནས་བལ་ཡུལ་བར་དུ་གོམ་བགྲོད་གནང་ཡོད་པ་མ་ཟད། ཁོང་ཉིད་ཀྱང་ང་ཚོ་ནང་བཞིན་ནང་མི་ཡོད་མཁན་གྱི་མི་ཞིག་རེད། བརྩེ་སེམས་ཆེ་བའི་ཁོང་གི་ཨ་མ་ལགས་ཅི་འདྲའི་སེམས་ཁྲལ་གནང་གིན་ཡོད་ཤག་རེད། དེས་ན། བོད་མི་ཚང་མས་ཁོང་གློ་འགྲོལ་ཡོད་བའི་ལས་འགུལ་སྤེལ་རོགས་གནང༌།

    Reply
  3. ཡུལ་གྱར་བ། says:
    ལོ་ 14 སྔོན།

    གླིང་ཚ་དཔའ་བོའི་ཆོད་སེམས་ལ་བསྔགས་བརྗོད་དང་སྦྲག་ཁོང་ལ་མཐུན་རྐྱེན་སྦྱོར་མཁན་གྱི་སྤུན་ཟླ་ཡོངས་ལ་དགའ་གུས་ཡོད། ཁྱེད་ཀྱི་རྩ་ཆེ་བའི་དུས་ཚོད་དེ་བལ་པོའི་བཙོན་ཁང་དུ་སྐྱེལ་ན་སྤྱི་དོན་དང་སྒེར་དོན་གང་ཡང་མེད་ཅེས་ཕལ་ཆེར་བཤད་ཐུབ་པ་ལྟ་བུ་རེད། དེ་ལས་ཐབས་ལམ་མི་འདྲ་བ་བརྒྱུད་དེ་ཕྱིར་ཐོན་ཐུབ་ན་སྤྱི་སྒེར་གང་ལའང་ཕན་པའི་ལས་དོན་སྣ་མང་རྩོམ་ཐུབ་ངེས་རེད། ཁྱེད་ཀྱི་རྩ་ཆེ་བའི་ཚེ་སྲོག་གི་རིན་ཐང་དེ་གངས་ཅན་པའི་དོན་དུ་འབུལ་རྒྱུར་ཆོད་སེམས་འགྱུར་བ་མེད་པ་དེ་ཤེས་ལྡན་བོད་རིགས་ཡོངས་ཀྱིས་ཤེས་བཞིན་ཡོད་རེད། ཁྱེད་ཀྱིས་བལ་པོའི་བཙོན་དུ་ཨུ་ཚུག་རྒྱག་པ་དང་གྷན་རྡིས་ཁྲོམས་གཞུང་དུ་ཨུ་ཚུག་རྒྱག་པ་གཉིས་ཀྱི་ཁོར་ཡུག་སོགས་གཏན་ནས་མི་འདྲ་ལ་དེ་ལ་དཔག་པའི་གྲུབ་འབྲས་ཀྱང་གཏན་ནས་བསྡུར་ཐབས་མེད་ལ་ཐམས་ཅད་ཨུ་ཚུག་གིས་འགྲུབ་པའང་མིན་པས་སྤྱང་གྲུང་དོད་པོ་ཟེར་བའང་སྐབས་འདི་དག་ལ་དགོས་འཁོ་ཆེན་པོ་ཡོད་སྙམ།

    Reply
  4. མི་རྒོད། says:
    ལོ་ 14 སྔོན།

    གླིང་གི་དཔའ་རྒོད་འདི་བོད་དོན་ཆེད་བློས་གཏོང་གནང་བ་གདུང་སེམས་མཉམ་སྐྱེད་ཡོད། ད་རེ་ཁོང་གིས་རྒྱ་དམར་མཐའ་མཚམས་ས་ཚིགས་འདྲེ་དམག་རྣམས་ངང་དགོས་པ་ཞིག་དང་། བརྡར་དགོས་པ་བཟོས་འདུག་པས་ཧ་ཅང་དགའ་འོས་པ་ཞིག་རེད། རྒྱ་འདྲེའི་གསོ་པ་རྣམས་ད་དུང་ངང་འགུགས་བྱས་ནས་བསྡད་ཡོད་པ་གསལ་པོ་རེད། འདྲ་འབུ་ཚོས་ཁོང་དང་། བལ་ཡུལ་གནས་སྟངས་སྐོར་ལ་གང་རྒྱས་འགྲེལ་བརྗོད་གནང་ཐུབ་པའི་རེ་བ་ཡོད།
    བོད་བདེན་པ་ཉིད་རྒྱལ་གྱུར་ཅིག།
    གླིང་རྒོད་མྱུར་དུ་རྒྱལ་གྱུར་ཅིག།།

    Reply
  5. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    Lobe Socktsang ༼བལ་ལོ་ ༢༠༤༩ ལོར་གཏན་འབེབས་བྱས་པ་ཕྱི་མི་ཞིབ་གཤེར་ཁང་གི་བཅའ་ཁྲིམས་དོན་ཚན་ ༣ པའི་ནང་གསེས་ ༡ པོའི་ནང་ཕྱི་མི་སུས་ཀྱང་ཕྱི་སྐྱོད་ལག་ཁྱེར་དང་ཐོངས་མཆན་མེད་པར་བལ་ཡུལ་ནང་འཛུལ་ཞུགས་དང་བསྡད་མི་ཆོག་ཞེས་གསལ་ཡོད་ཀྱང་། ཁྱེད་རང་དེ་དང་འགལ་ཡོད་པས་བལ་ལོ་༢༠༤༩ ལོར་གཏན་འབེབས་བྱས་པ་ཕྱི་མི་ཞིབ་གཤེར་ཁང་གི་བཅའ་ཁྲིམས་དོན་ཚན་ ༡༠ པའི་ནང་གསེས་ ༤ གཞིར་བཞག་ཐོག་བལ་སྒོར་ ༥༠༠༠༠ ཉེས་ཆད་བཅད་པ་ཡིན། འོན་ཀྱང་ཁྱེད་རང་གིས་དེ་ངོས་ལེན་མ་བྱས་པར་བརྟེན་བལ་ལོ་ ༢༠༦༩ ཟླ་ ༣ ཚེས་ ༡ ཉིན་རྒྱལ་ཁབ་ཀྱི་ཉེས་ཁྲིམས་ཨང་ ༣༨ པའི་ནང་གསེས་ ༢ པ་ལྟར་ན་བལ་སྒོར་ ༥༠༠༠༠ ཉེས་ཆད་ལས་ཉིན་རེར་བལ་སྒོར་ ༢༥ རེ་འཐེན་པས་མང་མཐའ་ལོ་ ༥ ཟླ་ ༥ ཉིན་ ༢༥ ཆགས་ཡོད་ལ། བལ་ལོ་ ༢༠༦༩ ཟླ་ ༢ ཚེས་ ༨ ནས་བལ་ལོ་ ༢༠༧༤ ཟླ་ ༧ ཚེས་ ༢༥ བར་བཙོན་ཁང་དུ་འདུག་དགོས་མོད། འོན་ཀྱང་རྒྱལ་ཁབ་གྱི་ཉེས་ཁྲིམས་ཨང་ ༣༨ པའི་དོན་ཚན་ ༣ པ་གཞིར་བཟུང་སྒོར་ཆད་མ་སྤྲད་པར་བརྟེན་མང་མཐར་ལོ་ ༢ བཙོན་ཁང་དུ་འདུག་དགོས་པའི་ཐག་གཅོད་བྱས་ཡོད།༽ཁྲིམས་གཅོད་བཅད་ཁྲ་ཚངས་དབྱངས་རྒྱ་མཚོས་བསྒྱུར་ཏེ་ཁ་བརྡའི་སྟེང་བཀོད་པ་འདི་རེད་འདུག
    ད་ལྟ་རང་ངའི་ངོ་དེབ་ལས་བཤུས།

    Reply
  6. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ཚེ་བརྟན་རྡོ་རྗེ་ལགསནས། “སེམས་ཁུར་མ་བྱེད། ངས་མ་ཤི་བར་དུ་ཞི་བའི་འཐབ་རྩོད་བྱ་རྒྱུ་ཡིན”ཟེར་ནས་བཤད་འདུག ཁོང་གི་སེམས་ཤུགས་འདི་གསོན་གནས་ཐུབ་པ་དང་ཁོང་ལ་བར་ཆད་མི་འབྱུང་ཆེད་དུ། ང་ཚོས་ཁོ་རང་གིས་ལོ་གཉིས་ལ་བཙོན་ཁང་དུ་སློབ་སྦྱོང་ཡག་པོ་ཞིག་གནང་ཐུབ་པའི་མཐུན་རྐྱེན་སྐྲུན་ཐུབ་ན་བཟང་གི བཟའ་བཏུང་བཤད་མ་དགོས་པ་རེད། དེའི་འགན་ལེན་གཙོ་བོ་བལ་ཡུལ་ས་གནས་རང་ནས་གནང་ལོས་ཐུབ། ཁོང་རང་ལ་འཆར་གཞི་དང་རེ་འདུན་ག་རེ་ཡོད་ན། དེ་བཞིན་རོགས་རམ་གནང་དགོས།

    Reply
  7. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    གསར་འགོད་པ་ལགས། ལོ་ལྔའི་ཁྲིམས་ཐག་མ་རེད་ལོ་གཉིས་རེད་ཟེར། ཁྲིམས་ཁང་གི་བཅད་ཁྲ་དེའི་ནང་ཅི་ཞིག་བྲིས་ཡོད་མེད་ལ་ཡང་བལྟས་མེད་པ་འདྲ། ཁོང་ལ་བལ་ཡུལ་དུ་ཆོག་མཆན་མེད་པར་འཛུལ་བའི་ཉེས་མིང་ཐོག་ནས་ལོ་གཉིས་ཀྱི་ཁྲིམས་ཐག་བཅད་ཡོད་པ་འདྲ། བཅད་ཁྲའི་ནང་དོན་ཤེས་མཁན་འདྲ་ཡོད་ན་གསལ་བཤད་ཅིག་གནང་རོགས།

    Reply
  8. ནད་པ says:
    ལོ་ 14 སྔོན།

    གླིང་ཚར་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་པར་གདུང་སེམས་མཉམ་སྐྱེད་ཡོད། མ་གཞི་བོད་ཀྱི་རྩ་དོན་དང་བདེ་དོན་ཆེད་ལྷག་བསམ་རྣམ་དག་བྱེད་མཁན་དག་ཕམ་ཉེས་སུ་འགྲོ་བཞིན་པིའ་གནས་སྟངས་འདི་བོད་ཀྱི་ཆག་སྒོ་ཆེན་པོ་ཞིག་ཡིན་པ་འདྲ།

    རྫབ་དོང་ནང་ཐེངས་གཅིག་ལྷུང་ན་་་་་ཤེས་རབ་ཐེངས་གཅིག་སྐྱེ་་་་་མའོ་ཡིས་བཤད་མྱོང་ཡང་ང་ཚོའི་བོད་རིགས་ཚོ་ལོ་ ངོ་ ༦༠ ཙམ་རྫབ་དོང་ནང་ལྷུང་ཟིན་ཡང་ད་ཡུང་ཤེས་རབ་ཐེངས་གཅིག་ཀྱང་སྐྱེ་ཐུབ་ཀྱིན་མེད་པའི་འཚོར་སྣང་བྱུང་།

    Reply
  9. རྨོག་རུ་བསྟན་པ། says:
    ལོ་ 14 སྔོན།

    ས་དཀར་བསྟན་འཛིན་དང་། དོན་ཡོད། སྣེ་ལེན་ཁང་གི་འབྲེལ་མཐུད་པ་ཚེ་བརྟན། ཨ་ཚེ། གཞན་ཡང་བལ་ཡུལ་མདོ་སྨད་རྒྱུན་ལས་ཁང་གི་གཙོ་བོས་ཚོགས་སྡེ་ཁག་ཅིག་སོགས་ཀྱིས་གླིང་ཚ་ཚེ་བརྟན་རྡོ་རྗེ་བལ་ཡུལ་ནང་གོམ་བགྲོད་བྱས་པ་ནས་བཟུང་དངོས་ཤུགས་བརྒྱུད་གསུམ་ནས་སེམས་འཁུར་གནང་མཁན་དང་། རྒྱབ་སྐྱོར་གནང་མཁན་མང་དག་ཅིག་བྱུང་འདུག་པ་དེ་ཚོ་ཚང་མར་བསྔགས་བརྗོད་དང་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན།
    གླིང་ཚ་ཚེ་རྡོར་ལགས་ཀྱིས་གང་ཟག་སྒེར་པ་ཞིག་དང་། མི་སྒེར་གྱི་དོན་དག་ཙམ་མིན་པར་བོད་སྤྱིའི་དཀའ་སྡུག་བསམ་ཤེས་ཀྱིས་ཡོད་ཚད་བློས་བཏང་སྟེ་ཞི་བའི་འབོད་ཚིག་ལྔའི་དགོངས་དོན་ལག་བསྟར་ཡོང་ཕྱིར་གོམ་བགྲོད་བྱས་པ་ཞིག་ཡིན་པས། བོད་མི་སུ་ཞིག་གིས་འདི་ལྟར་སྤྱི་དོན་གྱི་བྱ་བ་རེ་བསྒྲུབ་སྐབས་བསམ་བློའི་གཞོགས་འདེགས་ཙམ་ལས་མ་ཐུབ་ཀྱང་རྡོག་ལ་བསྒྲིལ་དགོས་པ་ནི་ཧ་ཅང་གི་གལ་ཆེན་པོར་མཐོང་བཞིན་ཡོད།
    བོད་རྒྱལ་ལོ། ཆིག་བསྒྲིལ་རྒྱལ་ལོ། བདེན་པ་ཉིད་རྣམ་པར་རྒྱལ་ལོ།

    Reply
  10. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 14 སྔོན།

    དཔའ་བོ་གླིང་ཚ་འདི་ལྟར་མི་རིགས་ཤིག་གི་བདེན་དོན་གྱི་ཆེད་དུ། སྲིད་གཞུང་རྫུན་མ་ཞིག་གིས་བཙོན་དུ་ཁྲིད་སོང་ན་ཡང་། གནས་ལུགས་ཟེར་བ་དེའི་ངོ་བོ་ནི་ནམ་ཡང་འགྱུར་མེད་ཀྱི་ཅ་ལག་དག་མ་ཞིག་ཡིན་པས། ནམ་ཞིག་གི་ཚེ་ན་ཁོང་རྒྱལ་ངེས། དེ་ནི་ངས་ཕོ་ཚོད་ཀྱིས་བཤད་པ་ཞིག་མིན་པར། དོན་དངོས་ཀྱི་གནས་ལུགས་གོང་འོག་བསྒྲིགས་པས་ཐོབ་པའི་གྲུབ་དོན་ཞིག་ཡིན།། འོན་ཀྱང་། ལྷ་ཐོད་དཀར་གྱི་རྩ་ན་འདྲེ་སྣ་ནག་ཅེས་པའི་དཔེ་ལྟར། དེ་ན་ཡང་ཁ་བདེ་བོ་དང་ཁོག་རུལ་བ་ཅན་ཡོད་སྐོར་གོ་རྒྱུ་ཐོས་རྒྱུ་མི་ཉུང་བ་ཞིག་འདུག དེ་དག་ནི་ནམ་ཡང་ཀུ་ཡངས་གཏོང་མི་ཉན། གཞན་ཁོང་ལ་རོགས་སྐྱོར་གང་ཡོང་ཅི་ཡང་བྱེད་མཁན་ཚོ་ནི་རང་མི་རིགས་ཀྱི་ལས་དོན་ལ་ཐུགས་ཁུར་ཡོད་མཁན་རྐྱང་ཡིན་པས། སྙིང་ཁུང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་གང་ཡང་མེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese