མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བཀའ་ཁྲི་ཕྱོགས་སྐྱོད།

བོད་ཀྱི་དུས་བབ།
༢༠༡༢/༠༦/༡༨
Share on FacebookShare on TwitterShare on EmailShare on Whatsapp

དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས། རྒྱལ་ས་ལྡི་ལི་དང་ཨོ་སི་ཊོ་ལི་ཡར་གཞུང་འབྲེལ་གཟིགས་སྐོར་གནང་མགོ་བཙུགས་འདུག

ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་ནས་དུས་ཡུན་ཟླ་ཕྱེད་ཙམ་གྱི་རིང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས། རྒྱ་གར་རྒྱལ་ས་ལྡི་ལི་དང་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་ཆེ་ཁག་ཏུ་གཞུང་འབྲེལ་གཟིགས་སྐོར་གནང་རྒྱུ་ཡིན་པ་ལྟར། སང་ཉིན་ཕྱི་ཚེས་ ༡༩ ཉིན་བཀའ་ཁྲི་མཆོག་བཞུགས་སྒར་ནས་ཕེབས་ཐོན་གྱིས་ལྡི་ལིར་འབྱོར་རྒྱུ་ཡིན་འདུག་ལ། རྒྱལ་ས་ལྡི་ལིར་དུས་ཡུན་ཉིན་ ༤ རིང་རྒྱ་གར་གནད་ཡོད་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་རྒྱུ་ཡིན་འདུག

དེ་བཞིན་ཕྱི་ཟླ་ ༦ ཚེས་ ༢༣ ཉིན་ནས་ཕྱི་ཟླ་ ༧ ཚེས་ ༢ ཉིན་བར། བཀའ་ཁྲི་མཆོག་གིས་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་མེལ་བྷོན་དང་ཀེན་བྷ་ར། བྷི་རི་སི་བྷེན་བཅས་སུ་གཞུང་འབྲེལ་གཟིགས་སྐོར་གནང་རྒྱུ་ཡིན་འདུག་ལ། ཐེངས་འདིའི་གཟིགས་སྐོར་སྐབས་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་། བོད་དོན་ཉམས་ཞིབ་པ་དང་ཕྱི་རྒྱལ་རོཊ་ཚོགས། གསར་འགོད་པ་བཅས་ལ་ཐུག་འཕྲད་གནང་རྒྱུ་དང་། ཕྱི་ཟླ་ ༧ ཚེས་ ༡ ཉིན་བཀའ་ཁྲི་མཆོག་གིས་བྷི་རི་སི་བྷེན་ས་གནས་བོད་རིགས་མང་ཚོགས་ལ། བཀའ་ཤག་གི་སྲིད་བྱུས་ལངས་ཕྱོགས་དང་ད་ལྟའི་བོད་ནང་གི་གནས་སྟངས་སྐོར་ངོ་སྤྲོད་གནང་རྒྱུ་ཡིན་འདུག

འདི་ནི་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ཐུགས་འགན་བཞེས་རྗེས། ཨོ་སི་ཊོ་ལ་ཡར་གཞུང་འབྲེལ་ཕྱོགས་སྐྱོད་གནང་བ་ཐོག་མ་ཆགས་ཡོད།

གསར་འགོད་པ། དཔལ་ལྡན།

མཆན། 10

  1. འདབ་པ་ཚེ་དབང་མགོན་པོ། says:
    ལོ་ 11 སྔོན།

    ནད་པ་ལགས་འདི་ན་ན་ཞིག
    བློ་སེང་ཕྱི་རྒྱལ་བསྐྱོད་དུས་སུ།།
    ཕྱི་བསྐྱོད་ཆོག་མཆན་མ་རག་རྣམས།།
    སྙིང་ལ་ཟ་འཕྲུག་ལངས་དྲག་པས།།
    ཁྲེལ་མེད་སྐད་ཆ་ཆུ་བཞིན་བཞུར།།

    Reply
  2. འདབ་པ་ཚེ་དབང་མགོན་པོ། says:
    ལོ་ 11 སྔོན།

    ཡར་ཀླུང་ལྷ་རྗེས་འདི་ན་ལྟོས།

    གླེན་དང་རྨོངས་པ་གཉིས་ཡིན་སྐབས།།
    དུད་འགྲོ་ལུས་དང་ཁྱད་ཅི་ཡོད།།
    བཟང་ངན་དོན་ལ་ལྐུགས་དྲགས་ན།།
    མི་ཡི་གྲལ་དུ་ཅི་ལ་ཚུད།

    ལྕེ་ཡི་དབང་པོ་ཉམས་དྲགས་ན།།
    སྐྱུག་དང་སྦྲང་རྩི་རོ་ཅི་འབྱེད།།
    ལོ་ན་བགྲེས་པར་ཆེ་དྲགས་ན།།
    ཆོས་དང་འཇིག་རྟེན་ཅི་ནས་བསྒྲུབ།།

    ཤེས་ཡོན་རྣམ་དཔྱད་དབེན་དྲགས་ན།།
    སྒོ་ཕྱུགས་ཟོག་དང་ཁྱད་ཅི་ཡོད།།
    དོན་མེད་བབ་ཅོལ་མང་དྲགས་ན།།
    ཁྱི་འཁྱམ་ཟུག་དང་ཅི་མི་མཚུངས།།

    ཀོ་ལོང་བུད་ཤིང་བསྲེགས་དྲགས་ན།།
    ཁང་བཟང་ཞལ་ངོར་དྲེག་པ་ཙམ།།
    ཕྲག་དོག་རི་བོ་རྡོལ་དྲགས་ན།།
    བདེན་པའི་རྒྱ་ལམ་བཅད་པ་ལ།།

    མ་རིག་ཉོན་མོངས་འཕེལ་དྲགས་ན།།
    སྡུག་པའི་འཁོར་བ་ཅི་མི་འཁོར།།
    བརླ་རླིག་ཟ་འཕྲུག་ཆེ་དྲགས་ན།།
    སྲིང་མའི་འགྲམ་དུ་ཁྲེལ་ཡོད་དཀོན།།

    བོད་མི་ལྡོག་རྩ་སྒྲིལ་དྲགས་ན།།
    རྒྱ་ནག་སོ་པ་སྐྲག་སྔངས་རྒྱུ།།
    བློ་བཟང་སེ་གེས་འཇོན་དྲགས་པས།།
    མི་འཇོག་ཕྱོགས་གཏོགས་མ་ལྕེབས་ཙམ།།

    སྲིད་སྐྱོང་ཁྲི་པ་བསྐྱོད་དྲགས་ན།།
    ཕྱི་འབྲེལ་དབེན་པོ་སྙིང་རླུང་འབར།།
    བོད་དོན་ལས་ལ་གྲུབ་བཟང་ན།།
    ནུས་མེད་སྐྱེ་བོ་རྔོ་ནད་འབྱུང་།།

    སྲིད་སྐྱོང་གཟི་བརྗིད་ཆེ་བ་འདིས།།
    མདོག་ངན་མི་ཡི་ཕྲག་དོག་རྒྱུ།།
    བཀའ་ཁྲིའི་སྨྲ་སྒོ་ལེགས་དྲགས་ཏེ།།
    འཆལ་གཏམ་བྱེད་པོའི་འཛེར་སྐད་ཅིག།

    ཕྱི་མིས་བརྩི་ཐང་ལེགས་པ་དེས།
    རླུང་རྟ་ཉམས་པོའི་ཞེ་སྔང་སྤེལ།།
    གནད་ཡོད་མི་སྣ་མཇལ་འཕྲད་རེས།།
    དེ་སྔོན་མཁྲེགས་འཛིན་ཀླད་ནད་སྦྱར།།

    སྲིད་ཚབ་གོ་རྟོགས་ཆེ་བ་དེས།།
    ཁྲོན་གནས་སྦལ་པ་ངལ་བ་ཙམ།།
    ཆབ་སྲིད་ཁྲིམས་ལུགས་མཁྱེན་རྒྱ་ཡིས།།
    བྱིས་སྒྲུང་སྨྲ་པོར་ངོ་ཚ་སྟེར།།

    མཁའ་ལྡིང་གཤོག་རྩལ་ངོམ་དུས་སུ།།
    ཞ་འཐེང་མགྲོན་པོ་ངལ་བཞིན་འདུར།།
    སྤྱི་ཚོགས་མཐོང་རྒྱ་ལྡན་དུས་སུ།།
    ལུང་ཁུག་མི་རྣམས་ཁ་གདངས་བལྟས།།

    ཤེས་འཇོན་ལྡན་པོ་སྒྲུག་པ་དེར།།
    ལས་མེད་མི་ཡི་སྲོག་རླུང་འཕར།།
    འཚམས་འདྲི་གཟིགས་སྐོར་ཕེབས་དུས་སུ།།
    མི་འཁྱམ་འགའ་ཞིག་སྨྱོ་མཚམས་ཁད།།

    Reply
  3. ཐོས་བསམ་ says:
    ལོ་ 11 སྔོན།

    ཞིབ་ཕྲའི་བཀའ་ཁྲི་གི་མཛད་འཆར་ཁག་དྲ་རྒྱ་འདིར་གཟིགས་ན་མཁྱེན་ངེས་ཡིན།atc.org.au

    Reply
  4. ཐོས་བསམ་ says:
    ལོ་ 11 སྔོན།

    ད་དུང་བཀའ་ཁྲི་མཆོག་ཨའོ་སི་ཁྲོ་ལི་ཡའི་ཁྲོང་འཁྱེར་ཆེ་ཆོས་དང་བོད་མི་མང་ཤོས་གནས་སྡོད་བྱ་ཡུལ་གྲོང་འཁྱེར་སྲི་ཎི་ཁུལ་དུ་འཕེབས་རྒྱུ་ཡིན་ལ་དེར་ས་གནས་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་ཚོར་མཇལ་འཕྲད་དང་བཀའ་སློབ་གནང་རྒྱུ་ཡིན་འདུག།

    Reply
  5. རིག་འཛིན། says:
    ལོ་ 11 སྔོན།

    དཔལ་ལྡན་བཀའ་ཁྲི་མཆོག་གི་མཛད་འཕྲིན་ལེགས་གྲུབ་ཡོང་བའི་སྨོན་འདུན་ཞུ།

    Reply
  6. སྐར་ཁྲི་བཙན། says:
    ལོ་ 11 སྔོན།

    བཀའ་ཁྲི་མཆོག་གི་མཛད་འཕྲིན་ལེགས་པར་འགྲུབ་པའི་སྨོན་འདུན།

    Reply
  7. ཡར་ཀླུང་ལྷ་རྗེ། says:
    ལོ་ 11 སྔོན།

    མི་ཉག་བཙན་པོ་དང་། འདབ་པ་ཚེ་དབང་ལགས་སུ། འདི་ན་གཟིགས།
    བསྟོད་རས་མཇིང་ཚིགས་འཆུས་ངེས་རེད།
    སྨད་རས་བྱད་མདོག་འགྱུར་ངེས་རེད།
    ཕྱོགས་དང་ཞེན་པ་ཆེ་དྲགས་ན།
    སྣ་ཆགས་ཁ་རལ་མང་མང་བྱུང།
    ཆིག་བསྒྲིལ་གསར་གཏོད་རང་མགོ་དང།
    རླབས་ཆེན་འབྲུག་སྒྲ་དེ་གསུམ་པོ།
    ལས་རྒྱུའི་ཁས་ལེན་དམ་བཅའ་དེས།
    ད་དུང་ལོ་བཞི་བྱེད་གནང་རྒྱུ་ཡོད།

    Reply
  8. མི་ཉག་བཙན་པོ says:
    ལོ་ 11 སྔོན།

    བློ་་སེང་ལགས་ཁྱོད་ནི་དོན་དངོས་ཀྱི་སེང་གེ་རེད།་།
    བློ་སེང་ལགས་ཁྱོད་ནི་གངས་རེའི་བདག་པོ་རེད།་།
    བློ་སེང་ལགས་གངས་ལྗོང་ནི་ཁྱོད་ཀྱི་ཕ་ས་རེད།་།
    བློ་སེང་ལགས་ཁྱོད་ནི་ང་ཚོའི་དབུ་ཁྲིད་རེད།།

    བློ་སེང་ལགས་ཁྱོད་ནི་བཙན་པོའི་གདུང་རྒྱུད་རེད།།
    བློ་སེང་ལགས་ཁྱོད་ནི་ལོ་རྒྱུས་ཀྱི་བདག་པོ་རེད།།
    བློ་སེང་ལགས་རང་དབང་ནི་ཁྱོད་ཀྱི་རྩ་དོན་རེད།།
    བློ་སེང་ལགས་ཁྱོད་ནི་ང་ཚོའི་དབུ་ཁྲིད་རེད།།

    བློ་སེང་ལགས་ཁྱོད་ནི་དེང་རབས་ཀྱི་གངས་ཕྲུག་རེད།།
    བློ་སེང་གེ་ལགས་འཛམ་གླིང་ནི་ཁྱོད་ཀྱི་གར་སྟེགས་རེད།།
    བློ་སེང་ལགས་ཆབ་སྲིད་ནི་ཁྱོད་ཀྱི་ཁྲབ་གཞུང་རེད།།
    བློ་སེང་ལགས་ཁྱོད་ནི་ང་ཚོའི་དབུ་ཁྲིད་རེད།།

    བློ་སེང་ལགས་འཛམ་གླིང་ནི་ཁྱོད་ཀྱི་གཡུལ་ས་རེད།།
    བློ་སེང་ལགས་ཤེས་ཡོན་ནི་ཁྱོད་ཀྱི་ལག་ཆ་རེད།།
    བློ་སེང་ལགས་དར་ཆ་ནི་ཁྱོད་ཀྱི་བླ་སྲོག་རེད་།།
    བློ་སེང་ལགས་ཁྱོད་ནི་ང་ཚོའི་དབུ་ཁྲིད་རེད།།

    ཡུལ་གྲུ་ཀུན་ཏུ་ཡང་ཡང་བསྐྱོད།།
    དཔོན་རིགས་ཕན་ཚུན་བཀའ་མོལ་གནང༌།།
    མི་དབང་ཕན་ཚུན་ལག་སྦྲེལ་གནང༌། །
    མི་དམངས་རྣམས་ལ་གོ་རྟོགས་སྤེལ༎
    དུས་ཡུན་སྦྲང་བྱ་གཅིག་ཙམ་ནང༌༎
    ཁྱོད་ཀྱི་ཕྱག་ལས་རླབས་ཆེན་གནང༌།།
    ཁྱོད་ལ་ཡི་རང་བསྔགས་བརྗོད་ཡོད།།
    མི་དབང་ལྷན་དུ་དཔུང་པ་མཉམ་གཤིས་དང་།།
    མི་དབང་རྣམས་དང་བགྲོ་གླེང་གནང་བ་དང་།།
    བསྔགས་བརྗོད་འོས་པའི་གནས་མིན་ནམ་ཅི༎
    ཕོ་རབ་ཁྱོད་ཀྱི་བྱད་གཟུགས་་རབ་ཏུ་མཚར༎
    ཕོ་རབ་ཁྱོད་ཀྱི་ཤེས་ཡོན་རྣམ་པར་བཀྲ་༎
    ཕོ་རབ་ཁྱོད་ནི་ང་ཚོའི་དབུ་ཁྲད་རེད༎
    བོད་མི་རྣམས་ཀྱིས་ཁྱོད་ལ་བལྟས༎
    བོད་མི་རྣམས་ཀྱིས་ཁྱོད་ལ་གཉན།།
    བོད་མིའི་རེ་བ་ཁྱོད་ལ་བཅོལ༎
    ཁྱོད་ནི་དབུ་མིའི་དབུ་ཁྲིད་རེད༎
    མཛད་འཕྲིན་རྒྱས་པའི་སྨོན་འདུན་ཞུ།

    Reply
  9. ནད་པ says:
    ལོ་ 11 སྔོན།

    བསྟོད་རས་དགའ་རབ་མ་བྱོས་ཤིག །
    སྨད་རས་མི་དགའ་མ་བྱོས་ཤིག །
    གང་བྱས་ལས་རྗེས་གང་བྱུང་དག །
    རིམ་པ་བཞིན་དུ་ཤེས་པར་འགྱུར། །

    གཉེན་ཉེས་ངོ་བསྟོད་བྱས་དྲགས་ན། །
    སྐྱག་པས་རང་གི་རྐུབ་ཀྱག་འདྲ། །
    ཕྱོགས་ཞེན་ཕྱོགས་རིས་ཆེ་དྲགས་ནས། །
    སྔར་ནས་ད་བར་ཕམ་ཉེས་བྱུང་། །

    འཇོན་པོ་ཡོད་ན་རང་བཙན་ལེན། །
    དགོས་པོ་ཡོད་ན་རང་དབང་རྩོད། །
    གཏམ་དང་སྙན་གྲགས་ཁོ་ན་ལས། །
    ཅི་ཡང་མ་འཇོན་ཞབས་འདྲེན་རེད། །

    བཏང་རྒྱུ་ཡོད་ན་གཏོང་དགོས་དུས། །
    བྱུག་རྒྱུ་ཡོད་ན་དགོས་པའི་པའི་དུས། །
    བྱ་རྒྱུ་ཡོད་ན་བྱེད་པའི་དུས། །
    ལས་རྒྱུ་ཡོད་ན་ལས་པའི་དུས། །
    ཀུན་གྱིས་བདམས་པའང་དེ་རང་ཡིན། །

    Reply
  10. འདབ་པ་ཚེ་དབང་མགོན་པོ། says:
    ལོ་ 11 སྔོན།

    ཉེ་བའི་དུས་མི་རིང་བ་ཞིག་ལ་བོད་ཀྱི་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག ཨ་སི་ཊུ་ལི་ཡའི་ནང་གཟིགས་སྐོར་ལ་ཕེབས་འཆར་ཡོད་འདུག དེ་ནི་ཁོང་སྒེར་གྱི་ལས་དོན་ཞིག་མ་ཡིན་པར་བོད་ཀྱི་སྒྲིག་འཛུགས་དང་ཐད་ཀར་འབྲེལ་བ་ཡོད་པ་དང། དེ་བས་བོད་ཀྱི་རྩ་དོན་སྤྱིའི་ཆ་ནས་འབྲེལ་བ་ཡོད་པ་ཞིག་རེད་ནན་གཏན་དུ་བརྗོད་མཆོག སྤྱིར་བོད་ཀྱི་རྩ་དོན་འདི་ཕྱིའི་འབྲེལ་བ་དང་ནང་གི་མཐུན་འབྲེལ་ཁོ་ན་ལ་བརྟེན་ནས་བསྒྲུབ་དགོས་ནའང་། དེ་སྔོན་འདས་པའི་སྐབས་སུ་བཙན་བྱོལ་བོད་མིའི་འཛིན་སྐྱོང་གི་བཀའ་ཁྲིའི་ཞབས་སྟེགས་ལ་འཁོད་པའི། བཀའ་ཁྲི་མང་དག་ཅིག་བྱུང་བ་རྣམས་ཀྱིས་ཕྱིའི་འབྲེལ་བ་དེ་ཙམ་དུ་འཇོན་མེད། གང་ཡིན་ཞེ་ན་རྒྱལ་སྤྱིའི་ཁོར་ཡུག་གི་འཕོ་འགྱུར་དང་ཆབ་སྲིད་ཀྱི་གནས་སྟབས། དཔལ་འབྱོར་གྱི་འགྲོ་ལུགས་སོགས་ལའང་ཆ་རྒྱས་དང་ཉམས་མྱོང་། གང་ཟག་རང་ཉིད་ལ་ཤེས་ཡོན་གྱི་ཆུ་ཚོད་དམའ་བ་དང་། ད་དུང་ཀླད་རྙིང་མཁྲེགས་འཛིན་གྱི་ལས་དོན་ཁོ་ན་ལ་ཞེན་ཆགས་ཆེ་སྟབས། ནང་ཁུལ་ལ་ཕན་མ་ཐོགས་ཕྱོགས་རིས་འདྲ་བྱས་ཏེ་ལས་དོན་ཆུང་ཚག་རེར་མགོ་འཁོར་ནས་བསྡད་སྟབས། ཕྱིའི་ཕྱོགས་སུ་འབྲེལ་བ་བྱ་རྒྱུ་ལ་དེ་ཙམ་དུ་གལ་འགངས་མ་ཤེས་པས་ནུས་པ་མ་ཐོན་པ་ཤ་སྟག་ཡིན། སྤྱིར་དུས་རབས་ཉེར་གཅིག་པའི་སྐབས་སུ་ཨ་ཚུགས་བརྒྱབ་སྟེ་ལས་ཁུངས་ཀྱི་ནང་སྦུག་ལ་འཛུལ་དྲགས་ན། ཕྱིའི་འཕེལ་རྒྱས་དང་འགྱུར་ལྡོག་མ་རྟོགས་པའི་དབང་གིས་ག་དུས་ཀྱང་རྗེས་ལུས་ཡིན། སྐབས་འདིར་མཁས་དབང་བློ་བཟང་སེང་གེ་མཆོག་ནི་གནས་ཚུལ་དེ་རྣམས་ལས་ཡོངས་སུ་གོ་ལྡོག་སྟེ། གོང་དུ་བཤད་པའི་གནས་ཚུལ་མཐའ་དག་ཤེས་མཁན་ཞིག་ཡིན་སྟབས་ཕྱིའི་འབྲེལ་བ་དེ་གལ་ཆེན་ཞིག་ཏུ་རྩིས་ཀྱིན་ཡོད། མ་ཟད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སྟེང་དུ་འདས་པའི་བཀའ་ཁྲི་གཞན་དང་མི་འདྲ་བའི། བརྩི་ཐང་དང་གདེང་འཇོག་ཆེན་པོ་བྱེད་པ་དེདག་ཁོང་རང་ཉིད་ཀྱི་ཤེས་ཡོན་དང་སྤྱི་ཚོགས་ཀྱི་གོ་རྟོགས་མཐོན་པོ་ཡོད་པ་དང་། དྲང་བདེན་དང་ལྷག་བསམ་གཡོ་བ་མེད་པའི་ལས་ཀ་བྱས་སྟབས་ཀུན་གྱིས་བརྩི་ཐང་དང་གུས་བཀུར་བྱེད་བཞིན་ཡོད། ད་ཐེངས་ཀྱི་སྐབས་སུ་ཕྱིར་བསྐྱོད་དེ་ཡང་བོད་དོན་དང་དམིགས་བསལ་གྱི་འབྲེལ་བ་ཡོད་པའི་ཨ་སི་ཊི་ལ་ཡའི་རྒྱལ་ཁབ་ཀྱི་ས་འཁོགས་མང་པོ་ཞིག་ལ། གཟིགས་སྐོར་ཕེབས་རྒྱུ་དེ་གོ་བདེ་པོ་བཤད་ན་བོད་ཀྱི་རྩ་དོན་ངོ་མ་ཞིག་ཡིན། མཐའ་འཇུག་གི་སྐད་ཆ་ཞིག་བཤད་ན་ཁོང་རང་བཀའ་ཁྲིའི་འོས་མི་སླེབས་པ་ནས་བཟུང་ད་ལྟའི་བར་བོད་ཀྱི་རྩ་དོན་ལ་མཐའ་གཅིག་ཏུ་ལྷག་བསམ་དང་དྲན་བདེན་གྱི་སྒོ་ནས་ལས་ཀ་བྱེད་མཁན་ཅུང་མང་དུ་འགྲོ་བཞིན་ཡོད།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist