མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་གནས་མགོ་འཛིན་གྱི་གྲོས་ཆོད།

བོད་ཀྱི་དུས་བབ།
༢༠༡༢/༠༦/༡༩
Share on FacebookShare on TwitterShare on EmailShare on Whatsapp

ས་གནས་མགོ་འཛིན་ཚོགས་ཆེན་ཐེངས་བརྒྱད་པའི་མཇུག་སྡོམ་སྟེང་། གྲོས་གཞི་དོན་ཚན་ ༡༠ སྤྱི་མོས་གྲོས་ཆོད་འཇོག་ཐུབ་ཡོད་པ་མ་ཟད། སྐབས་དེར་ཟུར་རྒྱན་གྲོས་ཆོད་ཁག་ཅིག་ཀྱང་བཞག་འདུག

བཙན་བྱོལ་བོད་མིའི་ས་གནས་མགོ་འཛིན་གྱི་ལོ་འཁོར་ཚོགས་ཆེན་ཐེངས་ ༨ པ་དེ། ཟླ་འདིའི་ཕྱི་ཚེས་ ༡༤ ནས་ ༡༦ ཉིན་བར་ངྷ་ས་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ་ཚོགས་ཡོད་ཅིང་། ཚོགས་འདུའི་ཉིན་མཐའ་མ་སྟེ་ཕྱི་ཚེས་ ༡༦ ཉིན་གྱི་ཚོཊ་ཆེན་ཐོག་གྲོས་གཞི་དོན་ཚན་ ༡༠ ལ་སྤྱི་མོས་གྲོས་ཆོད་འཇོག་ཐུབ་ཡོད་པ་མ་ཟད། སྐབས་དེར་ཟུར་རྒྱན་གྱི་གྲོས་ཆོད་ཁག་ཅིག་ཀྱང་བཞག་ཡོད་འདུག

ཐེངས་འདིའི་གལ་ཆེའི་གྲོས་ཆོད་ཁག་ནི། གཅིག གཞིས་ཆཊ་སྲ་བརྟན་ཡོང་ཆེད་ས་གནས་མགོ་འཛིན་རྣམས་མང་ཚོགས་ཀྱིས་ཐར་ཀར་འོས་འདེམས་བྱ་རྒྱུ། བལ་ཡུལ་དུ་ལས་བྱེད་བསྐོ་བཞག་གནང་རྒྱུར་ཆབ་སྲིད་གནས་སྟངས་འོག་ཡིག་ཆ་ཚད་ལྡན་མེད་པའི་དཀའ་ངལ་གྱིས་ད་ཆར་འཕྲལ་སེལ་དང༌ཉིན་གླའི་ངོ་བོར་མ་གཏོགས། དབུས་ནས་སྲི་ཞུ་བ་བསྐོ་བཞག་ཐུབ་མེད་ཀྱང་ངེས་པར་གཏོང་ཐབས་གནང་རྒྱུ། གཉིས། གཞིས་ཆཊ་ཁག་གི་ས་ཁང་བདག་དབང་ཁྲིམས་མཐུན་ཡོང་ཆེད་ཁོངས་སོ་སོས་ (RTC)ཐོབ་ཐབས་བྱ་རྒྱུ། གསུམ་པ། གཞིས་ཆཊ་ནང་སྤྱི་ལམ་དང་ཆུ་གློག་ (Infrastructure)གི་དགོས་ངེས་མཐུན་རྐྱེན་སྦྱོར་རྒྱུ། བཞི་བ། གཞོན་སྐྱེས་ཚོ་གཞིས་ཆཊ་ནང་འཚོ་གནས་ཐུབ་ཆེད་གཞོན་སྐྱེས་ཚོར་དམིཊ་ཏེ།(Call Centre/Gymnasium) གསར་སྐྲུན་དང༌། གང་ཐུབ་ཀྱིས་མ་དངུལ་བུན་གཏོང་བྱ་རྒྱུ། ལྔ། གཞིས་ཆཊ་ཁག་ཏུ་རྒད་ཁོག་ཚོས་ཞིང་ཁ་རྨོ་མི་ཐུབ་པ་དང་། གཞོན་སྐྱེས་ཚོས་ཞིང་ལས་ཐོག་དོ་སྣང་བྱེད་ཀྱི་མེད་སྟབས། སྟོང་པར་ལུས་པའི་ས་ཞིང་དག་བེད་སྤྱོད་ཡག་པོ་གཏོང་རྒྱུ།

དྲུག་པ། གཞིས་ཆཊ་ཁག་ནས་བོད་མི་སྐོར་ཞིག་ལོ་ལྟར་ཨེ་ཛི་རལ་དུ་སོ་ནམ་སྦྱོང་བརྡར་ལ་གཏོང་བཞིན་པ་ལྟར། མ་འོངས་པར་ཕྱིའི་རྒྱལ་ཁབ་གཞན་ལའང་ཐབས་ཤེས་བྱ་རྒྱུ། བདུན་པ། བལ་ཡུལ་དང་སྒང་ཏོག་ལ་སློབ་གྲྭ་ཚད་ལྡན་མེད་སྟབས། བོད་ཕྲུག་ཚོའི་སྐད་ཡིག་དང་ཆོས་དང་རིག་གཞུང་གི་ཤེས་ཚད་སྐྱོ་བོ་ཆགས་བཞིན་པར་བརྟེན། སྒང་ཏོག་ཏུ་བོད་མིའི་སློབ་གྲྭ་ཞིག་གསར་རྒྱག་དགོས་པའི་རེ་འདུན་ཞུས་པ་ལྟར། ས་གནས་མགོ་འཛིན་གྱིས་ཤེས་རིག་ལས་ཁུངས་སུ་འཆར་འབུལ་ཞུས་ཏེ་ངོ་བཤུས་ནང་སྲིད་ལས་ཁུངས་ལ་འབུལ་རྒྱུ། བལ་ཡུལ་ནས་བོད་ཕྲུག་རྣམས་བོད་ཁྱིམ་གཉིས་ནང་དམིཊ་བསལ་སློབ་འཇུག་ཡོང་བར་ས་གནས་མགོ་འཛིན་གྱིས་རོགས་རམ་བྱ་རྒྱུ། བརྒྱད། བོད་མིའི་སྒྲིག་འཛུཊ་མཛད་གཙོ་རྣམས་གཞིས་ཆཊ་ཁག་ཏུ་ཕྱོགས་སྐྱོད་སྐབས། ན་གཞོན་ལས་མེད་ཚོ་ཟུར་དུ་བསྡུ་སྐོང་གིས་གོ་བསྐོན་སློབ་གསོ་དང༌། ཁོང་ཚོའི་མངོན་འདོད་གང་ཡིན་རྒྱུས་ལོན་གནང་སྟེ་སྐབས་བསྟུན་གྱི་རམ་འདེགས་བྱ་རྒྱུ། དགུ་བ།  དབུས་ས་གཉིས་ཀྱིས་རྒྱུན་དུ་མང་ཚོཊ་ལ་གཞིས་ཆཊ་སྲ་བརྟན་གྱི་གལ་གནད་སྐོར་གོ་རྟོགས་སྤེལ་རྒྱུ། བཅུ་བ། རྒྱ་གར་ནང་རྗེས་འབྱོར་བོད་རིཊ་དང་གཞིས་སྐལ་མ་ཐོབ་པའི་རིཊ་ལ་གཞིས་ཆཊ་གསར་སྐྲུན་གནང་རྒྱུའི་ལས་འཆར་ཐོག་དམིཊ་བསལ་ཐུགས་འཁུར་གནང་རྒྱུ་བཅས་ཡིན་འདུག

གསར་འགོད་པ། དཔལ་ལྡན།  

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་དམར་ཤོག་དྲིལ་བསྒྲགས་སྤེལ་བ། ༢༠༢༣ བོད་འབྱོར་པར།
Mobile App

ཉིན་གྲངས་ ༡༥ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

ཆུ་ཚོད་ ༡༥ སྔོན་ལ།
Mobile App

བོད་ཀྱི་འགྲེམས་སྟོན་ཁང་ཁག་གིས་འགྲེམས་སྟོན་བྱེད་ཕྱོགས་སྐོར་ལ་གྲོས་བསྡུར་གནང་།

༢༠༢༦/༠༥/༡༨
བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་ལས་ཁུར་དམ་འབུལ་ཕུལ།  བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༡༨
Mobile App

བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་དམ་བཅའ་ཕུལ། 

༢༠༢༦/༠༥/༡༨
Mobile App

ཨ་མའི་དུས་ཆེན་ཉིན་མོར་ཨ་མར་ཕྱིར་དྲན་གསོན་པོ་ཞིག

༢༠༢༦/༠༥/༡༧
Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

༢༠༢༦/༠༥/༡༥
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

༢༠༢༦/༠༥/༡༥

མཆན། 2

  1. སྐར་ཁྲི་བཙན། says:
    ལོ་ 14 སྔོན།

    མ་འོངས་བར་གསར་འབྱོར་ཆ་བོར་འགྲོ་ས་ཆགས་ས་ཞིག་ཡོད་ས་རེད། བཀའ་ཤག་གསར་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།

    Reply
  2. ཤག་སྒང་པ། says:
    ལོ་ 14 སྔོན།

    དེ་རིང་གི་གྲོས་ཆོད་ནི་སྟོང་བསམ་མིན་པར་དངོས་ཡོད་ལག་བསྟར་དང་བསྟུན་ཅིང་། མི་མང་གི་དགོས་མཁོ་རྐྱང་འདུག་པས་མངོན་པར་བསྟོད་དོ།།

    བཀའ་ཁྲིའི་འོས་བསྡུ་སྐབས་ཀྱི་གསལ་བསྒྲགས་ཡིག་ཆ་དེ་དྲན་ཙམ་བྱས་སོང་།

    གཏམ་བཟང་། ལག་བསྟར་དུ་འཁེལ་བར་བྱོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese