མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་གྱི་དགེ་མཚན།

བོད་ཀྱི་དུས་བབ།
༢༠༡༢/༠༦/༡༩
Share on FacebookShare on TwitterShare on EmailShare on Whatsapp

བཅུད་པར་གཡང་མཁོ་རྒྱལ།

            སྤྱིར་བཏང་མང་གཙོའི་ལམ་སྲོལ་ཟེར་བའི་ཐ་སྙད་འདི་ནི་དབྱིན་ཇི་བ་ཚོར་ཡེ་ཤུ་མ་ཤུ་ཀ་མ་འཁྲུངས་པའི་སྔོན་གྱི་ལོ་ ༥༠༠ ཙམ་གྱི་སྔོན་དུ་བྱུང་བར་བཤད་ཚུལ་ཡོད་ཀྱང་། ཐ་སྙད་དེ་ཕྱི་ལོ་ ༡༩༤༥ ལོར་འཛམ་གླིང་དམག་ཆེན་གཉིས་པ་མཇུག་སྒྲིལ་བའི་རྗེས་སུ་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་སུ་རིམ་གྱིས་རྒྱ་ཁྱབ་ཏུ་དར་བ་ཞིག་རེད། འཛམ་གླིང་གི་ས་སྒང་འདིར་བྱུང་བའི་ལམ་ལུགས་མང་པོའི་ཁྲོད་ནས་མང་གཙོ་ཞེས་པའི་ཐ་སྙད་འདི་འགྲོ་བ་མིའི་རིགས་ཀྱི་ཐུན་མོང་གི་ཁེ་དབང་དང་འགན་ཁུར་ལ་གཞིགས་ནས་བལྟས་ན། ད་ལྟའི་བར་ཁ་ཕྱོགས་ཡག་ཤོས་ཤིག་ཏུ་བརྩི་བཞིན་ཡོད།

            ངས་བལྟས་ན་མང་གཙོ་ཟེར་བ་དེ་ཐོབ་ཐང་དང་རང་དབང་ཁོ་ན་ཙམ་ལ་ངོས་འཛིན་བྱས་ན་ཁྱབ་རྒྱ་ཆུང་བ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད། མང་གཙོ་ཟེར་བ་ནི་སྤྱིའི་ལས་དོན་ལ་འགན་ཁུར་དགོས་པའི་ཐ་སྙད་གསོན་པོ་ཞིག་རེད།  ད་ལྟའི་གནས་བབ་ཐོག་ནས་བཤད་ན། འཛམ་གླིང་ཤར་ནུབ་ཀྱི་མི་རིགས་ཚང་མས་ལྷག་བསམ་རྣམ་དག་གི་སྒོ་ནས་ལས་དོན་འདིར་མཉམ་ཞུགས་བྱ་རྒྱུ་དང་འགན་དབང་འདི་འཐུས་ཚང་དུ་གཏོང་རྒྱུ་གལ་ཆེན་པོ་རེད།   མིག་སྔར་མང་གཙོའི་སྲིད་གཞུང་གང་ཞིག་ཡིན་ནའང་། མི་མང་ལ་ཐོབ་ཐང་དང་རང་དབང་སོགས་ཕར་སྤྲད་པ་ཙམ་གྱིས་མང་གཙོའི་འགན་ཁུར་ཡོངས་སུ་འགྲུབ་ཡོད་པ་མ་རེད།  རྒྱབ་ཁབ་གང་འདྲ་ཞིག་ཡིན་ནའང་། སྤྱི་འབངས་རེ་རེ་ངོས་ནས་རང་རྟོགས་ཀྱིས་མང་གཙོའི་ལས་དོན་གོང་འཕེལ་གཏོང་བར་འབད་འབུངས་བྱེད་དགོས་པ་ཞིག་ཏུ་ཆགས་ཡོད། མང་གཙོའི་སྲིད་གཞུང་ཟེར་བ་ནི་རྒྱལ་ཁབ་དེའི་མི་མང་རང་ངོས་ནས་སྤྱིའི་ཐུན་མོང་གི་ཁེ་ཕན་ལ་རིམ་གྱིས་ནུས་པ་འདོན་པར་ལྟ་ཚུལ་གསར་བ་དང་།  ཁ་ཕྱོགས་གསར་བ། ཐབས་ལམ་གསར་བ་སོགས་ཆིག་སྒྲིལ་མཉམ་རུབ་ཐོག་ནས་གཞུང་དེའི་སྒྲིག་གཞི་སྲ་བརྟན་དུ་གཏོང་བའི་ནུས་པས་ལས་དོན་ལ་ཁ་ལོ་སྒྱུར་ཐུབ་པ་ཞིག་ལ་གོ་དགོས་པར་འདོད།

            གནའ་སྔ་མོའི་རྒྱལ་ས་ཨེ་ཐན་དུ་དར་བའི་གྷི་རི་སིའི་མང་གཙོ་དེ་ནི་དེང་སང་གི་མང་གཙོའི་ལམ་ལུགས་དང་མི་འདྲ་བའི་ཁྱད་པར་ཆེན་པོ་ཡོད། དཔེར་ན། ཨེ་ཐན་གྱི་མང་གཙོ་ནི་ཐད་ཀར་གྱི་མང་གཙོ་ཞིག་ཡིན་པ་ལས། སྐུ་ཚབ་དང་འཐུས་མི་ཅན་གྱི་མང་གཙོའི་སྲིད་གཞུང་ཞིག་མ་ཡིན།   དེ་ལ་ཁྲིམས་བཟོ་དང་འགན་འཛིན་བར་ལ་ཁྱད་པར་མེད། གྲོས་ཚོགས་ནང་ཡུལ་མི་སྐྱེས་པ་ཕོ་ཁོ་ན་མ་གཏོགས་གཏན་འཇགས་ལས་དོན་བྱ་དབང་མེད་ཅིང་། ཁོ་ཚོས་ལུང་པའི་ཁྲིམས་རྣམས་བཟོ་བ་དང་།   གཞུང་གི་སྲིད་བྱུས་གལ་ཆེན་ཡོངས་རྫོགས་ཐག་གཅོད་བྱེད་ཀྱི་ཡོད་པ་རེད།  ཨེ་ཐན་གྱི་མི་མང་ཕལ་ཆེ་བ་བྲན་གཡོག་ཡིན་པ་མ་ཟད། བུད་མེད་ལ་འོས་ཤོག་འཕེན་རྒྱུའི་ཐོབ་ཐང་སྤྲད་མེད་པའི་ལོ་རྒྱུས་གསལ་བོ་ཡོད་པ་ཞིག་རེད།

            བོད་གངས་ཅན་པར་མཚོན་ན། མང་གཙོ་བྱུང་བའི་ཚུལ་ལ་ཕྱི་ལོའི་སྔོན་གྱི་ལོ་ ༡༢༦ དང་། དེ་མིན་བཞེད་ཚུལ་གཞན་ཞིག་ནི་བོད་ཀྱི་དེང་རབས་ལོ་རྒྱུས་མཁས་དབང་ཚེ་རིང་དོན་གྲུབ་མཆོག་གིས་ཕྱི་ལོའི་སྔོན་གྱི་ལོ་ ༩༥༩ ནང་དུ་པུར་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་མང་མོས་ཐོག་རྒྱལ་བོར་བཀུར་བའི་ལོ་རྒྱུས་བྱུང་བར་བརྗོད་ཡོད།

            གཞན་ཡང་བོད་བརྒྱུད་ནང་བསྟན་ཆོས་ཕྱོགས་ནས་བཤད་པ་ལྟར་ན། བོད་ལ་མང་གཙོའི་ལམ་ལུགས་ཡང་དག་པ་ཞིག་ཡོད། དེ་ནི་གང་ཟག་རང་ཉིད་ཀྱི་གོ་གནས་དང་རིགས་རུས་ལུང་པ་སོགས་ཀྱི་དབྱེ་འབྱེད་མེད་པའི་ཐོག་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་གོ་འཕང་ཐོབ་པར་བྱེད་པའི་རང་དབང་དང་། ཐོབ་ཐང་འདྲ་མཉམ་ཡོད་པ་གཏན་ལ་ཕབ་ཡོད། ལོ་ངོ་ཆིག་སྟོང་གི་ཡར་སྔོན་དུ་བཙན་པོའི་སྲིད་དབང་འོག་བོད་ཁམས་ཡོངས་སུ་རང་དབང་བག་ཡངས་ཀྱིས་འཚོ་བཞིན་ཡོད་པ་ནི། བོད་བརྒྱུད་ནང་བསྟན་ལ་གྲུབ་མཐའ་མང་པོ་རིམ་པར་བྱུང་ཡོད་པས་ཤེས་ཐུབ་ལ། དེ་མིན་འཛམ་གླིང་སྟེང་ཆེས་རིང་བོའི་དཔའ་བོའི་ལོ་རྒྱུས་ཀྱི་སྙན་རྩོམ་རིང་མོ་གེ་སར་སྒྲུང་ལྟ་བུར་མཚོན་ནའང་། སྐབས་དེའི་བསམ་བློ་དང་འཚོ་གནས་ཀྱི་རང་དབང་མཚོན་ཐུབ་པའི་མེས་པོ་གོང་མས་བཞག་པའི་ཤུལ་རྗེས་རེད། དེའི་རྗེས་སུ་པུར་རྒྱལ་རྒྱལ་རབས་མཇུག་བསྒྲིལ་པའི་རྗེས་སུ་ས་སྐྱ་པ་དང་།  ཕག་གྲུ་པ།  རིན་སྤུངས་པ། གཙང་བ་བཅས་ཀྱི་དབང་བསྒྱུར་རིམ་པར་བྱུང་ཡོད་ལ།

            དེའི་རྗེས་སུ་ཕྱི་ལོ་ ༡༦༤༢ ལོར་༸གོང་ས་ལྔ་པ་ཆེན་པོ་མཆོག་གིས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་འགན་དབང་བཞེས་ཏེ། ད་ལྟའི་བར་དུ་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱིས་འགན་དབང་བཞེས་པའི་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་གྱི་གཞུང་འདི་ལ་མི་ལོ་ ༣༦༩ ལྷག་གི་ལོ་རྒྱུས་ཡོད། ༡༩༥༠ ལོར་བོད་ཁུལ་གྱི་གནས་སྟངས་ཛ་དྲག་ཏུ་གྱུར་མགོ་ཚུགས་པ་དང་། སྐབས་དེའི་སྲིད་གཞུང་གི་མགོ་གཙོ་དག་གིས་འགན་མ་ཐེག་པར་དགུང་གྲངས་ ༡༦ ལས་སོན་མེད་པའི་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་བསྟན་འཛིན་རྒྱ་མཚོ་མཆོག་ལ་ཆབ་སྲིད་ཀྱི་ཐུགས་འགན་འབུལ་བཞེས་གནང་ཡོད་ལ། སྐབས་དེ་ནས་བཟུང་ཁོང་གིས་བོད་ཀྱི་མང་གཙོ་ལེགས་བཅོས་ཐད་ལ་ལས་ཁུངས་གསར་འཛུགས་གནང་བ་མ་ཟད།  སྤྱི་ཚོགས་ཁྲོད་ཀྱི་ཉམ་ཆུང་བུ་ལོན་སྤྲོད་མི་ཐུབ་མཁན་ཚོར་བུ་ལོན་རྩ་ཆག་བཏང་བ་དང་། བཙོན་ཁང་གི་བཙོན་པ་ཡོངས་རྫོགས་ཀློད་གྲོལ་བཏང་ནས་རང་དབང་མང་གཙོའི་ལམ་དུ་བསྐྱོད་མགོ་ཚུགས་ཡོད་ཀྱང་། རྒྱ་གཞུང་གི་བཙན་འཛུལ་བྱུང་བར་བརྟེན་ཁོང་གི་ཐུགས་འདུན་བཞིན་བོད་ནང་དུ་མངོན་འགྱུར་བྱུང་མ་ཐུབ། ཕྱི་ལོ་  ༡༩༥༩ ལོར་རྒྱ་ནག་གི་དྲག་གནོན་འོག་འདུག་མ་ཐུབ་པར་ལོ་དེའི་ཟླ་ ༣ པའི་ཚེས་ ༡༧ གྱི་མཚན་མོར་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དང། ཆབ་འབངས་གཅིག་འབུམ་ལྷག་མཉམ་དུ་ཧི་མ་ལ་ཡི་རི་རྒྱུད་བརྒལ་ནས་རྒྱ་གར་ལ་བཙན་བྱོལ་དུ་ཡོང་བ་ནི། བོད་ཀྱི་ལོ་རྒྱུས་ནང་ཆབ་སྲིད་ཀྱི་འཕེལ་རིམ་ཁྲོད་ཀྱི་ཉམས་རྒུད་ཆེ་ཤོས་དེ་ཆགས་ཡོད།

            རྒྱ་ནག་གཞུང་གི་བཙན་འོག་ཏུ་བཞག་པའི་ཆངས་ཡིག་དོན་ཚན་བཅུ་བདུན་གྱི་ཁུངས་མ་འཁྱོལ་བར་ལོ་དེའི་ཟླ ༤ ཚེས་ ༢༩ ཉིན་རྒྱ་གར་གྱི་ས་ཆ་(Mussoorie) མ་སུ་རིར་ཁོང་གིས་བཙན་བྱོལ་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་གྱི་སྲིད་དབང་རྒྱུན་མཐུད་སླར་གསོ་མཛད་པ་མ་ཟད།  རིམ་གྱིས་ཁོང་གིས་སྔར་ཡོད་བོད་ཀྱི་ལམ་ལུགས་རྙིང་པ་དག་ལ་བཅོས་བསྒྱུར་མཛད་དེ། མང་གཙོའི་ལམ་སྲོལ་དུ་བསྒྱུར་རྒྱུའི་ཐུགས་དགོངས་བཞིན་ཕྱི་ལོ་ ༡༩༦༢ ལོར་གནས་མཆོག་རྡོ་རྗེ་གདན་དུ་ཆོལ་གསུམ་མི་མང་མཉམ་འཛོམས་ཐོག་གཞུང་གི་གྲོས་ཚོགས་གསར་འཛུགས་གནང་སྟེ། བོད་མི་གཞིས་བྱེས་གཉིས་ཀྱི་ངོ་བོ་མཚོན་ཐུབ་པའི་སྤྱི་འཐུས་ཆོལ་ཁ་རེ་ནས་གསུམ་རེ་དང་། ཆོས་བརྒྱུད་ཆེན་པོ་བཞི་ནས་སྤྱི་འཐུས་གཅིག་རེ་བཅས་ཐོག་མར་གྲོས་ཚོགས་ཀྱི་འཐུས་མི་ཁྱོན་བསྡོམས་མི་ ༡༣ མང་གཙོའི་ལམ་ནས་འདེམས་ཐོན་བྱ་རྒྱུ་གཏན་འབེབས་གནང་སྟེ་འོས་འདེམས་ལེགས་འགྲུབ་བྱུང་ཡོད། ༸གོང་ས་མཆོག་གིས་གྲོས་ཚོགས་སུ་སྔ་རྗེས་རིམ་པར་བཀའ་སློབ་དང་གསུང་འཕྲིན་ཕེབས་པ་བརྒྱུད། ཁོང་གི་ཐུགས་འདུན་ལྟར་བཀའ་བློན་ཁྲི་པ་མང་གཙོའི་ལམ་ནས་འདེམས་བསྐོ་བྱ་རྒྱུའི་བཅའ་ཁྲིམས་ལ་བསྐྱར་བཅོས་གནང་སྟེ། ཕྱི་ལོ་ ༢༠༠༡ ལོར་མི་མང་གི་ཐད་ཀར་མང་གཙོའི་འོས་འདེམས་བརྒྱུད་ནས་འོས་ཤོག་སྤྱི་མོས་ཀྱི་བརྒྱ་ཆ་ལྔ་བཅུ་ལས་མི་ཉུང་བའི་རྒྱབ་སྐྱོར་ཐོབ་སྟེ། མང་གཙོའི་འོས་འདེམས་བྱུང་བའི་སྐབས་དང་པོ་དང་གཉིས་པར་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་ལ་རྒྱལ་ཁ་ཐོབ་ཡོད། 

           ༢༠༠༦ ལོའི་སྐབས་བཅུ་བཞི་བའི་སྤྱི་འཐུས་སྐབས་ ༸གོང་ས་མཆོག་གིས་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་མང་གཙོའི་ལམ་དུ་བསྒྱུར་པའི་དགོས་དམིགས་གཙོ་བོ་ནི། མང་ཚོགས་ཀྱི་ཕུགས་བསམ་མང་ཚོགས་རང་ཉིད་ཀྱིས་བསྒྲུབ་རྒྱུའི་འགན་དབང་ཁྱེར་ཐུབ་པའི་མང་ཚོགས་ཚད་ལྡན་ཞིག་དགོས་པའི་དགོངས་ཚུལ་རིམ་པར་བཏོན་ནས། ༢༠༡༡ ལོའི་ཟླ་ ༣ པའི་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་འཚོགས་དུས་ ༡༡ པའི་ཐོག་གསུང་འཕྲིན་གནང་ཞིང་། ༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་མི་བཞེས་པར་འགན་ཁུར་ཆ་ཚང་མི་མང་གིས་འོས་འདེམས་བྱུང་པའི་མགོ་ཁྲིད་ལ་རྩིས་སྤྲོད་བྱ་རྒྱུ་ཐུགས་ཐག་གཙང་བཅད་གནང་བ་ལྟར།  ཕྱི་ལོ་ ༢༠༡༡ ལོའི་བཀའ་ཁྲི་སྐབས་གསུམ་པ་མང་གཙོ་འོས་འདེམས་བརྒྱུད་ནས་འོས་མི་གསུམ་བྱུང་བའི་ནང་གི་མི་ཚང་དཀྱུས་མའི་བུ། སྐུ་ཞབས་བློ་བཟང་སེང་གེ་མཆོག་མང་གཙོའི་ལམ་ནས་འོས་འདེམས་བྱུང་བ་རེད། ཁོང་ནི་བོད་ཀྱི་ལོ་རྒྱུས་ཁྲོད་༸གོང་ས་མཆོག་གིས་ཆོས་སྲིད་གཉིས་ཀྱི་དབྱེ་མཚམས་ཕྱེས་ནས་སྲིད་དབང་དེ་ལོ་དེའི་ཟླ ༨ པའི་ཚེས་ ༨ ཉིན་ཁོང་ལ་སྲིད་དབང་ཆ་ཚང་རྩིས་སྤྲོད་གནང་སའི་མང་གཙོའི་སྲིད་སྐྱོང་བ་ཐོག་མ་དེ་ཡིན།   སྔ་ཕྱི་བར་གསུམ་དུ་༸གོང་ས་མཆོག་གིས་ལོ་ངོ་ལྔ་བཅུ་ལྷག་གི་རིང་ལ། བཙན་བྱོལ་མང་གཙོའི་རྨང་གཞི་སྲ་བརྟན་དང་། རྒྱ་སྐྱེད་བྱུང་བའི་གྲུབ་འབྲས་ཀྱི་དགེ་མཚན་ཆེ་ཤོས་དེ་ཆགས་ཡོད། དེ་བཞིན་དུ་ད་ལྟའང་བཙན་བྱོལ་སྤྱི་ཚོགས་མང་གཙོ་ཡང་དག་པའི་ཁ་ཕྱོགས་སུ་བསྐྱོད་པར་རྒྱུན་འཁྱོངས་བྱེད་བཞིན་ཡོད། 

            དེ་བས་ངས་འདིར་བཤད་འདོད་པ་ཞིག་ནི་མང་གཙོའི་སྤྱི་ཚོགས་གང་ཞིག་ཡིན་ཡང་མང་གཙོའི་ཁེ་དབང་ལོག་པར་སྤྱད་ནས་སེམས་ལ་གང་འདོད་འདོད་དང་ཡིད་ལ་དྲན་དྲན་བསྒྲུབ་ཆོག་པར་འདོད་པ་ནི་ནོར་འཆུག་རེད། མང་གཙོ་ཟེར་བ་དེ་ནི་ལས་དོན་རླབས་ཆེན་ཞིག་བསྒྲུབ་ཐུབ་པའི་ཐ་སྙད་གསོན་པོ་ཞིག་ཡིན་པས།   རང་དབང་དང་ཐོབ་ཐང་འདྲ་མཉམ་སྒོས་སྤྱི་དོན་ལ་ཤ་ཞེན་ཡོད་ན། རྒྱལ་ཁབ་བམ་ཡང་ན་མི་རིགས་དེའི་འདས་མ་ད་གསུམ་གྱི་རེ་བ་དེ་རིམ་གྱིས་ཕུགས་རྒྱང་རིང་བོའི་ཐོག་ནས་བསྒྲུབ་ཐུབ་པ་ཞིག་དགོས་པར་འདོད་དོ།།

ཕྱི་ལོ་ ༢༠༡༢ ལོའི་ཟླ ༣ པའི་ཚེས་ ༨ ཉིན་ངྷ་རམ་ས་ནས་བྲིས།

འབྲེལ་ཡོད་གསར་འགྱུར།

The Karumadikuttan memorial is located in the village of Karumadi, near Ambalapuzha in the Alappuzha district of Kerala, India. Photo: Kerala Tourism Department
༸གོང་ས་མཆོག གསར་འགྱུར།

ལོ་ངོ་ ༡༢༠༠ ལྷག་གི་ནང་པའི་གནས་ཤིག་ལ་མཐུན་རྐྱེན་ཞན་པའི་དཀའ་ངལ་འཕྲད། 

ཆུ་ཚོད་ ༡༥ སྔོན་ལ།
This satellite image shows Hurricane Melissa southeast of Jamaica at 12:10 GMT on October 27, 2025 [AFP]
Mobile App

འདི་ལོའི་འཛམ་གླིང་གི་མཚོ་རླུང་ཚབས་ཆེ་ཤོས་ཇ་མ་ཡེ་ཀ་རུ་བྱུང་།

ཆུ་ཚོད་ ༡༥ སྔོན་ལ།
འོས་བསྡུ་སྤྱི་ཁྱབ་འགན་འཛིན་བློ་བཟང་ཡེ་ཤེས་ལགས་ཀྱི་རྒྱ་གར་ལྷ་ོཕྱོགས་ཁུལ་འོས་བསྡུའི་གོ་རྟོགས་སྤེལ། ༢༠༢༥།༡༠།༢༢ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱ་གར་ནང་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་གོ་རྟོགས་སྤེལ།

ཆུ་ཚོད་ ༡༦ སྔོན་ལ།
འཁོར་སྐར་ནས་བླངས་བའི་བོད་ལྷུན་རྩེ་རྫོང་ཁོངས་ཀྱི་མཁའ་དམག་རྟེན་གཞི།
Mobile App

བོད་ལྷུན་རྩེ་རྫོང་ཁོངས་སུ་མཁའ་དམག་གི་རྟེན་གཞི་ཞིག་འཛུགས་སྐྲུན་བྱས་འདུག

ཆུ་ཚོད་ ༡༧ སྔོན་ལ།
Mobile App

བོད་ཀྱི་དཀྱིལ་འཁོར་གྱི་བཟོ་བཀོད་ལྡན་པའི་ལྷ་ཁང་མཐའ་མ་རྗེ་འབུམ་སྒང་དེ་སྒྱུ་རྩལ་འགྲེམས་སྟོན་ཁང་ཞིག་ཏུ་བསྒྱུར།

༢༠༢༥/༡༠/༢༧
Sophie Richardson and Geshe Lobsang Monlam Honoured with 2025 Snow Lion Human Rights Award in Berlin, Germany at 25th Oct. 2025. Photos: Andreas Müller/ICT
Mobile App

གངས་སེང་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཕུལ།

༢༠༢༥/༡༠/༢༧

མཆན། 1

  1. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 13 སྔོན།

    དྲ་རྩོམ་འདི་བློར་བབ་སོང་། མང་གཙོ་ཟེར་བ་ནི་རང་དབང་ཙམ་དང་བླུན་པོ་ཁ་མཐུན་ཙམ་ལ་ཟེར་ན། དེ་ལའང་སྙིང་པོ་ཅང་ཡོད་པ་མ་རེད། རྣམ་དཔྱོད་ལྡན་པ་དག་གིས་འགན་འཁུར་ཅན་གྱི་ལམ་སྟོན་ཕྱོགས་ལ་མང་པོས་ཕྱར་གྲུ་མཉམ་འདེགས་བྱེད་པར་གོ་ན་འོས་ཤིང་། གངས་ཅན་བོད་པ་ཚང་གིས་ཀྱང་དེ་ལྟར་བྱེད་ཐུབ་པར་སྨོན་ཞིང་། ༸གོང་ས་མཆོག་གི་རྗེས་ལ་མང་གཙོའི་དཀར་མེ་འདིའང་ནག་འཚུབ་བེ་མ་སོང་ན་སྐྱིད་པ་ལ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese