མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་འཐབ་རྩོད་ནི་བདེན་པ་དང་མེ་མདའི་བར་གྱི་འཐབ་རྩོད་ཅིག་ཡིན།

བོད་ཀྱི་དུས་བབ།
༢༠༡༢/༠༦/༢༢
Share on FacebookShare on TwitterShare on EmailShare on Whatsapp

བདུན་ཕྲག་འདིའི་ནང་༸གོང་ས་མཆོག་གིས་དབྱིན་ཡུལ་རྒྱལ་ས་ལོན་ཊོན་དུ། དབྱིན་ཡུལ་རྒྱལ་སྲས་སྐུ་ཟླ་རྣམ་གཉིས་ལ་མཇལ་འཕྲད་དང་། གྲོས་ཚོཊ་འཐུས་མི་ཚོར་གཏམ་བཤད། སློབ་གྲྭ་དང་ས་གནས་མང་ཚོཊ་བཅས་ལ་བཟང་སྤྱོད་ཐོག་བཀའ་སློབ་བཅས་བསྩལ་འདུག

ཉིན་འདི་དག་རིང་༸གོང་ས་མཆོག་གིས་དབྱིན་ཡུལ་རྒྱལ་ས་ལོན་ཊོན་དུ་མཛད་འཕྲིན་ཁག་སྐྱོང་བཞིན་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་༸གོང་ས་མཆོག་དབྱིན་ཡུལ་རྒྱལ་ས་ལོན་ཊོན་དུ་རྟེན་གཞི་བྱས་པའི་ཝེ་སི་མིན་སི་ཊར་ཨེ་བྷེ་(Westminster Abbey)ཡེ་ཤུའི་ལྷ་ཁང་དུ། འཛམ་གླིང་ཆོས་ལུགས་རིས་མེད་ཀྱི་སྨོན་ལམ་ཚོགས་འདུ་ཞིག་ཏུ་མཉམ་ཞུགས་གནང་ཡོད་འདུག་ལ། སྨོན་ལམ་འདུ་འཛོམ་ཐོག་༸གོང་ས་མཆོག་གིས་ཚོགས་ཞུཊ་པ་ཚོར་ཆོས་ལུཊ་མཐུན་སྒྲིལ་གྱི་གལ་གནད་སྐོར་ངོ་སྤྲོད་གནང་སྟེ། ཆོས་ལུཊ་སོ་སོར་ལྟ་གྲུབ་མི་འདྲ་བ་དང་ཆས་གོས་མི་འདྲ་བ་སྣ་ཚོཊ་ཡོད་ཀྱང་། ཆོས་ལུཊ་དེ་དག་གིས་གཞི་རྩའི་བྱམས་དང་བརྩེ་བའི་བཟང་པོའི་བསླབ་བྱ་རྣམས་རྒྱུན་འཛིན་བྱ་རྒྱུ་དང་། ཆོས་ལུགས་ཀྱི་བསླབ་བྱ་རྣམས་སོ་སོའི་ཉིན་རེའི་འཚོ་བའི་ནང་བེད་སྤྱོད་གཏོང་རྒྱུ་ཧ་ཅང་གལ་ཆེན་ཡིན་ཚུལ། ཆོས་ལུཊ་ཕན་ཚུན་བར་ཆོས་གྲོགས་ཀྱི་འདུ་ཤེས་བཟུང་སྟེ་མཐུན་ལམ་བྱེད་ཐུབ་པ་བྱུང་ན། ཁོར་ཡུག་སྲུང་སྐྱོབ་ཚུད་པའི་འཛམ་གླིང་གི་དཀའ་རྙོག་མང་དག་ཅིག་རང་བཞིན་གྱིས་སེལ་ཐུབ་ཀྱི་ཡོད་སྐོར་གསུངས་འདུག

དེའི་རྗེས་༸གོང་ས་མཆོག་ལྷ་ཁང་དེའི་ཇེ་རུ་ས་ལིམ་ཚོགས་ཁང་ (Jerusalem Chamber) དུ་ཆིབས་བསྒྱུར་བསྐྱངས་ཏེ། བོད་ས་མ་ཤོར་གོང་བོད་དུ་སྐྱོད་མྱོང་མཁན་དབྱིན་ཇི་བ་ཁག་ཅིག་ལ་མཇལ་འཕྲད་གནང་འདུག་ལ། དེ་སྔ་བོད་ནང་རླུང་འཕྲིན་ཕྱག་ལས་གནང་མྱོང་བའི་སྐུ་ཞབས་རོ་བྷ་ཌ ཕོ་ཌ་ (Robert Ford) ལགས་ཀྱིས། ཚོགས་ཐོག་ཏུ་ཕྱག་འཕྲིན་ཞིག་བསྐུར་ཡོད་པའི་ནང་འཁོད་དོན། “ བོད་ནི་དེ་སྔ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་ལ། བོད་ལ་རང་གི་སྲིད་གཞུང་དང་སྐད་ཡིག ཆས་གོས། ཐུན་མོང་མིན་པའི་ཁྱད་ཆོས་སོགས་ཡོད། སྔོན་ཆད་ང་རང་བོད་དུ་སྡོད་སྐབས་ངས་ཐུག་འཕྲད་བྱུང་བའི་བོད་མི་ཚོ་གཞུང་རྒྱུད་དྲང་པོ་དང་གཤིས་ཀ་འཇམ་པོ། སྣང་བ་སྐྱིད་པོ། ཆོས་དད་ཆེན་པོ། རང་གི་དབུ་ཁྲིད་༸ཏཱ་ལའི་བླ་མ་མཆོག་ལ་དད་གུས་ཆེན་པོ་ཡོད་མཁན་རྐྱང་རེད་ ” ཅེས་འཁོད་འདུག

ཚོགས་ཐོག་ཏུ་༸གོང་ས་མཆོག་གིས་བོད་མིའི་འཐབ་རྩོད་ནི་བདེན་པ་དང་མེ་མདའ་བར་གྱི་འཐབ་རྩོད་ཅིག་ཆགས་ཡོད་སྟབས། གནས་སྐབས་སུ་མེ་མདའ་ནུས་སྟོབས་ལ་རྒྱལ་ཁ་འཐོབ་སྲིད་ཀྱང་། ཕུགས་རྒྱང་རིང་པོའི་ཆ་ནས་བདེན་པར་རྒྱལ་ཁབ་འཐོབ་རྒྱུའི་ཡིད་ཆེས་ཡོད་ཚུལ་དང་། བོད་མི་ཚོས་འཚེ་མེད་ཞི་བའི་འཐབ་རྩོད་གནང་བཞིན་པར་བརྟེན། ད་ཆར་དབྱིན་ཡུལ་གཙོས་འཛམ་གླིང་གང་སར་བོད་དོན་ལ་རྒྱབ་སྐྱོར་བྱེད་མང་དུ་འགྲོ་བཞིན་ཡོད་པ་དང་། ལྷག་པར་དུ་རྒྱ་རིཊ་ཤེས་ཡོན་ཅན་ཚོའི་ཁྲོད་བོད་པར་རྒྱབ་སྐྱོར་བྱེད་མཁན་ཇེ་མང་དུ་འགྲོ་ཡོད་པའི་ཆ་ནས། བོད་ནང་དངོས་སུ་བསྐྱོད་མྱོང་བའི་དབྱིན་ཇི་བ་ཚོས་བོད་ཀྱི་བདེན་པའི་གནས་ཚུལ་གཞན་ལ་གང་ཐུབ་ཀྱིས་འགྲེལ་བཤད་རྒྱག་དགོས་པའི་འབོད་སྐུལ་བཅས་ཞུས་འདུག

དེ་བཞིན་ཕྱི་ཚེས་ ༢༠ ཉིན་༸གོང་ས་མཆོག་གིས་ལོན་ཊོན་དཔལ་འབྱོར་རིག་པའི་སློབ་གྲྭའི་ནང་མང་ཚོགས་ལ་བཟོད་སྒོམ་གནང་ཕྱོགས་ཐོག་བཀའ་སློབ་བསྩལ་སྐབས། འགྲོ་བ་མིའི་རིཊ་ཕན་ཚུན་བར་ཤ་དང་སྐྲ་མདོག མིའི་སྣ་ཆེ་ཆུང་གི་ཁྱད་པར་ཕྲན་བུ་ཡོད་ཀྱང་། གཞི་རྩའི་ཆ་ནས་འགྲོ་བ་མིའི་རིཊ་ཚང་མའི་ལུས་ཚོར་དང་སེམས་ཚོར་ཐོག་བདེ་སྡུག་གཅིག་མཚུངས་ཆགས་ཡོད་སྟབས། མི་སུ་ཡིན་རུང་བདེ་སྐྱིད་བྱུང་ན་མ་གཏོགས་རྙོག་དྲ་འདོད་མཁན་གཅིག་ཀྱང་མེད་ཚུལ་དང་། མི་ཚང་མས་ཕུགས་རྒྱང་རིང་པོའི་བསམ་བློ་གཏོང་མ་ཐུབ་པའི་རྐྱེན་གྱིས། འཛམ་གླིང་ཐོག་དཔལ་འབྱོར་དང་ཁོར་ཡུག དབུལ་ཕྱུག་གི་དཀའ་ངལ་ཆེ་རུ་འགྲོ་བཞིན་ཡོད་པ་དང་། དཀའ་ངལ་དེ་དག་མིའི་རྣམ་དཔྱོད་ཀྱི་ནུས་པ་ཚུལ་བཞིན་བེད་སྤྱོད་མ་བཏང་བའི་རྐྱེན་ལས་བྱུང་བ་ཡིན་སྐོར་གསལ་བཤད་གནང་འདུག  

སྐབས་དེར་༸གོང་ས་མཆོག་གིས་གསུངས་དོན། “ ང་ཚོས་འཛམ་གླིང་མི་འབོར་ཐེར་འབུམ་ ༧ གྱི་བདེ་སྡུག་ཕན་ཚུན་གཅིག་ལ་གཅིག་བརྟེན་དུ་གནས་ཡོད་པ་དེར་བསམ་བློ་བཏང་ནས་ལས་ཀ་བྱེད་དགོས། ཟས་རིགས་དང་འཕྲུལ་ཆས་ཡར་རྒྱས་གཏོང་བའམ། སྣུམ་དང་ནུས་པའི་འབྱུང་ཁུངས་གང་འདྲ་ཞིག་ཡིན་རུང་ཕན་ཚུན་རྟེན་འབྲེལ་དུ་གྲུབ་ཡོད། ང་ཚོས་གཞན་ལ་ཆོས་གྲོཊ་ཀྱི་འདུ་ཤེས་བཟུང་ན་རང་ཉིད་བློ་བདེ་བའི་ངང་སྡོད་ཐུབ་ཀྱི་རེད། དེ་ལས་ལྡོག་སྟེ་ཕན་ཚུན་བར་དོཊ་པ་དང་ཡིད་ཆེས་མེད་ན། དུས་ནམ་ཡང་རང་ཉིད་བློ་མ་བདེ་བར་སྡོད་དགོས་ཀྱི་རེད་ ” ཅེས་གསུངས་ཡོད།

ཐེངས་འདིའི་རྒྱལ་ས་ལོན་ཊོན་གྱི་ཆིབས་བསྒྱུར་སྐབས། ༸གོང་ས་མཆོག་གིས་ལོན་ཊོན་དུ་ཡོད་པའི་དབྱིན་ཇིའི་རྒྱལ་མོ་ཨེ་ལི་ཛེ་བྷེ་ཐི་མཆོག་གི་ཕོ་བྲང་ཀེ་ལེ་རེ་སི་ཁང་ཆེན་ (Clarence House) དུ། དབྱིན་ཇིའི་རྒྱལ་སྲས་ཕེ་རིན་སི་ ཅལ་སི་ (Prince Charles) མཆོག་དང་ཁོང་གི་སྐུ་ཟླ་ཀེ་མི་ལ་(Camilla) མཆོག་རྣམ་གཉིས་ལ་མཇལ་འཕྲད་དང་། དབྱིན་ཡུལ་གྲོས་ཚོགས་བཟའ་འབྲུ་དང་བདེ་འཇགས་ཚོགས་པའི་གདན་ཞུས་ལྟར། དབྱིན་ཡུལ་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་ཏུ་གྲོས་ཚོགས་འཐུས་མི་སྐོར་ཞིག་ལ་བཀའ་སློབ་ཀྱང་བསྩལ་ཡོད་འདུག

ཕྱི་ཚེས་ ༢༡ ཉིན་༸གོང་ས་མཆོག་གིས་ལོན་ཊོན་ཁུལ་དུ་གནས་སྡོད་བོད་པ་དང་སོག་པོ། བལ་ཡུལ་ནང་པ་བཅས་ལ་བོད་ཡིག་དང་ནང་ཆོས་ཀྱི་རིན་ཐང་། ཡ་རབས་བཟང་སྤྱོད་བཅས་ཀྱི་ཐོག་བཀའ་སློབ་བསྩལ་འདུག་ལ།  སྐབས་དེར་༸གོང་ས་མཆོག་གིས་དབྱིན་ཡུལ་རཱོ་ཊར་གསར་ཁང་གིས་བཅར་འདྲི་ལན་དང་ལེན་གནང་སྟེ། མ་འོངས་རྒྱ་ནག་གི་སྲིད་འཛིན་དང་བོད་རྒྱ་འབྲེལ་མོལ། ༸གོང་ས་མཆོག་གི་ཡང་སྲིད་ཕེབས་ཕྱོགས་བཅས་ཀྱི་བཀའ་ལན་བསྩལ་འདུག

དེ་རིང་ཕྱི་ཚེས་ ༢༢ ཉིན་ནས་༸གོང་ས་མཆོག་གིས་མུ་མཐུད་དུ་སི་ཁཱོ་ཊི་ལན་ཌི་རང་སྐྱོང་ཁུལ་དུ་མཛད་འཕྲིན་སྐྱོང་བཞིན་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

པར། བདག་དབང་། བོད་ཀྱི་དཔེ་མཛོད་ཁང་།
Mobile App

གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན།

༢༠༢༥/༡༠/༡༡
FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

༢༠༢༥/༡༠/༡༠
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

༢༠༢༥/༡༠/༡༠
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

༢༠༢༥/༡༠/༡༠
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩

མཆན། 2

  1. རྟ་བདུན་དབང་བོ། says:
    ལོ་ 13 སྔོན།

    སྤུན་ཟླ་རྣམས་ལ་སྙིང་ཐག་པ་ནས་ཞུ་རྒྱུ། ཉེ་བའི་ཆར་ཁ་ཆེའི་ལུང་བ་ཁ་ཤས་ཤིག་ལ་དམངས་གཙོ་རྒྱལ་ཁ་ཐོབ་པ་རེད་། ཡིན་ནའང་མི་དམངས་བརྒྱ་ཆ་བརྒྱད་བཅུ་ནས་དགུ་བཅུས་འཐབ་རྩོད་བྱས་པའི་སྟོབས་ཀྱིས་རེད་། ད་ལྟའི་ཆར་རྒྱ་ནག་མི་དམངས་ཕལ་མོ་ཆེའི་ཤེས་ཡོན་ཞན་པས་རྐྱེན་ཀྱིས་གུང་ཕྲན་ཏང་གི་ལྟ་ངན་མཁྲེགས་འཛིན་གི་ལམ་ལུགས་འདིར་མཐའ་གཅིག་ཏུ་སྡུག་པོ་ཡིན་པ་མཐོང་ཐུབ་ཀྱིས་མེད་། དེས་ན་རྒྱ་རིགས་ཁ་ཤས་ཤིག་དང་གྲངས་ཉུང་མི་རིགས་ཁ་ཤས་ཤིག་གིས་ཇི་ལྟར་འཐབ་རྩོད་བྱས་ཀྱང་རེ་ཞིག་གྲུབ་འབྲས་འབྱུང་རྒྱུ་དཀའ་བར་གནང་། དེའི་ཕྱིར་ང་ཚོས་གནས་སྐབས་རིང་ཤེས་ཡོན་ཡར་རྒྱས་དང་རྡོག་རྩ་གཅིག་སྒྲིལ། ཆོས་ལུགས་ཕན་ཚུན་གྱི་མཐུན་སྒྲིལ་སོགས་ལ་འབད་བརྩོན་བྱེད་དེ་རེ་ཞིག་ངང་སྒུག་བྱ་རྒྱུ་གལ་ཆེ་བར་སྙམ། རྒྱུ་མཚན་འདི་དག་ལ་བརྟེན་ནས་གུས་པས་སྙིང་ཐག་པ་ནས་ཞུ་རྒྱུ་ཞིག་ལ། རང་སྲོག་མ་གཅོད་རོགས། རང་སྲོག་གཅོད་པའི་འཐབ་རྩོད་དེ་རྣམ་དཔྱོད་དང་ལྡན་པའི་ཐབས་ལམ་ཞིག་མ་རེད་། ལྷག་པར་དུ་ད་ལྟའི་རྒྱ་ནག་གི་ཆབ་སྲིད་ཀྱི་འགྲོས་ལ་དཔག་ན་མི་ཅི་ཙམ་གྱིས་རང་སྲོག་བཅད་ཀྱང་རེ་ཞིག་འགྱུར་བ་འགྲོ་དཀའ་བར་སྣང་། ལྷག་པར་དུ་སྲིད་འཛིན་ཧོ་ཅིན་ཐོའི་དུས་ཚོད་རྫོགས་ལ་ཉེ་བའི་སྐབས་འདིར་དེ་བས་ཀྱང་འགྱུར་བ་འགྲོ་མི་སྲིད་། རྒྱུ་མཚན་དེའི་ཕྱིར་ཕྲན་རང་ངོས་ནས་བོད་རྒྱལ་ཡོངས་ཀྱི་དཔའ་བོ་དཔའ་མོ་ཚོར་ཞུ་རྒྱུ། ཁྱེད་ཚོས་རང་སྲོག་འབེན་ལ་བཙུགས་ཏེ་བོད་མི་ཡོངས་ཀྱི་དོན་དུ་བྱ་བ་བརླབས་ཆེན་ཞིག་སྒྲུབས་དང་སྒྲུབ་བཞིན་ཡོད་ནའང་། རང་སྲོག་བློས་གཏོང་གི་འཐབ་རྩོད་དེ་ལ་གྲུབ་འབྲས་འབྱུང་རྒྱུ་དཀའ་བར་མ་ཟད་ཐབས་ལམ་ཡང་ཡག་ཤོས་མ་རེད་། ཡིན་ནའང་ཁྱེད་ཚོའི་སྙིང་སྟོབས་ལ་བསྟོད་བསྔགས་ཀྱི་མེ་ཏོག་འཐོར་བའི་གནས་སུ་མཆིས་མོད་། འོན་ཀྱང་རང་སྲོག་གཅོད་པའི་འཐབ་རྩོད་དེ་རང་དབང་ཐོབ་རྒྱུའི་ཐབས་ལམ་མཆོག་ཏུ་གྱུར་བ་ཞིག་ཡིན་པ་ཁོ་བོས་མཐོང་མ་སོང་། དེར་མ་ཟད་རང་ཉིད་ལའང་རང་སྲོག་བཅད་པའི་ཉེས་པ་ཆེན་པོ་འབྱུང་སྲིད་པ་རེད་། ལྷག་པར་དུ་ཞེ་སྡང་གིས་ཀུན་ནས་བསླངས་པས་རང་སྲོག་བཅད་པ་ཡིན་ན་དེའི་འབྲས་བུ་ཅི་ཞིག་འབྱུང་རྒྱུ་ཡིན་པ་སྨོས་མ་དགོས་སོ། འོ་ན་རང་དབང་རྩོད་པའི་ཐབས་ལམ་ལེགས་ཤོས་ཏེ་གང་རེད་ཅེ་ན་། རྡོག་རྩ་གཅིག་སྒྲིལ། ཆོས་ལུགས་ཕན་ཚུན་གྱི་མཐུན་སྒྲིལ། ཤེས་ཡོན་ཡར་རྒྱས་གཏོང་རྒྱུ། ཟས་བཅད་ངོ་རྒོད་དང་ཞི་བའི་གོམས་བགྲོད་ལྟ་བུ་སོགས་རེད་། སྤྱིར་འཛམ་གླིང་འདིར་རང་སྲོག་གཅོད་མཁན་ཆེ་མང་བོ་ཞིག་ཡོད་། མང་ཆེ་བ་ཕོ་མོའི་བརྩེ་གདུང་དང་དཔལ་འབྱོར་གྱི་དཀའ་ངལ་གྱི་རྐྱེན་པས་རེད་། དེ་དག་རྣམས་བླུན་པོ་ཐབས་རྡུགས་ཀྱི་ལམ་ཁ་ཞིག་ལས་ཡག་པོ་ཞིག་གཏན་ནས་མ་རེད་། མདོར་ན་རང་སྲོག་གཅོད་མཁན་ཚོའི་ཀུན་སློང་ཀུན་ཡིན་ཀྱང་རང་སྲོག་གཅོད་པ་དེ་ནི་བླུན་པོ་འུ་ཐུག་གི་ལམ་ཁ་ཞིག་ལས་རྣམ་དཔྱོད་ཀྱི་རྩལ་ལས་བཏོན་པའི་ཐབས་ལམ་ཞིག་ཏུ་མཐོང་མ་སོང་། གཅིག་ནི་རང་སྲོག་བཅད་ན་རང་ཉིད་ལ་ཉེས་པ་ཆེན་པོ་འབྱུང་རྒྱུ་ཡིན་པ་གདོན་མི་ཟ་བ་དང། གཉིས་ནི་རང་གི་ཕ་མ་སྤུན་མཆེད་ཚང་མ་སྡུག་ལ་སྦྱོིར་བ་དང་། གསུམ་ནི་ང་ཚོའི་མི་རིགས་ཇེ་ཉུང་དུ་འགྲོ་བ་སོགས་ཀྱི་སྐྱོན་ཆ་དུ་མ་ཞིག་མཆིས། དེའི་ཕྱིར་རང་སྲོག་མ་གཅོད་རོགས། མི་ལུས་རིན་པོ་འདི་ཧ་ཅང་གི་རྩ་ཆེན་པོ་རེད་། མི་ལུས་རིན་པོ་ཆེ་འདི་ལ་བརྟེན་ནས་ཡང་དག་པའི་སྙིང་བོ་ཞིག་ལེན་དགོས་པ་རེད་། མི་ལུས་རིན་པོ་འདི་འཚོ་དགོས་པ་རེད་། ལྷག་པར་དུ་ཁྱེད་དཔའ་བོ་དཔའ་མོ་ཚོའི་སྐུ་ཚེ་འཚོ་ཞིང་བཞུགས་ནས་བོད་དོན་བསྒྲུབ་དགོས་པ་རེད་། རང་སྲོག་མ་གཅོད་རོགས། གུས་པས་སྙིང་ནས་ཞུ། ངའི་སྙིང་ཐག་པ་ནས་ཞུ་བ་ཡིན་། བོད་ཀྱི་བླ་ཆེན་ཚོས་བོད་མི་ཡོངས་ལ་རང་སྲོག་མི་གཅོད་པའི་ཐབས་ལམ་ཡག་ཤོས་ཤིག་བསྟན་རྒྱུ་སྙིང་ཐག་པ་ནས་ཞུ། ངའི་གོ་ཐོས་ལ་བོད་མི་ཁ་ཅིག་གིས་བཤད་དོན་། རང་སྲོག་བཅད་པས་བོད་དོན་ལ་གྲུབ་འབྲས་ཆེན་པོ་མ་ཐོབ་ཀྱང་འཛམ་གླིང་དུ་ཁྱབ་བསྒྲགས་འགྲོ་བར་མ་ཟད་རྒྱལ་སྤྱིའི་གནོན་ཤུགས་སྤྲོད་ངེས་རེད་ཅེས་ཟེར་མཁན་འདུག འོན་ཀྱང་ཁོ་བོས་དཔྱད་ན་དམར་ཤོག་ཚོ་ཞེད་སྣང་སྐྱེ་ཡུལ་དངོས་ནི་རྒྱ་ནག་ནང་ཁུལ་ཀྱི་འབངས་གྱེན་ལྡོག་གམ་རྒྱ་ནག་མི་དམངས་ཀྱིས་གནོན་ཤུགས་རེད་མ་གཏོགས་རྒྱལ་སྤྱིའི་མ་རེད་། རྒྱ་ནག་ནང་ཁུལ་གྱི་ཆབ་སྲིད་བརྟན་པོ་ཡོད་ན་རྒྱལ་སྤྱིའི་གནོན་ཤུགས་ཀྱིས་རྒྱ་ནག་ནང་ལ་འགྱུར་བ་གང་ཡང་གཏོང་ཐུབ་ཀྱི་མ་རེད་། དཔེར་ན་བྱང་ཀོ་རའི་ཡ་ལྟོས་ན་གསལ་བོ་རྟོགས་ཐུབ། བྱང་ཀོ་རའི་ཡའི་ཆབ་སྲིད་ཀྱི་ལམ་ལུགས་རྒྱ་ནག་ལས་ཆེས་སྡིག་པ་རེད་། ཡིན་ཡང་རྒྱལ་ཕྲན་འདི་ལྟ་བུ་ཞིག་ལ་རྒྱལ་སྤྱིའི་གནོན་ཤུགས་ཀྱིས་འགྱུར་བ་གཏོང་མ་ཐུབ་ན་རྒྱ་ནག་ལྟ་བུ་ཞིག་ལ་སྨོས་མ་དགོས་སོ། དེས་ན་ང་ཚོས་རེ་བ་བྱེད་ས་གཙོ་བོ་རྒྱ་ནག་མི་དམངས་ཡིན་ནམ་ཅེ་ན་དེ་ཡང་མ་ཡིན་། ཁོང་ཚོའི་ནང་ཁུལ་ལ་ཆབ་སྲིད་ཀྱི་ལྟ་བ་མ་མཐུན་པ་ཅི་ཞིག་བྱུང་ཡང་བོད་ལ་རང་བཙན་སྟེར་མིན་ཐད་ལྟ་བ་གཅིག་མཐུན་རེད་། རྒྱུ་མཚན་གང་ཡིན་ཞེ་ན་རྒྱ་མི་རིགས་འདི་ལ་རྒྱའམ་ཞེན་ཕྱོགས་ཧ་ཅང་ཆེན་པོ་ཡོད་པའི་མི་རིགས་ཤིག་རེད་། དེས་ན་ང་ཚོར་རེ་བ་གཏན་ནས་མེད་དམ་ཅེ་ན་། བོད་ལ་རང་དབང་ཐོབ་པའི་དུས་ཤིག་ངེས་པར་དུ་ཡོད་པ་རེད་། དེ་ནི་རྒྱ་ནག་དམངས་གཙོ་ལ་འགྱུར་བའི་སྐབས་རེད་། ཇི་སྲིད་རྒྱ་ནག་དམངས་གཙོ་ལ་མ་འགྱུར་བ་དེ་སྲིད་དུ་བོད་ལ་རང་བཙན་ཐོབ་མི་སྲིད་དོ་། མི་རིང་བར་རྒྱ་ནག་དམངས་གཙོ་ལ་འགྱུར་བར་ཤོག་ཅིག ཡང་གླེན་པ་ཁ་ཅིག་གིས་སྦྱིན་པ་དང་སྲོག་གཅོད་གཉིས་ཀྱི་ཁྱད་པར་མ་ཤེས་ནས་སྟག་མོར་ལུས་སྤྱིན་དཔེར་དྲངས་ནས་རང་སྲོག་གཅོད་མཁན་ཚོར་ཡི་རང་བྱེད་ཀྱིན་འདུག བདག་ཅག་གི་སྟོན་པའི་སྐྱེ་རབས་ཤིག་ལ་སྐུ་ཁྲག་སྦྱིན་པ་བཏང་བ་ལས་སྐུ་སྲོག་བཅད་པ་མ་རེད་། འདི་ནི་ཆེས་མཆོག་ཏུ་ཕྱིན་པའི་སྦྱིན་པ་རེད་མ་གཏོགས་རང་སྲོག་བཅད་པ་མ་རེད་།
    རྒྱལ་སྲས་མཆོག་གིས་སྙིང་རྗེའི་མ་བཟོད་པར་སྟག་གི་མདུན་དུ་ཉལ་བས་སྟག་མོར་ནུས་པ་མེད་པས་ཟ་མ་ཐུབ་ཚེ། རྒྱལ་སྲས་ནས་ཤིང་གི་ཡལ་ག་ཞིག་གིས་སྐུ་ལུས་ལས་ཁྲག་བྱུང་བ་རེད་མ་གཏོགས་སྐུ་སྲོག་ བཅད་ཡོད་པ་མ་རེད་། གཞུང་ཆེན་མོ་ནས་བྱང་ཆུབ་ སེམས་དཔའི་སྤྱོད་པ་བསྟན་པའི་སྐབས། སོར་སྐྱེའི་བྱང་ཆུབ་སེམས་དཔའི་སྐུ་ལུས་སྦྱིན་པ་གཏོང་བ་དམིགས་པ་ལས་དངོས་སུ་གཏོང་མི་རུང་། རྒྱུ་མཚན་ནི་ས་མ་ཐོབ་པའི་སོར་སྐྱེའི་ཚོས་གལ་ཏེ་སྐུ་ལུས་སྦྱིན་པ་བཏང་ན་འགྱོད་པ་སྐྱེ་སྲིད་པའི་ཕྱིར་རོ་། དེ་ན་རང་ཅག་རྣམས་ལ་སྨོས་མ་དགོས་སོ། ལྷག་པར་དུ་སྐུ་ལུས་མེ་སྲེག་བཏང་བ་རང་སྲོག་བཅད་པ་ལས་སྦྱིན་པ་མ་ཡིན་ནོ་། སྦྱིན་པ་དང་རང་སྲོག་བཅད་པ་གཉིས་ཀྱི་ཁྱད་པར་མཁྱེན་རོགས་ཞུ། རྒྱུ་མཚན་འདི་ལ་བརྟེན་ནས་རང་སྲོག་མ་གཅོད་རོགས། ཁོ་བོས་སྙིང་ནས་ཞུ། ། །ཅེས་པ་འདི་ནི སྤྱི་ལོ ༢༠༡༢ ཟླ་དྲུག་པའི་ཚེས ༢༡ ཉིན་ཨ་རིའི་གྲོང་ཁྱེར་ཞིག་ཏུ་རྟ་བདུན་དབང་བོས་བོད་ཀྱི་དཔའ་བོ་དཔའ་མོ་ཚོར་སྙིང་ནས་འབོད་སྐུལ་ཞུ། ། Hello every one, Please send this letter to all your friends if you agree with this letter. Thanks, Nyima.

    Reply
  2. ནད་པ says:
    ལོ་ 13 སྔོན།

    རང་རྒྱལ་གཞན་ཕམ་མཐའ་གཉིས་ཕྱོགས་མ་ལྷུང་།།
    ཡང་དག་ཆོས་སྲིད་ལམ་སྟོན་གསལ་བར་མཛད།།
    འཚེ་མེད་ཞི་བདེའི་ནུས་སྟོབས་རྨད་བྱུང་དག།
    ཨེ་མ་འཛམ་གླིང་ཀུན་གྱིས་མངོན་པར་བསྟོད།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese