མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐྱིད་ན་མཉམ་སྐྱིད་དང་སྡུག་ན་མཉམ་སྡུག་བྱེད་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༦/༢༤
Share on FacebookShare on TwitterShare on EmailShare on Whatsapp


ཉེ་ལམ་བོད་ཨ་མདོ་རྔ་པ་ཆུ་ཆེན་རྫོང་ཁོང་ནས་ཕེབས་པའི་མཁན་པོ་ཞིག་གིས་ཁོང་གི་ཕ་ཡུལ་གྱི་གནས་སྟངས་དང་། ཁོ་རང་ཉིད་ཀྱིས་འདས་པའི་ལོ་ཟླའི་ནང་བོད་དོན་ཐོག་ཕྱག་ལས་གང་འདྲ་གནང་ཡོད་མེད་སྐོར་ངོ་སྤྲོད་གནང་ཡོད།

འདི་ལོའི་དུས་འཁོར་དབང་ཆེན་སྐབས་བོད་ཨ་མདོ་རྔ་པ་ཁུལ་ཆུ་ཆེན་རྫོང་གསང་ཆེན་སྔ་འགྱུར་ཨ་ཁོ་རིས་ཐུབ་བསྟན་ཉི་ཤར་གླིང་གི་མཁན་པོ་ཆོས་འཕེལ་ལགས་རྒྱ་གར་རྡོ་རྗེ་གདན་དུ་༧གོང་ས་མཆོག་གི་དབང་ཞུ་རུ་ཕེབས་ཡོད་ཀྱང་། ཁོང་ཡོང་ཤུལ་དུ་རྒྱ་གཞུང་གི་ཉེན་རྟོག་པས་ཁོང་གི་ནང་མིར་སྐད་ཆ་འདྲི་བ་དང་། ཆུ་ཆེན་རྫོང་གསང་ཆེན་སྔ་འགྱུར་དགོན་ལ་རྩད་གཅོད་བྱས་པ་བཅས་ལ་བརྟེན། ཕ་ཡུལ་ནས་ཁོང་ཕྱིར་བོད་དུ་ལོག་ཚེ་རྒྱ་གཞུང་གིས་འཛིན་བཟུང་བྱེད་རྒྱུའི་ཉེན་ཁ་ཡོད་པའི་བརྡ་ལན་འབྱོར་བ་ལྟར། ཁོང་ཕྱིར་བོད་དུ་ལོག་མ་ཐུབ་པར་ངྷ་རམ་ས་ལའི་དབུས་སྣེ་ལེན་ཁང་དུ་བཞུགས་ཡོད།

ཉེ་ཆར་འདི་གའི་གསར་འགོད་པས་ཁོང་དང་ཐུག་འཕྲད་གནང་སྟེ། དེ་སྔ་ཕ་ཡུལ་ནས་བོད་དོན་དང་འབྲེལ་བའི་ཕྱག་ལས་ག་རེ་གནང་ཡོད་མེད་དང་། ཁོང་གི་ཕ་ཡུལ་ཀྱི་ད་ལྟའི་གནས་སྟངས་གང་འདྲ་ཡིན་མིན་སྐོར་ལ་གླེང་མོལ་བྱས་ཡོད། མཁན་པོ་ཆོས་འཕེལ་ལགས་ཀྱིས་བརྗོད་པ་ལྟར་ན། རྒྱ་གཞུང་གིས་ ༢༠༠༨ ལོའི་ཕྱི་ཟླ་ ༣ པའི་ཟླ་མགོར་ཨཱ་ཁོ་རིས་དགོན་པའི་ནང་དམག་མི་དང་ཉེན་རྟོག་པ། ས་གནས་ཀྱི་ལས་བྱེད་བཅས་མི་ ༣༠༠ ཡས་མས་ཤིག་ཡོང་སྟེ། ཟླ་ ༦ ལྷག་གི་རིང་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོ་སྤེལ་པ་དང་མཉམ་དུ་དགོན་པའི་འདུ་ཁང་དང་གྲྭ་ཤག་གི་སྟེང་དུ་རྒྱ་ནག་གི་རྒྱལ་དར་བསྒྲེངས་པ་དང་། ༸གོང་ས་མཆོག་ལ་ངོ་རྒོལ་དང་ཁོང་གི་སྐུ་པར་གཞུང་ལ་རྩིས་སྤྲོད་བྱེད་དགོས་པའི་བཙན་བཀའ་བཏང་སྟེ། དགོན་པའི་རྒྱུན་ལས་བསྡུ་སྐོང་གིས་ཚོགས་འདུ་རབ་དང་རིམ་པ་ཚོགས་ཡོད་སྐོར་ངོ་སྤྲོད་གནང་སོང་།   

ཡང་ཁོ་རང་གིས་བོད་དོན་དང་འབྲེལ་བའི་ཕྱག་ལས་ཅི་གནང་སྐོར་བརྗོད་དོན། “ ང་རང་གིས་ཚོགས་འདུ་རིམ་པའི་ཁྲོད་ཀྱི་བརྗོད་གཞི་དང་ལས་བྱེད་ཚོའི་བྱེད་སྟངས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་པ་དང་། དམག་མི་དང་ཉེན་རྟོག་མི་སྣ། ལས་བྱེད་བཅས་ཀྱི་དགོན་གྲོང་གཉིས་ལ་གང་བྱུང་གཅར་རྡུང་འཛིན་བཟུང་བྱས་པའི་གནས་ཚུལ་དག་ཡིག་ཐོག་ཏུ་བཀོད་དེ། ཀྲུང་དབྱང་སྲིད་གཞུང་དང་རྔ་པ་རང་སྐྱོང་ཁུལ། ཆུ་ཆེན་རྫོང་བཅས་ཀྱི་མགོ་ཁྲིད་ལ་སྔ་ཕྱི་ཞུ་གཏུགས་ཡི་གེ་ཐེངས་བརྒྱད་བྲིས་ཡོད་ཡོད་ཀྱང་། གོང་རིམ་གྱིས་ས་གནས་ལ་བཟང་ཕྱོགས་ཀྱི་རྣམ་འགྱུར་གང་ཡང་བསྟན་མ་སོང” ཞེས་བརྗོད་སོང་།

ད་དུང་མཁན་པོ་ཁོང་གིས་ ༢༠༠༨ ལོའི་ཕྱི་ཟླ་ ༤ བའི་ནང་དགོན་པའི་ནང་རྒྱ་ནག་གི་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་གྱི་སྦྱར་ཡིག་ཅིག་བྲིས་ཏེ་དགོན་པའི་གླིང་གི་བརྩིག་གྱང་དང་རྒྱ་ནག་གི་རྒྱལ་དར་བསྒྲེངས་སའི་ལྕགས་སྡོང་། རྒྱ་ནག་གི་ལས་བྱེད་དང་དམག་མི་སྡོད་སའི་སྒོ་ངོས་སོགས་སུ་སྤྱར་ཏེ། བདུན་ཕྲག་གཅིག་ལྷག་རིང་དགོན་པའི་མདུན་ངོས་ཀྱི་རྫ་གསེབ་ཁག་ཏུ་བྲོས་བྱོལ་གནང་ཡོད་འདུག་པ་དང་། སྐབས་དེར་རྒྱ་ནག་གཞུང་གིས་དགོན་པ་དང་ཁོང་གི་ནང་མིར་ཁོ་རྩིས་སྤྲོད་དགོས་པའི་བཙན་བཀའ་བཏང་ཡོད་པ་མ་ཟད། འཛིན་བཟུང་གི་ཐབས་ཤེས་རིམ་པ་བྱས་ཀྱང་ཁོང་མི་མེད་ལུང་སྟོང་ཁག་ཏུ་ཉུལ་ཏེ་ཟླ་གཅིག་ལྷག་རིང་བཞུགས་ཡོད་ཅིང་། རྗེས་སུ་དགོན་གྲོང་གཉིས་ཀྱིས་ས་གནས་སྲིད་གཞུང་ལ་ཕྱིར་དགོན་པར་ཡོང་འཇུག་དགོས་པའི་རེ་འདུན་ཡང་ཡང་བཏོན་མཐར་ཁོང་ཕྱིར་དགོན་ནང་དུ་ཡོང་བཅུག་ཡོད་འདུག

སྐབས་དེར་ཟི་ཁྲོན་ཞིང་ཆེན་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་དམར་ཤོག་དྲུང་ཆེ་དང་འཐབ་ཕྱོགས་གཅིག་གྱུར་ཁང་གི་དམར་ཤོག་དྲུང་ཆེ་སོགས་མཐོ་རིམ་དཔོན་རིགས་ཁག་ཅིག་དང་། ཉེན་རྟོག་པ་དང་དམག་མི་བཅས་ཀྱི་ཚོགས་འདུ་བསྐོངས་ཏེ་ཁོང་ལ་འདྲི་ཞིབ་དང་སློབ་གསོ་བཏང་ཡོད་པ་མ་ཟད། མ་འོངས་པར་དགོན་པའི་འཐུས་ཚབ་བྱས་ཏེ་ཚོགས་འདུར་བཅར་དགོས་པ་དང་། མ་འོངས་པར་མི་མང་ལ་ཁ་ཏ་སློབ་གསོ་བཏང་སྟེ་ལས་འགུལ་ནང་ཞུགས་མི་འཇུག་རྒྱུར་འགན་ལེན་བྱས་ཚེ་སྤྲུལ་སྐུའི་གོ་གནས་དང་ཐོབ་ཐང་སྤྲོད་རྒྱུ་ཡིན་ཚུལ་སོགས་བརྗོད་ཡོད་འདུག

གསར་འགོད་པས་ཁོང་ལ་རྒྱལ་རོང་ས་ཆར་བོད་ཀྱི་རིག་གཞུང་གི་གནས་སྟངས་གང་འདྲ་ཡོད་མེད་དྲིས་པའི་ལན་དུ། “རྒྱལ་རོང་ས་ཆར་མཚོན་ན། རིག་གནས་གསར་བརྗེ་དང་བཅོས་བསྒྱུར་སྒོ་འབྱེད་བཅས་ཀྱི་ཤུགས་རྐྱེན་འོག ད་ལྟའང་ཆུ་ཆེན་རྫོང་དང་འབར་ཁམས་རྫོང་། བཙན་ལྷ་རྫོང་བཅས་རྫོང་ཁག་གསུམ་ནང་དགོན་པ་རེ་ཟུང་ལས་བོད་ཡིག་གི་སློབ་གྲྭ་གཅིག་ཀྱང་ཡོད་པ་མ་རེད། རིག་གཞུང་དང་ཡུལ་སྲོལ། སྐད་ཡིག་ཉམས་དམས་སུ་སོང་བའི་རྒྱུ་རྐྱེན་གཙོ་བོ་འདིར་ཐུག་ཡོད་པ་རེད། ལྷག་པར་དུ་རོང་ཕྱོགས་ཀྱི་ས་གནས་ཁག་ཅིག་ཏུ་ཕ་མ་དག་ལ་རང་གི་རིག་གཞུང་དང་ཡུལ་སྲོལ། སྐད་ཡིག་སོགས་ཀྱི་བག་ཆགས་དང་སློབ་སྦྱོང་མེད་སྟབས། དེ་དག་གི་བྱིས་པ་ཚང་མས་མི་རིགས་རང་གི་རིག་གཞུང་གི་ཕྱོགས་ནས་ཡོད་ཚད་བརླགས་ཚར་འདུག་ལ། ཁག་ཅིག་གིས་བོད་སྐད་ལས་བོད་ཡིག་རྐང་གཅིག་ཀྱང་མི་ཤེས་པའི་ཚད་དུ་བསླེབས་ཡོད། 

དེང་སྐབས་བྱིས་པ་ཚོ་རྒྱའི་སློབ་གྲྭར་གཏོང་གི་ཡོད་ཀྱང་། སློབ་གྲྭའི་དགེ་རྒན་མང་ཆེ་བ་མགོ་ཁྲིད་ཀྱི་གཉེན་ཉེ་དང་ཡིག་རྒྱུགས་མ་ལོན་པའི་རིགས། དམག་མིའི་ཁོངས་ནས་ཐོན་མཁན་སོགས་ཡིན་སྟབས། སློབ་གྲྭའི་ནང་ཤེས་ཡོན་སྤེལ་ཐུབ་ཀྱི་མེད་པའི་ཁར། བྱིས་པ་རྣམས་ཕ་མའི་ཁ་ལ་མི་ཉན་མཁན་དང་རྐུ་བྱེད་མཁན། ཆང་དང་ཐ་མག་འཐེན་མཁན་སོགས་སུ་འགྱུར་བཞིན་འདུག་པ་མ་ཟད། རྒྱན་འགུག་ཤོ་རྒྱག་གིས་ཁྲིམས་ཐོག་ཏུ་འགྲོ་དགོས་པའི་གནས་ཚུལ་ཡང་རེ་ཟུང་བྱུང་སྟབས། འབྲོག་པ་མང་པོ་ཞིག་གིས་བྱིས་པ་སློབ་གྲྭར་གཏོང་མ་འདོད་པར་ཕྱུགས་ཟོག་འཚོ་སྐྱོང་བྱེད་དུ་འཇུག་གི་ཡོད།

ང་ཚོའི་ས་ཁུལ་དུ་བོད་རིགས་ལས་བྱེད་ཧ་ཅང་དཀོན་པོ་རེད། རེ་ཟུང་ཡོད་པ་དག་གིས་ཀྱང་བོད་ཡིག་བོད་སྐད་མི་ཤེས་མཁན་དང་བོད་པར་ལ་ཞེན་མེད་མཁན་ཆགས་ཡོད། ལས་བྱེད་ཚང་མ་རྒྱ་མི་དང་དམག་ཁོངས་ནས་ཡོང་བ་རྐྱང་རེད། བོད་ཡིག་སློབ་གྲྭ་གསར་འཛུགས་ཀྱི་ཐད་ནས་རྒྱལ་རོང་ས་ཆའི་འཐུས་མི་ཚོགས་ཆེན་དུ་བཅར་མཁན་ཚོར་རེ་སྐུལ་ཐེངས་མང་ཞུས་ཀྱང་། རྫོང་དཔོན་གྱིས་བོད་ཡིག་སློབ་གྲྭ་གསར་འཛུགས་ཀྱི་བསམ་འཆར་འདོན་མི་ཆོག་ཚུལ་དང་། དེ་གོང་རིམ་གྱི་བཀའ་ཡིན་ཚུལ་བཤད་དེ་ད་ལྟའི་བར་བསྐྱར་དུ་གླེང་མཁན་བྱུང་ཡོད་པ་མ་རེད།” ཅེས་སོགས་ཀྱི་དཀའ་ངལ་བརྗོད་བྱུང་།

མཐར་ཁོང་གིས་ “ བོད་ནང་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་སྐོར་ཕྱི་ལོགས་ཀྱི་གསར་འགྱུར་བརྒྱུད་དེ་གོ་ཡོང་སྐབས། བོད་མི་མང་ཆེ་བས་སོ་སོའི་ནང་ནས་མཆོད་མེ་འཇོག་པ་དང་མ་ཎི་འདོན་པ་སོགས་བྱས་ཏེ། བོད་མི་ཚང་མ་སྐྱིད་ན་མཉམ་སྐྱིད་དང་སྡུག་ན་མཉམ་སྡུག་གི་བསམ་པ་སྟོན་གྱི་འདུག རྒྱ་གཞུང་གིས་གང་འདྲ་ཞིག་བྱས་ཀྱང་རྒྱ་གར་དུ་ཡོད་པའི་༧རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་གི་ངོས་ནས་ཅིག་གནང་གི་རེད་སྙམ་པའི་རེ་བ་དང་ཡིད་ཆེ་ཆེན་པོ་གནང་བསྡད་འདུག ” ཅེས་སོགས་བརྗོད་བྱུང་། 

གསར་འགོད་པ། དོན་གོ

བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བསྐྱར་འགོད་བྱས་པ་ཡིན།

འབྲེལ་ཡོད་གསར་འགྱུར།

The BBC visited the Kirti monastery in Aba as the Dalai Lama turned 90
Mobile App

༧སྐུའི་གོ་སྟོན་དང་འབྲེལ་བོད་ནང་དུ་དམ་དྲག་ཤུགས་ཆེན་བྱེད་བཞིན་འདུག

ཆུ་ཚོད་ ༥ སྔོན་ལ།
རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག ལྷ་སྲས་བསོད་ནམས་ཀྱི་པར། ༢༠༢༥།༧།༤
Mobile App

རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག

ཆུ་ཚོད་ ༥ སྔོན་ལ།
༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༤
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས།

ཆུ་ཚོད་ ༦ སྔོན་ལ།
Front Slider

འཇམ་དབྱངས་བཀྲ་ཤིས་ཀྱི་གླུ་གཞས་སྒྱུ་རྩལ་གྱི་ལམ་བུ།

༢༠༢༥/༠༧/༠༣
རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གསུམ་པ་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༧།༣
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐོག་རྒྱལ་ཁབ་ ༡༥ ནས་ཚོགས་ཞུགས་བྱས་འདུག

༢༠༢༥/༠༧/༠༣
སིམ་ལའི་བོད་མི་ཡོངས་ཀྱིས་༸སྐུའི་གཅེན་པོ་ཞིང་གཤེགས་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་རེ་ཕུལ་སོང་།  ༢༠༢༥།༠༧།༠༢ དུས་བབ་ཀྱི་པར།
Mobile App

༧སྐུའི་གཅེན་པོ་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་བཀའ་ཟུར་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་གཟེངས་རྟགས་ཕུལ།

༢༠༢༥/༠༧/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese