མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཁྲི་མཆོག་ཨོ་སི་ཊོ་ལི་ཡར་ཕེབས་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༦/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཉིན་འདི་འགར་བཀའ་ཁྲི་མཆོག་གིས་ཨོ་སི་ཊོ་ལི་ཡའི་གྲོས་ཚོཊ་འཐུས་མི་དང་། རྒྱ་རིཊ་མང་གཙོ་དོན་གཉེར་བ་ཚོར་མཇལ་འཕྲད། ས་གནས་བོད་མི་ཚོར་བཀའ་ཤག་གི་སྲིད་བྱུས་ངོ་སྤྲོད་གནང་བཞིན་ཡོད། 

ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག ལྡི་ལི་ནས་མཁའ་ལམ་བརྒྱུད་ཨོ་ལི་ཊོ་ལི་ཡའི་གྲོང་ཁྱེར་མེལ་བྷོན་དུ་འབྱོར་སྐབས། ཡུལ་དེར་གནས་སྡོད་སྐུ་ཚབ་དོན་གཅོད་གཙོས་བོད་རིགས་ཚོཊ་པའི་སྐུ་ཚབ་དང་ནང་པའི་འཐུས་མི་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་འདུག

ཕྱི་ཚེས་ ༢༤ ཉིན་གྱི་སྔ་དྲོ་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག བཙན་བྱོལ་བོད་མིའི་མང་གཙོ་འཕེལ་རིམ་དང་། བོད་ནང་རང་ལུས་མེར་བསྲེགས་གཏོང་བཞིན་པའི་གནས་སྟངས། རྒྱ་གཞུང་གིས་བོད་ནང་གི་བོད་མི་ཚོར་དམ་དྲག་བྱེད་སྟངས་སོགས་ངོ་སྤྲོད་དང་། བོད་མིའི་འཚེ་མེད་ཞི་བའི་འཐབ་རྩོད་ལ་རྒྱལ་སྤྱིའི་སྟེང་རྒྱབ་སྐྱོར་ཐོབ་ཚུལ། བོད་མིའི་སྒྲིག་འཛུགས་ཀྱི་ལམ་དབུ་མའི་སྲིད་བྱུས། དེ་བཞིན་རྒྱ་ནག་མང་གཙོ་ཅན་དུ་གྱུར་ན་བོད་ལ་ཁེ་ཕན་ཅི་ཡོད་སྐོར་གཏམ་བཤད་སྤེལ་ཡོད་འདུག

ཉིན་དེའི་ཕྱི་དྲོ་བཀའ་ཁྲི་མཆོག་གིས་མེལ་བྷོན་གྲོང་ཁྱེར་གནས་སྡོད་རྒྱ་རིགས་མང་གཙོ་དོན་གཉེར་བ་དང་རྩོམ་པ་པོ། བོད་དོན་རྒྱབ་སྐྱོར་བ། སློབ་ཕྲུག་བཅས་ལ་ཐུག་འཕྲད་གནང་སྟེ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ལངས་ཕྱོགས་དང་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་དང་དྲི་བ་དྲིས་ལན་གནང་འདུག དེའི་རྗེས་ཁུལ་དེར་གནས་སྡོད་ཆབ་སྲིད་བཙོན་པ་གཙོས་པའི་བོད་རིགས་མང་ཚོགས་ལ་བོད་ནང་གི་གནས་སྟངས་དང་བཀའ་ཤག་གི་སྲིད་བྱུས་ངོ་སྤྲོད། ཕྱི་རྒྱལ་བོད་རིགས་ཚོགས་པ་ཁག་གིས་རྒྱ་བལ་འབྲུག་གསུམ་གྱི་གཞིས་མི་ཉམ་ཆུང་ཚོར་རོགས་རམ་གནང་དགོས་པའི་འབོད་སྐུལ་བཅས་གནང་འདུག

ཕྱི་ཚེས་ ༢༥ ཉིན་བཀའ་ཁྲི་མཆོག་གིས་ཨོ་སི་ཊོ་ལི་ཡའི་གསར་ཁང་གྲགས་ཅན་ (ABC News Breakfast) ཡི་བཅར་འདྲི་དང་ལེན་གནང་ཡོད་པ་མ་ཟད། ཨོ་སི་ཊོ་ལི་ཡའི་ལྗང་ཁུ་ཚོགས་པའི་མགོ་ཁྲིད་ཟུར་པའམ་བོད་དོན་རྒྱབ་སྐྱོར་བ་བྷོབ་བྷོ་རོན་ (Bob Brown) མཆོག་དང་མཇལ་འཕྲད་གནང་འདུག་ལ། སྐབས་དེར་ཌེ་ཀིང་གཙུག་ལག་སློབ་ཁང་ (Deakin University) དུ་ཚོགས་པའི་མཁས་པའི་བགྲོ་གླེང་སྟེང་མཉམ་ཞུགས་དང་། ཨོ་སི་ཊོ་ལི་ཡའི་བོད་དོན་རྒྱབ་སྐྱོར་བ་ཚོར་མང་གཙོ་དང་ནང་ཆོས། ཨེ་ཤ་ཡའི་མདུན་ལམ་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་ཡོད་འདུག 

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ཁྲིམས།

ཆུ་ཚོད་ ༡༢ སྔོན་ལ།
བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

༢༠༢༦/༠༧/༡༧
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༧/༡༧
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

༢༠༢༦/༠༧/༡༧
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦

མཆན། 2

  1. གནས་ཚང་། says:
    ལོ་ 14 སྔོན།

    བཀའ་ཁྲིའི་དབུ་མའི་ལམ་བཤད་དགོས་ཀྱི་ཡོད་པ་རེད། ད་དུང་གྲོས་ཚོགས་ནས་བཅོས་བསྒྱུར་གནང་ཡོད་པ་མ་རེད། གལ་སྲིད་བསམ་ཚུལ་ཡོད་ན། སྐུ་ངོ་སྤེན་ཚེ་ཞུས་ནས་འགྱུར་བ་གཏོང་དགོས་ཀྱི་ཡོད་པ་རེད་ལ། དེ་ནས་བཀའ་ཁྲིས་ཀྱང་གསུང་མདོག་ཁ་བོ་མ་རེད།

    Reply
  2. སྐར་མདའ། says:
    ལོ་ 14 སྔོན།

    བཀའ་ཤག་གི་ལངས་ཕྱོགས་དང་དབུ་མའི་ལམ་གྱི་སྲིད་བྱུས་སོགས་ལ་ཁ་གཡར་ཏེ་རྒྱལ་ཁབ་གཞན་ཁག་ཏུ་ལྟ་སྐོར་རྐྱང་རྐྱང་བྱས་ནས་བསྡད་ན། བཀའ་ཁྲིའི་མིག་མདུན་གྱི་བོད་དོན་ཞོར་དུ་འགྲུབ་རེ་ཡོད་པ་འདྲ། བཀའ་ཁྲིས་ཕྱི་རྒྱལ་བོད་རིགས་ཚོགས་པ་ཁག་གིས་རོགས་རམ་གནང་དགོས་པའི་འབོད་སྐུལ་ཞུས་པ་དེ་ཡང་གཞན་བརྟེན་གྱི་ལས་ཕྱོགས་ཤིག་རེད། བཀའ་ཁྲི་ཡང་དམིགས་བསལ་སྐུ་ཚབ་ཟུར་བ་ཚོ་དང་ཧ་ཅང་འདྲ་བོ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese