མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབང་འདུས་ཕོ་བྲང་ལ་མེ་སྐྱོན།

བོད་ཀྱི་དུས་བབ།
༢༠༡༢/༠༦/༢༦
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ཉི་མའི་ཉིན་འབྲུག་རྒྱལ་ཁབ་ཀྱི་དབང་འདུས་ཕོ་བྲང་ལ་མེ་སྐྱོན་བྱུང་སྟེ། མི་གཉིས་ལ་རྨས་སྐྱོན་དང་རྫོང་གི་ལས་ཁུངས་ཁག་ལ་གཏོར་སྐྱོན་ཚབས་ཆེན་བྱུང་འདུག

ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༤ བ་ཡས་མས་སུ་འབྲུག་རྒྱལ་ཁབ་ཀྱི་ལོ་ ༤༠༠ ལྷག་གི་ལོ་རྒྱུས་ལྡན་པའི་དབང་འདུས་ཕོ་བྲང་ཞེས་པར་མེ་སྐྱོན་བྱུང་ཡོད་པ་དང་།  དུས་ཡུན་ཆུ་ཚོད་ ༥ རིང་གི་མེ་སྐྱོན་ཁྲོད་མི་གཉིས་ལ་རྨས་སྐྱོན་ཚབས་ཆེན་བྱུང་ཡོད་པ་མ་ཟད། ཕོ་བྲང་ནང་གི་རྩ་ཆེ་བའི་ལོ་རྒྱུས་ཀྱི་ཤུལ་རྫས་མང་པོ་འཕྲོ་བརླག་ཏུ་ཕྱིན་པ་དང་། རྫོང་གི་ལས་ཁུངས་མང་པོ་ཞིག་ལ་གཏོར་སྐྱོན་ཚབས་ཆེན་བྱུང་ཡོད་འདུག      

ཉེ་ལམ་མེ་སྐྱོན་དེ་རྫོང་གི་ལས་ཁུངས་ཞིག་ནས་རིམ་གྱིས་མཆེད་པ་ཞིག་ཡིན་པ་ཙམ་ལས་མེ་སྐྱོན་གྱི་བྱུང་རྐྱེན་གསལ་བོ་ཤེས་ཀྱི་མེད་ཀྱང་།  གནས་ཚུལ་བྱུང་རྗེས་འབྲུག་རྒྱལ་བོ་དང་ནང་སྲིད་བློན་ཆེན་སོགས་ས་གནས་སུ་གཟིགས་སྐོར་དུ་ཕེབས་ཏེ། ཐེངས་འདིའི་མེ་སྐྱོན་དེ་ནི་འབྲུག་རྒྱལ་ཁབ་དང་མི་དམངས་ཀྱི་ གྱོང་གུན་ཆེ་ཤོས་ཡིན་པར་འགྲེལ་བརྗོད་བྱས་ཡོད་འདུག

དབང་འདུས་ཕོ་བྲང་ནི།  སྤྱི་ལོ་ ༡༦༣༨ ལོར་བོད་ཀྱི་བླ་མ་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་འབྲུག་ཡུལ་དབང་བསྒྱུར་བྱེད་པའི་སྐབས་སུ་གསར་བཞེངས་གནང་བ་ཞིག་དང་། འབྲུག་ཡུལ་གྱི་རྫོང་ཁག་རྙིང་ཤོས་གསུམ་པ་དེ་ཆགས་ཡོད་འདུག

ཕྱི་ཚེས་ ༢༡ ཉིན་རྒྱ་ནག་གི་སྲིད་བློན་ཝུན་ཅཱ་པའོ་དང་འབྲུག་རྒྱལ་ཁབ་ཀྱི་བློན་ཆེན་འཇིགས་མེད་འཕྲིན་ལས་གཉིས་སྦེལ་ཇམ་གྱི་རྒྱལ་ས་སྦེལ་སིལ་དུ་ཐུག་འཕྲད་ཀྱིས། རྒྱལ་ཁབ་གཉིས་ཀྱི་ས་མཚམས་དང་བདེ་འཇགས་སྐོར་ལ་གྲོས་མོལ་བྱས་ཡོད་འདུག་ལ། རྒྱ་ནག་གཞུང་འབྲེལ་དྲ་བའི་སྟེང་སྐབས་དེར་འབྲུག་གི་བློན་ཆེན་གྱིས་རྒྱ་ནག་གཅིག་གི་སྲིད་ཇུས་ལ་རྒྱབ་སྐྱོར་བྱས་ཡོད་པའི་གནས་ཚུལ་སྤེལ་འདུག  ཐེངས་འདི་ནི་རྒྱ་ནག་དང་འབྲུག་གི་ཆེས་མཐོའི་དཔོན་རིགས་ཐུག་འཕྲད་བྱས་པ་ཐོག་མ་དེ་ཆགས་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

སྐར་མ ༣༥ སྔོན་ལ།
བསམ་ཚུལ།

བོད་ཀྱི་དཔའ་རྒོད་རང་བཙན་བློ་དགའ་ལས་འཕྲོས་པའི་རྗེས་དྲན།

ཆུ་ཚོད་ ༣ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

ཆུ་ཚོད་ ༢༡ སྔོན་ལ།
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

༢༠༢༦/༠༧/༠༩
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

༢༠༢༦/༠༧/༠༩
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

༢༠༢༦/༠༧/༠༩

མཆན། 4

  1. ཁྱམས་འཇུགས་ says:
    ལོ་ 14 སྔོན།

    རྒྱ་མིའི་ཀུབ་ལྡེག་འབྲུག་སྐྱག་ཟས་དམར་མོ་མེའི་འཇོམ་དུས་སྙིང་ཚིམས

    Reply
  2. རོ་ལངས། says:
    ལོ་ 14 སྔོན།

    གཅིག་ནས་འདི་ཡང་འཛམ་གླིང་གི་ཤུལ་ནོར་ལ་གྱོང་གུད་ཚབ་ཆེན་ཞིག་རེད།

    གཉིས་ནས་ངེས་པར་དུ་མེ་སྐྱོན་བྱུང་བའི་རྒྱུ་རྐྱེན་ལ་བརྟགས་དཔྱད་ནན་པོ་བྱེད་དགོས་པར་འདོད།

    Reply
  3. ནད་པ says:
    ལོ་ 14 སྔོན།

    སྤྱི་ཚེས་ ༢༡ ཉིན་འབྲུག་གི་བློན་ཆེན་འཇིགས་མེད་དང་རྒྱ་ནག་གི་སྲིད་བློན་ཧུན་ཇའོ་པའོ་གཉིས་ཐུག་འཕྲད་བྱས་རྗེས་འབྲུག་གི་ཕོ་བྲང་རྙིང་པར་མེ་སྐྱོན་ཚབས་ཆེན་ཤོར་བ་དེ་ནི་བཀྲ་མི་ཤིས་པའི་སྔ་བལྟས་གཅིག་ཡིན།

    བོད་ཀྱི་གནའ་རབས་གཏམ་དཔེ་ལས་་་་་ནང་དུ་མེ་ཤོར་ན་་་ནང་དུ་རྒུད་ཤོར་་་་ཟེར་བའི་ངན་ལྟས་བཤད་སྲོལ་འདུག

    དེ་ནི་གུང་ཁྲན་ཏང་གིས་ད་ཆ་རྒྱ་ནག་གི་གནའ་སྔ་མོའི་འབྲུག་གི་བྲིས་པའི་རི་མོ་དང་། འབྲུག་གི་རིག་གཞུང་སོགས་ཚང་མ་རྒྱ་ནག་ཆ་ཤས་ཤིག་ཡིན་པ་དེ་གསལ་བཤད་བྱ་རྒྱུའི་གོ་སྐབས་ཤིག་ཤར་བ་རེད།

    འབྲུག་གི་བློན་ཆེན་གྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལ་ཁས་ལེན་བྱས་ཚེ་བོད་དང་། ལ་དྭགས། མོན་རྟ་དབང་། ཨ་རུན་ཅལ་མངའ་ཁུལ། འབྲུག་བཅས་ཚང་མ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་ཁས་ལེན་བྱས་ཡོད།

    ད་ཆ་ང་ཚོ་བོད་རིགས་ཚོས་ཀྱང་རྒྱ་ནག་གཅིག་གི་སྲིད་ཇུས་ལ་ཁས་ལེན་ངེས་པར་དུ་བྱེད་དགོས། གང་ཡིན་ཟེར་ན་ཚང་མས་ཀྲུང་གོ་གཅིག་གིས་སྲིད་ཇུས་ལ་བརྒྱབ་སྐྱོར་བྱས་ན་ང་ཚོས་ཀྱང་བརྒྱབ་སྐྱོར་བྱེད་དགོས།

    གང་ཡིན་ཟེར་ན་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པར་ཁས་ལེན་བྱས་ཏེ་ད་དུང་མོན་རྟ་དབང་དང་། ལ་དགས། འབྲུག་བཅས་ཚུད་པའི་མངའ་ཁུལ་དེ་ཚོ་ཚང་མ་ཡང་གཅིག་མཚུངས་སུ་ཀྲུང་གོའོ་ཆ་ཤས་ཤིག་ཡིན་པར་གཅིག་མཚངས་ཁས་ལེན་དགོས།

    མཐར་གཏུགས་ན་བཤད་ན་ལན་གཅིག་ཕམ་པ་དེ་རྒྱལ་ཁའི་ཕྱོགས་འགྱུར་ཐུབ་པའི་ཕུགས་བསམ་དེ་བོད་རིགས་ཚོས་བློ་ཤོངས་ཐུབ་པ་བྱེད་དགོས།

    གཅིག་བྱས་ན་འདི་རྐྱེན་ངན་གྲོགས་སུ་འགྱུར་ནས་མ་འོངས་པ་ན་བོད་དང་ཀྲུང་གོ་གཅིག་གྱུར་ཡོང་བའི་སྔ་ལྟས་ཤིག་ཡིན་སྲིད། སྲིད་དོན་པ་ཚོས་ཀླད་པ་དཀྲུགས་དགོས།

    Reply
  4. ཨ་ལ་ལ says:
    ལོ་ 14 སྔོན།

    འབྲུག་གིས་སྔོན་དུས་ཤིག་ལ་མིའི་ལུས་ཐོག་ལ་རྩེད་མོ་རྩེས་ནས་ཝིར་ཏི་བརྒྱབས་པའི་ལོ་རྒྱུས་དེ་འདྲ་གོ་རྒྱུ་འདུག ད་དེའི་རྣམ་སྨིན་འཁོར་བ་མིན་འགྲོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese