མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་དཔེ་བཙོང་མཁན་ལ་ལོ་ ༡༠ ཁྲིམས་ཆད།

བོད་ཀྱི་དུས་བབ།
༢༠༡༢/༠༦/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་ཤིན་ཅང་ཧི་ཐེན་གྲོང་ཁྱེར་ཁྲིམས་ཁང་གིས། ཁྲིམས་འགལ་ཐོག་ཆོས་དཔེ་ཚོང་སྒྱུར་བྱས་པའི་ཉེས་མིང་འོག ཡུ་གུར་བ་ཡའེ་པུ་ལ་ཡའེ་མུའུ་ལ་ལོ་ ༡༠ ཁྲིམས་ཐག་བཅད་འདུག

ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་ཤིན་ཅང་ཧི་ཐེན་གྲོང་ཁྱེར་ཁྲིམས་ཁང་གིས། ཡུ་གུར་བ་ཡའེ་པུ་ལ་ཡའེ་མུའུ་ཡིས་ཁ་ཆེ་ཆོས་ལུགས་སྐོར་གྱི་དཔེ་དེབ་ཚོང་འགྲེམས་བྱས་པ་དེ་ནི། ཁྲིམས་འགལ་ཡིན་པའི་ཉེས་མིང་བཀལ་ཏེ་ལོ་ ༡༠ བཙོན་འཇུག་ཁྲིམས་ཐག་བཅད་པ་མ་ཟད། རྒྱ་སྒོར་ཁྲི་ ༢༠ ཆད་པ་དང་དཔེ་དེབ་ཡོངས་རྫོགས་ས་གནས་རྒྱ་གཞུང་གིས་བཙན་འཁྱེར་བྱས་ཡོད་འདུག 

གནད་དོན་དེའི་ཐད་འཛམ་གླིང་ཡུ་གུར་མཐུན་ཚོགས་ཀྱི་མགྲིན་ཚབ་པ་ཏིས་ལིས་ཞཱ་ཏིས་ལགས་ཀྱིས། རྒྱ་གཞུང་གིས་ཁྲིམས་གཅོད་དེ་ནི་མི་སུས་ཀྱང་ངོས་ལེན་བྱ་ཐབས་བྲལ་བ་ཞིག་ཡིན་པ་དང་།  དེང་སྐབས་རྒྱ་གཞུང་གིས་ཁྲིམས་ལུགས་ཁ་ལ་འཁྱེར་ཏེ་ཡུ་གུར་མི་རིགས་ཀྱི་ཆོས་དང་རིག་གཞུང་རྩ་གཏོར་གཏོང་བཞིན་ཡོད་ལ།  ཁྲིམས་ཐག་ལྕི་མོ་གཅོད་བཞིན་པའི་དམིགས་ཡུལ་ཡང་། ཆོས་རིག་སྤེལ་མཁན་ལ་བཀག་སྡོམ་དང་ས་གནས་ཡུ་གུར་བ་རྣམས་ལ་འཇིགས་སྐུལ་བྱ་ཆེད་ཡིན་པ་བརྗོད་འདུག 

རྒྱ་གཞུང་ཁྲིམས་ཁང་གིས་བཤད་ཚུལ་ལྟར་ན། ཡའེ་པུ་ལ་ཡའེ་མུའུ་ཡིས་ ༢༠༡༠ ཟླ་ ༡ ནས་བཟུང་སྟེ་དེབ་གྲངས་ ༣༣༥༥ ཙམ་ཧི་ཐེན་དང་ཀུ་ཧྲི། ཁུའུ་ཨར་ཀུའུ་སོགས་ཤིན་ཅང་གི་ས་ཁུལ་ཁག་ནང་ཚོང་འགྲེམས་དང་། ༢༠༡༡ ཟླ་ ༡༢ ཚེས་ ༡༦ ཉིན་ཁོ་འཇུ་བཟུང་སྐབས་ཆོས་དཔེ་གྲངས་ ༡༢༥༢༥༠ བསྡུ་ཉར་བྱས་ཡོད་པའི་ཁྲོད། ཁྲིམས་འགལ་ཡིན་པའི་དེབ་རིགས་ ༥༢ དང་། ཁྲིམས་འགལ་ཐོག་བསྐྱར་དཔར་བྱས་པའི་དེབ་རིགས་ ༢༠ ། ཕྱིར་འཚོང་ཁྲིམས་མཐུན་མིན་པའི་དེབ་རིགས་ ༧༦ ཡོད་སྐོར་བརྗོད་ཡོད་པ་རེད།

གནད་དོན་དེའི་ཐད་ཤིན་ཅང་དུ་གནས་སྡོད་རྒྱ་རིགས་ཝང་ཟེར་བ་ཞིག་གིས། “སངས་རྒྱས་ཆོས་ལུགས་དང་ཁ་ཆེ་ཆོས་ལུགས་ཚང་མས་བྱམས་དང་བརྩེ་བ་གཙོ་བོར་འཛིན་གྱིན་ཡོད་པ་རེད། ཁ་ཆེ་ཆོས་ལུགས་ལ་དད་མཁན་དག་གིས་ཆང་རག་དང་ཐ་མ་འཐེན་གྱི་མེད་ལ། དུས་རྒྱུན་ཁ་ཆེ་གཞོན་སྐྱེས་དག་གིས་རྒན་པ་དང་འཕྲད་དུས་གུས་ཞབས་ཆེན་པོ་གནང་གི་ཡོད། དེ་འདྲའི་བཟང་སྤྱོད་ཀྱི་རིགས་ནི་རྒྱ་རིགས་ཁྲོད་ཧ་ཅང་ཉུང་ཉུང་རེད། དེའི་ཐད་ང་ཚོ་རྒྱ་རིགས་ཚོས་ཁོང་ཚོར་སློབ་སྦྱོང་བྱེད་དགོས་ཀྱི་འདུག” ཅེས་བརྗོད་དེ། རྒྱ་གཞུང་བརྒྱུད་ལམ་ཁག་གིས་ཆོས་ལུགས་པ་རྣམས་ཐལ་སྤྱོད་པར་དྲིལ་སྒྲོག་བྱས་ཏེ། ཆོས་ལུགས་རྩ་གཏོར་གཏོང་བཞིན་པ་དེ་ནི་ནོར་འཁྲུལ་ཆེན་པོ་ཞིག་ཡིན་པ་མ་ཟད། དེང་སྐབས་རྒྱ་ནང་མི་རྣམས་ཆེས་དངངས་སྐྲག་སྐྱེས་ཡུལ་གཙོ་བོ་ནི་དད་མོས་བྱ་ཡུལ་མེད་པ་དེ་ཆགས་ཡོད་ལ།  གལ་སྲིད་གནས་སྟངས་འདི་ཚབ་ཆེ་རུ་ཕྱིན་ཚེ་སྤྱི་ཚོགས་ཧྲིལ་བོ་བདེ་འཇགས་མེད་པར་འགྱུར་སྲིད་པ་བརྗོད་ཡོད་པ་རེད།   

རྒྱ་གཞུང་གིས་དུས་ཡུན་རིང་པོའི་ནང་ཡུ་གུར་བའི་ཐོག་མི་རིགས་དབྱེ་འབྱེད་ཀྱི་དྲག་གནོན་སྲིད་ཇུས་རིམ་པར་སྤེལ་བར་བརྟེན། ༢༠༠༩ ཟླ་ ༦ ཚེས་ ༢༦ ཉིན་རྒྱ་ནག་ཀུང་ཏུང་ནང་ཡུ་གུར་བ་དང་རྒྱ་རིགས་ལས་བཟོ་བའི་བར་དམར་འཛིང་ཤོར་བ་དང་། ལོ་དེའི་ཕྱི་ཟླ་ ༧ ཚེས་ ༥ ཉིན་ཤིན་ཅང་ས་ཁུལ་གྱི་སྲིད་འཛིན་ལྟེ་གནས་གྲོང་ཁྱེར་ཝུ་རའོ་མུའུ་ཆིའི་ནང་ངོ་རྒོལ་ཟིང་འཁྲུག་བྱུང་སྟེ། མི་ ༢༠༠ ལྷག་རྐྱེན་འདས་དང་མི་ ༡༧༠༠ ལྷག་ལ་རྨས་སྐྱོན་ཕོག་པའི་རྗེས། རྒྱ་གཞུང་གིས་ལོ་ལྟར་དུས་ཚེས་དེར་ཤིན་ཅང་ནང་དམིགས་བསལ་བཀག་སྡོམ་དྲག་གནོན་ཤུགས་ཆེ་རུ་གཏོང་བཞིན་ཡོད།

གསར་འགོད་པ། ཚེ་རིང་རྒྱལ།
 

འབྲེལ་ཡོད་གསར་འགྱུར།

ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

ཆུ་ཚོད་ ༧ སྔོན་ལ།
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

ཆུ་ཚོད་ ༧ སྔོན་ལ།
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

ཆུ་ཚོད་ ༨ སྔོན་ལ།
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡
Mobile App

སྤྱི་ཟུར་ཐུབ་བསྟན་དབང་ཆེན་ལགས་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་།

༢༠༢༦/༠༥/༡༡

མཆན། 2

  1. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    བཙོང་མཁན་ལས་འཚོང་མཁན་དག་པ་རེད།

    Reply
  2. ཤེལ་དཀར་བློ་བཟང་། says:
    ལོ་ 14 སྔོན།

    གསར་འགོད་པ་ཚེ་རིང་རྒྱལ་ལགས། ཆོས་དཔེ་བཙོང་མཁན་མ་རེད། ཆོས་དཔེ་འཚོང་མཁན་རེད། མཁན་ཞེས་པ་དེ་ལས་ཚིག་ད་ལྟ་བའི་མཐར་སྦྱོར་བྱེད་ཅིག་རེད།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese