མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་འཐུས་ཀྱིས་བདེན་པའི་མེ་ལྕེ་སྐོར་སྐྱོད་ལས་འགུལ་སྤེལ་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༡༢/༠༦/༢༧
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་འདི་ལོའི་༸གོང་ས་མཆོག་གི་འཁྲུངས་སྐར་ཉིན་ནས་བཟུང་ཟླ་གསུམ་རིང་རྒྱ་གར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཁག་དང་ཕྱི་རྒྱལ་ཡུལ་གྲུ་ཁག་བཅས་སུ་བདེན་པའི་མེ་ལྕེ་སྐོར་སྐྱོད་དང་མཚན་རྟཊ་བསྡུ་རུབ་ཀྱི་ལས་འགུལ་ཞིག་སྤེལ་རྒྱུ་རེད།   

དེ་རིང་ཕྱི་ཚེས་ ༢༧ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡། ༣༠ བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་བསྐྱངས་ཏེ། ད་ལྟའི་བོད་ནང་གི་ཛ་དྲག་གནས་བབ་ལ་གཟིགས་ཏེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ལས་འགུལ་སྣ་མང་སྤེལ་ཆེད། འདི་ལོའི་ཕྱི་ཟླ་ ༣ པའི་ཚེས་ ༢༢ ཉིན་གྱི་སྤྱི་འཐུས་ནང་ཁུལ་བཞུགས་མོལ་ཚོགས་འདུའི་ཐོག་བཀའ་བསྡུར་དང་། ཕྱི་ཟླ་ ༣ པའི་ཚེས་ ༢༧ ཉིན་སྤྱི་འཐུས་རྒྱུན་ལས་ཀྱིས་ཐག་གཅོད་གནང་པ་ལྟར། ཕྱི་ཟླ་ ༧ ཚེས་ ༦ ཉིན་ནས་མགོ་འཛུགས་ཀྱིས་རྒྱ་གར་རྒྱལ་ཡོངས་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བདེན་པའི་མེ་ལྕེ་སྐོར་སྐྱོད་དང་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་སྤེལ་རྒྱུ་ཡིན་པའི་གསལ་བསྒྲགས་གནང་སོང་།

གསར་འགོད་གསལ་བསྒྲགས་ཐོག་ཐེངས་འདིའི་བདེན་པའི་མེ་ལྕེ་སྐོར་སྐྱོད་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་པདྨ་འབྱུང་གནས་ལགས་དང་ཚོགས་དྲུང་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས། ཚོགས་མི་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས། སྤྱི་འཐུས་འཇམ་དབྱངས་བཟོད་པ་ལགས། སྤྱི་འཐུས་རྒྱ་རིགས་མཐར་ལགས་བཅས་ཕེབས་འདུག་ལ།  སྐབས་དེར་སྤྱི་འཐུས་པདྨ་འབྱུང་གནས་ལགས་ཀྱིས་གསལ་བསྒྲགས་སྤེལ་བའི་ནང་། “ཕྱི་ལོ་  ༢༠༠༨ ལོ་ནས་བཟུང་བོད་ས་ཡོངས་སུ་རྒྱ་དམར་དྲག་དམག་གིས་དམར་གསོད་བཙོན་འཇུག་སོགས་ཀྱི་སྡུག་སྦྱོང་མནར་གཅོད་ཉིན་བཞིན་ཛ་དྲག་ཏུ་འགྲོ་བཞིན་པའི་ཉེན་ལེན་ལ་བརྟེན། བོད་མི་རྣམས་ཀྱིས་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་སྡུག་བསྔལ་བཟོད་མ་ཐུབ་པར་བོད་དོན་བདེན་མཐའ་གསལ་ཆེད་དང་། ༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་ཐབས། མྱོང་བཞིན་པའི་སྡུག་བསྔལ་རྣམས་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་གཞུང་སྒེར་ཚོགས་སྡེ་ཁག་གཙོས་དུས་རབ་ཉེར་གཅིག་པའི་འགྲོ་བ་མིའི་རིགས་ལ་སྙན་གསན་དང་། སེམས་ཁོང་གི་སྡུག་བསྔལ་དང་མངོན་འདོད་ཕྱིར་བསྒྲགས་བྱེད་པའི་དན་རྟགས་སུ་རང་ལུས་མེར་བསྲེགས་གཏོང་མཁན་བར་མེད་དུ་བྱུང་དང་འབྱུང་བཞིན་པར། འདི་ནས་ཀྱང་ཁོང་རྣམ་པའི་ཀུན་ཕན་སེམས་བསྐྱེད་ཀྱི་སྙིང་སྟོབས་དང་མངོན་འདོད་ཇི་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ལ་བརྒྱུད་བསྒྲགས་བྱ་ཆེད། བདེན་པའི་མེ་ལྕེ་སྐོར་སྐྱོད་ཀྱི་གཞི་རྒྱ་ཆེ་བའི་ལས་འགུལ་འདི་བཞིན་ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༧ པའི་ཚེས་ ༦ སྟེ་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན་མོ་དང་བསྟུན་ཏེ་མགོ་འཛུགས་བྱ་རྒྱུ་ཡིན། ཞེས་བཀོད་ཡོད་པ་དང་། 

ཐེངས་འདིའི་ལས་འགུལ་གྱི་དགོས་འདུན་ཁག་ནི། དང་པོ།   ཕྱི་ལོ་ ༡༩༥༩ དང་ ༡༩༦༡ ། ༡༩༦༥ སོ་སོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་དོན་ཐོག་བཞག་པའི་གྲོས་ཆོད་ཁག་སླར་ཡང་རྒྱལ་ཚོགས་ནས་གླེང་སློང་དང་ལག་བསྟར་མཇུག་གནོན་བྱ་རྒྱུ་དང་།  གཉིས་པ།  བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་རྟོག་ཞིབ་སླད་རང་དབང་ཅན་གྱི་རྒྱལ་སྤྱིའི་སྐུ་ཚབ་ཁག་ཅིག་འཕྲལ་གཏོང་གནང་རྒྱུ།  གསུམ་པ། བོད་ནང་གི་བོད་མིའི་མངོན་འདོད་བསྒྲུབ་རྒྱུར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དམིགས་བསལ་འགན་འཁུར་བཞེས་རྒྱུ་བཅས་རེད་ལ། དགོས་འདུན་དེ་དག་བསྒྲུབ་ཆེད་རྒྱ་གར་གཙོས་རྒྱལ་སྤྱིའི་ས་གནས་ཡུལ་གྲུ་སོ་སོར་བདེན་པའི་མེ་ལྕེ་སྐོར་སྐྱོད་ཀྱི་མཚན་རྟགས་བསྡུ་རུབ་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༡༠ ཉིན་ཨ་རི་ནེའུ་ཡོག་རྒྱལ་ཚོགས་ལས་ཁུངས་དང་། སུད་སི་ཇི་ནི་ཝར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས། དེ་བཞིན། རྒྱ་གར་ནང་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་ཡན་ལག་ལས་ཁུངས་སོ་སོར་ ཉིན་བརྒྱ་དུས་གཅིག་ཏུ་ཞུ་སྙན་ཕུལ་ཏེ་མཇུག་བསྡོམས་ཞུ་རྒྱུ་ཡིན། ཞེས་བཀོད་འདུག

ཐེངས་འདིའི་ལས་འགུལ་དེ་འཆར་ཟླའི་ཚེས་ ༦ ཉིན་རྒྱ་གར་ལྷོ་ཕྱོགས་ཀོ་ཅི་གྲོང་ཁྱེར་ནས་མགོ་འཛུགས་ཀྱིས་གྲོང་ཁྱེར་དང་ས་གནས་ཁག་ ༡༦ དང་། རྒྱ་གར་བྱང་ཕྱོགས་ལ་དྭགས་སླེ་ནས་མགོ་འཛུགས་ཀྱིས་གྲོང་ཁྱེར་དང་ས་གནས་ ༡༨ ། རྒྱ་གར་བྱང་ཤར་ཁུལ་གྱི་ཤི་ལོང་ནས་ས་གནས་ ༡༨ བཅས་སུ་ས་གནས་མགོ་འཛིན་ཡོད་པའི་ས་གནས་ཁག་ཏུ་ས་གནས་མགོ་འཛིན་གྱི་སྣེ་འཁྲིད་རྒྱུ་དང་། དེ་བཞིན། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་མཉམ་རུབ་ཀྱིས་སྣེ་འཁྲིད་དེ་ས་གནས་རིམ་པར་རྩིས་སྤྲོད་ཐོག་སྐོར་བསྐྱོད་བྱ་རྒྱུ་ཡིན་འདུག

ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཕྱི་ཟླ་ ༩ བའི་ཚེས་ ༢ ཉིན་ནས་བཟུང་མགོ་འཛུགས་བྱས་ཏེ། དོན་གཅོད་ཁག་དང་བོད་རིགས་སྤྱི་མཐུན་ཚོགས་པ་ཁག  བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་མཉམ་རུབ་ཐོག་སྐོར་བསྐྱོད་ཀྱིས་ཕྱི་ཟླ་ ༡༢ པའི་ཚེས་ ༡༠ ཉིན་ས་གནས་ཁག་ཡོངས་ཀྱི་མཚན་རྟགས་གཞི་གཅིག་ཏུ་བསྡུས་རྗེས།  ཨ་རིའི་ནེའུ་ཡོག་རྒྱལ་ཚོགས་ལས་ཁུངས་དང་ཇི་ནེ་ཝ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས། རྒྱ་གར་ནང་རྟེན་གཞི་བྱས་པའི་རྒྱལ་ཚོགས་ལས་ཁུངས་བཅས་སུ་ཉིན་རྒྱ་དུས་གཅིག་ཏུ་སྙན་ཞུ་དང་མཚན་རྟགས་བཅས་དང་མཉམ་དུ་བདེན་པའི་མེ་ལྕེའི་དཔལ་འབར་རེ་རེ་བཅས་འབུལ་རྒྱུ་ཡིན་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༥ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༦ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༦ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༩ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༡༡ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

མཆན། 9

  1. འབྲུག་གྲགས་རྒྱལ་པོ། says:
    ལོ་ 14 སྔོན།

    དུས་བབ་ཚང་ནས་སྤྱིའི་ལས་དོན་ལ་ཁུང་མེད་ཟུར་ཟ་དང་སྐྱོན་འཛུགས་བྱེད་པའི་མཆན་འདི་རིགས་ངེས་པར་དུ་འགོག་དགོས་ཀྱི་འདུག །དེ་དོན་དགོངས་བཞེས་གནང་བའི་རེ་བ་ཡོད།

    Reply
  2. ལུང་རྟོགས། says:
    ལོ་ 14 སྔོན།

    སྤྱི་འཐུས་རྣམ་པའི་ལས་འགུལ་ལ་རྒྱབ་སྐྱོར་ཡོད། སྐྱག་འབུ་ཚོའི་སྐྱག་བཤད་དེ་ཚོ་ཨ་མཆོག་རྒྱབ་ཀྱི་ལྷག་པར་བཏང་གནང་ན་འགྲིག་གི་རེད། སྐྱག་འབུ་ཚོས་ལས་ཀ་བྱས་ན་ཡང་སྐྱོན་བརྗོད་བྱེད་ཀྱི་རེད་ལ་མ་བྱས་ན་ཡང་སྐྱོན་བརྗོད་བྱེད་ཀྱི་རེད། ཁོང་ཚོས་སྐྱོན་བརྗོད་མ་བཏོགས་ཅི་གང་ཤེས་ནི་མ་རེད། འདི་ཚོ་ལ་རྣམ་པ་ཚོ་ཐུགས་ཕམ་དགོས་ཀྱི་མ་རེད་ལ། དོ་སྣང་ཡང་གནང་དགོས་དོན་མེད་པ་རེད།

    Reply
  3. ཀེ་ཏ་ཀ says:
    ལོ་ 14 སྔོན།

    སྤྱི་འཐུས་མགོ་བདེ་བོ་ཁ་ཤས་ཤིག་ཕྱི་རྒྱལ་དུ་ཕེབས་འདོད་བྱུང་ནས་ལས་འཆར་ཡག་པོ་སྒྲིག་འདུག ཨེ་ད། པེད་ཤག་མང་པོ་འགྲོ་ཡི་མེད་འགྲོ འབྲས་བུ་ཞིག་དང་ཁྱབ་བསྒྲགས་སྔར་མེད་ཅིག་བྱུང་ན་ཡག་པོ་རེད། ད་ལྟ་རྒྱུ་རེད།

    Reply
  4. བསམ་གླིང་ཚེ་རིང་ལྷ་མོ། says:
    ལོ་ 14 སྔོན།

    སྤྱི་འཐུས་ལྷན་རྒྱས་ཀྱི་ལས་འགུལ་ལ་དགའ་བསུ་ཞུ།

    Reply
  5. རྒྱ་མཚོ། says:
    ལོ་ 14 སྔོན།

    བོད་བསྟན་སྲིད་ཀྱི་ཆེད་དུ་རང་ལུས་མེར་བསྲེགས་གཏོང་མཁན་དཔའ་བོ་དཔའ་མོ་རྣམས་ཀྱི་སེམས་སྐྱེད་དང་སྙིང་སྟོབས་མངོན་བསྟོད་སོགས་ཀྱི་ཆེད་དུ་ཡིན་པའི་ལས་འགུལ་འདིར་དགའ་བསུ་ཡོད།

    འོན་ཀྱང་། བདེན་པའི་མེ་ལྕེའི་དཔའ་འབར་དེ་ཐོག་མར་ཡར་བསྒྲེངས་པའི་གསལ་བསྒྲགས་སྤེལ་སྐབས་འདི་འདྲ་ལའང་། རྫིག་མདོག་ཁ་པོའི་ངང་རྐུབ་སྟེགས་སྒང་ལ་བཞུགས་སྟངས་འདིས། ལས་འགུལ་འདིའི་འགན་ཁུར་མཁན་དང་གསལ་བསྒྲགས་ཐོག་མ་བསྐྱངས་མཁན་ཚོར་སེམས་ཚོར་དམིགས་བསལ་བ་ཞིག་མེད་པར་མཐོང་སོང་། དམའ་མཐའ་ལའང་རང་སྲོག་བློས་གཏོང་གནང་མཁན་དཔའ་བོ་ཚོའི་ཆེད་དུ་སྐུ་བཞེངས་ཤིག་གནང་བཞག་ན་མ་འགྲིག་པ་ཅི་ཡོད།

    སྐུ་ངོ་རྣམ་པ་ཆེ་དྲག་པས་རེད་དམ་ག་རེ་རེད། མང་ཚོགས་ཀྱི་བསོད་ནམས་དམན་པས་རེད་དམ་ག་རེ་རེད། འདས་པོ་དེ་དག་གི་མངོན་འདོད་འདེགས་པའི་ཆེད་ཡིན་ན། སྐུ་བཞེངས་ཤིག་གནང་བཞག་ན་དེས་སྐུ་ངོ་ཚོ་གང་ཞིག་ལ་ཟགས་འགྲོ་གི་མ་རེད་པ།

    Reply
  6. ཚྭ་སྒང་ཕོ་ཉ། says:
    ལོ་ 14 སྔོན།

    སྤྱི་འཐུས་རྣམ་པ་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུ། ། དེ་དང་མཉམ་དུ་གསལ་འདེབས་ཞུ་རྒྱུ་ཞིག་ལ་བདེན་པའི་མེ་ལྕེ་དེ་དག་རྒྱ་སྤྱིའི་སྡེང་ཆའི་སྟེང་ནས་སྐོར་སྐྱོད་བྱེད་སྐབས་བོད་ནང་གི་དཔའ་བོ་དེ་དག་གི་རང་རང་སོའི་མངོན་འདོད་དངོས་གནས་དེ་གང་ཡིན་པ་དང་དཔའ་བོ་དེ་དག་གིས་འཆི་ཁ་ཁ་ཆིམ་ཇི་ལྟར་བཞག་ཡོད་པ་དག། མ་ཆད་མ་ལྷག་པར་རྒྱལ་སྤྱིའི་སྡེང་ཆའི་སྟེང་སྐྱེལ་ཐུབ་པ་གནང་རོགས། གཞན་བཙན་བྱོལ་གྱི་གསར་འགྱུར་ལས་ཁང་ཁ་ཤས་ཀྱིས་བྱེད་ལུགས་ལྟར་རང་གི་ལྟ་བ་དང་ལང་ཕྱོགས་གང་ཡོད་པ་དེའི་ཕྱོགས་སུ་འགྲེལ་བཤད་ལོགས་པ་རྐྱང་རྐྱང་རྒྱབ་ནས་བསྡད་ན་གཞིས་བཞུགས་བོད་མི་རྣམས་ཀྱི་ངོ་ཚབ་བྱེད་ཐུབ་ཐབས་མེད་པས། གཞིས་ལུས་སྤུན་ཟླའི་མངོན་འདོད་དེ་དག་རེ་རེ་བཞིན་གསལ་པོ་གསལ་རྐྱང་གསལ་བཤད་དང་ཁྱབ་སྒྲགས་བྱེད་རོགས་ཞེས་གུས་ཞབས་དང་བཅས་ཏེ་ཕུལ།

    Reply
  7. ནད་པ says:
    ལོ་ 14 སྔོན།

    བདེན་པའི་མེ་ལྕེའི་བསྐོར་བསྐྱོར་ཟེར་བའི་ལས་འགུལ་འདི་སྤེལ་དགོས་དང་མི་དགོས་ཐད་སྔོན་ཚུད་ནས་བསམ་གཞིགས་ནན་མོ་ཞིག་བྱ་དགོས། བོད་ནང་ད་བར་བོད་ནང་ད་བར་མི་བཞི་བཅུ་ཙམ་བདེན་པའི་མེ་ལྕེ་སྤར་ནས་སྐུ་སྲོག་དོར་ཡོད་པ་རེད།

    བཙན་བྱོལ་ནང་ཉེ་བའི་འཆར་ཡང་བདེན་པའི་མེ་ལྕེའི་འཁྲོད་མི་གཅིག་གྲོང་ཡོད།
    ད་དུང་བདེན་པའི་མེ་ལྕེ་ག་ཚོད་གཅིག་སྤོར་དགོས་དང་། མི་དགོས། དེར་གྲུབ་འབྲས་གཅིག་སོན་དང་མ་སོན་བཅས་ལ་ངེས་པར་བསམ་གཞིགས་བྱེད་དགོས་པའི་དུས་ལ་སླེབས་ཡོད།

    གལ་ཏེ་བདེན་པའི་མེ་ལྕེ་དེ་མུ་མཐུད་སྤར་དགོས་ཚེ་ད་གཟོད་བོད་མི་དམངས་སྤྱི་འཐུས་དང་བོད་མི་འཐབ་རྩོད་པ་ཅན་ཚོས་འགོ་འཁྲིད་དེ་རང་སྔོན་ལ་རང་ཉིད་ཀྱི་ལུས་པོར་བདེན་པའི་མེ་ལྕེ་སྤར་ནས་སྣེ་འཁྲིད་དགོས།

    དེ་རིང་སྤྱི་འཐུས་རྣམ་པས་་་་་་་་་བདེན་པའི་མེ་ལྕེ་སྐོར་སྐྱོད་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་པདྨ་འབྱུང་གནས་ལགས་དང་ཚོགས་དྲུང་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས། ཚོགས་མི་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས། སྤྱི་འཐུས་འཇམ་དབྱངས་བཟོད་པ་ལགས། སྤྱི་འཐུས་རྒྱ་རིགས་མཐར་ལགས་བཅས་ཕེབས་འདུག་ལ། སྐབས་དེར་སྤྱི་འཐུས་པདྨ་འབྱུང་གནས་ལགས་ཀྱིས་གསལ་བསྒྲགས་སྤེལ་བའི་ནང་།་་་་་་་ཞེས་དུས་བབ་ནང་འཁོད་པ་ལྟར་བདེན་པའི་མེ་ལྕེ་དངོས་འབྲེལ་ཞིག་སྤར་དགོས་ཚེ་ད་བོད་ནང་གཞི་ལུས་མི་དམངས་ཅན་ཚོ་རྐྱང་པ་མ་ཡིན་པར་བཙན་བྱོལ་བོད་མིའི་ལས་ཀྱི་སྣེ་མོར་གཏོགས་པའི་འགོ་བཀའ་ཁྲི་བློ་སེང་ནས་སྤྱི་འཐུས་རྣམ་པ་མཇུག་གད་པ་ཡན་ཆད་ཀྱིས་སྐུ་གཤེགས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལྟར་སྔོན་ལ་ཁྱེད་ཚོས་བདེན་པའི་མེ་ལྕེ་སྤོར་ཐུབ་པ་བྱེད་དགོས།

    དེ་མིན་གང་བྱུང་མང་བྱུང་གིས་བོད་ནང་བཙན་འོག་ཏུ་ལུས་པའི་གཞི་ལུས་མི་དམངས་ཀྱི་ཚེ་སྲོག་ལ་རྩོད་མོ་རྩེད་དྲགས་པ་དང་། གཞི་ལུས་མི་དམངས་ཀྱི་ཉིན་རེའི་འཚོ་བའི་གནས་སྟངས། དཔལ་འབྱོར་གྱི་གནས་སྟངས། ཁྱིམ་ཚང་གི་གནས་སྟངས་སོགས་ཚང་མར་བསམ་བློ་མ་བཏང་བར་གང་བྱུང་ཡིད་ལ་གང་དྲན་བྱེད་དྲགས་ན་མ་འོངས་པར་འཇུག་འབྲས་ངན་པ་ཞིག་ཡོང་ངེས་རེད།

    གང་ལྟར་ངས་གསལ་བཤད་བྱས་པ་འདི་ང་བོད་རིགས་གཅིག་ཡིན་པ་དང་། བོད་ཀྱི་རྩ་དོན་དང་བོད་དོན་ལ་དགའ་ཞེན་དང་ཤ་ཚ་གཅིག་གིས་ངོས་ནས་བཤད་བཞིན་ཡོད་པ་ལས་དེར་ངས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱིན་མེད།

    ང་ཚོས་ཕྱི་ཕྱོགས་ནས་བསམ་བློ་ཡག་པོ་ཞིག་མ་བཏང་ན་མ་འོངས་པ་ན་གཞི་ལུས་བོད་ནང་རྦད་དེ་རེ་ཐག་དང་། ཡིད་ཐང་ཆད་པའི་ཉིན་མ་ཤར་ཚེ་དེ་དུས་སུས་ཀྱང་བྱ་ཐབས་མེད་པ་ཞིག་ཏིུ་འགྱུར་ངེས་ཡིན།

    ལས་འགུལ་འདི་མི་སྒེར་པ་དང་། ཚོགས་སྡེ་བྱ་བྲག་པ་ཞིག་གིས་ངོ་བོའི་ཐོག་ནས་སྤེལ་གྱིན་མེད་པར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བོད་མི་དམངས་སྤྱི་འཐུས་ཀྱིས་སྤཻལ་གྱིན་ཡོད་སྟབས་སྔོན་ལ་བསམ་གཞིགས་ཡག་པོ་བྱེད་དགོས།

    Reply
  8. ཤེལ་དཀར་བློ་བཟང་། says:
    ལོ་ 14 སྔོན།

    བྱ་བ་ལམ་ལྷོངས་དང་། རྩ་དོན་ལ་ཕན་འབྲས་ཡོང་བའི་རེ་བ་དང་ཡིད་ཆེས་ཡོད།

    Reply
  9. མགར་སྟོང་བཙན། says:
    ལོ་ 14 སྔོན།

    སྤྱི་འཐུས་འདི་རྣམས་ལ་ལས་ཀ་ཞིག་ཐོན་པ་ཞེ་དྲག་ཡག་པོ་རེད། ཡིན་ནའང། འགོ་ཁྱོན་ནས་འཚོས་མེད་པ་ཞིག་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་༡༩༥༩ དང་ ༡༩༦༡ ། ༡༩༦༥ ལོའི་གྲོས་ཆོད་དེ་དག་གི་མ་གདན་ཁ་རང་ལྷ་སའི་སྡེ་བ་གཞུང་གི་དོན་དག་ཅིག་རེད་མ་གཏོགས། དེར་བོད་ཆོལ་ཁ་གསུམ་ག་བ་ཡོད། མེད་པཱ། དེ་བས་གནའ་ཤི་རུལ་བ་དེ་འདྲ་ཁྱེར་མ་ཡོང་ན་ཡག་གི་རེད། མི་ཤེས་ན་སྡོད་རོགས།།།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese