གཟའ་སྤེན་པ་ཉིན་ངྷ་ས་ས་གནས་སྐྱབས་བཅོལ་ལག་དེབ་ཐོ་འགོད་ལས་ཁུངས་ཀྱིས། རྒྱ་གར་ནང་སྐྱེས་མཁན་བོད་མི་དང་བོད་ནས་འབྱོར་ཏེ་ལོ་ ༢༠ ཕྱིན་པ་ཁག་ཅིག་ལ། ལོ་ལྔའི་སྐྱབས་བཅོལ་ལག་དེབ་ཐོ་འགོད་གནང་མགོ་བཙུགས་འདུག
རྒྱ་གར་དབུས་སྲིད་གཞུང་གི་བཀོད་ཁྱབ་འོག་ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་ནས་བཞུཊ་སྒར་ངྷ་རམ་ས་ལའི་ས་གནས་ སྐྱབས་བཅོལ་ལག་དེབ་ (RC) ཐོ་འགོད་ལས་ཁུངས་ཀྱིས། རྒྱ་གར་ནང་སྐྱེས་པའི་བོད་མི་རྣམས་དང་ ༡༩༩༡ ལོའི་གོང་དུ་རྒྱ་གར་ནང་འབྱོར་བའི་སྐྱབས་བཅོལ་བོད་མི་ཚོར་ལོ་ ༥ རེའི་མཚམས་སུ་སྐྱབས་བཅོལ་ལག་དེབ་ཐེངས་གཅིག་རེ་ཐོ་འགོད་བྱེད་ཆོག་པའི་སྲིད་བྱུས་ཤིག་གཏན་འབེབས་གནང་ཡོད་ཅིང་། ཐེངས་འདིའི་སྐྱབས་བཅོལ་ལག་དེབ་ཐོ་འགོད་གནང་ཕྱོགས་ཐོག་སྔོན་མ་ལས་ཅུང་བསྒྱུར་བཅོས་བཏང་ཡོད་འདུག
ཕྱི་ཚེས་ ༢༧ ཉིན་འདི་གའི་གསར་འགོད་པས་དབུས་བོད་མིའི་སྒྲིག་འཛུགས་བདེ་སྲུང་ཡན་ལག་ལས་ཁུངས་ཀྱི་སྡེ་ཚན་འགན་འཛིན་འཇིཊ་མེད་རྒྱ་མཚོ་ལགས་སུ་བཀའ་འདྲི་ཞུས་པ་ལྟར་ན། ཉེ་ཆར་རྒྱ་གར་དབུས་སྲིད་གཞུང་གིས་བཙན་བྱོལ་བོད་མིའི་སྐྱབས་བཅོལ་ལག་དེབ་ཐོ་འགོད་གནང་ཕྱོགས་ཐོག་སྲིད་བྱུས་གསར་པ་ཞིག་གཏན་འབེབས་གནང་ཡོད་ཅིང་། སྲིད་བྱུས་དེའི་ནང་རྒྱ་གར་དུ་སྐྱེས་པའི་གཞིས་ཆགས་ཁག་གི་སྐྱབས་བཅོལ་བོད་མི་རྣམས་དང་། བོད་ནས་ཡོང་སྟེ་ལོ་ ༢༠ ཕྱིན་པའམ་ ༡༩༩༡ ལོའི་གོང་རྒྱ་གར་ནང་འབྱོར་མཁན་ཚོར། ལོ་ ༥ རེའི་མཚམས་སུ་ཐེངས་གཅིག་རེ་ཐོ་འགོད་བྱེད་ཆོག་པའི་ཐོབ་ཐང་སྤྲད་ཡོད་འདུག་ལ། གོང་གསལ་ཆ་རྐྱེན་དེ་གཉིས་ཚང་མཁན་དག་ལ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱབ་གཉེར་ཡི་གེ་ཞིག་སྤྲད་དེ། ས་གནས་རྒྱ་གར་སྐོར་སྲུང་བས་ཞིབ་འཇུག་མཐིལ་ཕྱིན་གནང་རྗེས་ས་གནས་སྐྱབས་བཅོལ་ལས་ཁུངས་སུ་ཐོ་འགོད་བྱེད་དུ་འགྲོ་དགོས་ཚུལ་འཁོད་འདུག རྒྱ་གར་དབུས་གཞུང་གི་བཀོད་ཁྱབ་དེའི་འོག་ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་བཞུགས་སྒར་ངྷ་སའི་ས་གནས་སྐྱབས་བཅོལ་ཐོ་འགོད་ལས་ཁུངས་ཀྱིས། ཆ་རྐྱེན་ཚང་བའི་ངྷ་སའི་བོད་མི་ཁག་ཅིག་ལ་ལོ་ལྔའི་ཐོ་འགོད་ཐོག་མ་གནང་མགོ་བཙུགས་ཡོད་འདུག
ལོ་ལྔའི་སྐྱབས་བཅོལ་ལག་དེབ་ཐོ་འགོད་བྱ་རྒྱུར་ཆ་རྐྱེན་ཚང་ཡོད་མཁན་ཚོ་དུས་བཀག་ཐོ་འགོད་ཀྱི་ཉིན་ ༡༥ གོང་། ངྷ་ས་བདེ་སྲུང་ཡན་ལག་ལས་ཁུངས་སུ་ངོ་བཅར་གནང་སྟེ་འགེངས་ཤོག་སྟེང་རང་གི་དག་མཆན་འགོད་དགོས་པར་མ་ཟད། སྐབས་དེར་སོ་སོའི་གཏན་སྡོད་ཁ་བྱང་དང་རྒྱབ་གཉེར་བཅས་འབུལ་དགོས་ཀྱི་ཡོད་འདུག ལོ་ལྔའི་ལག་དེབ་ཐོ་འགོད་བྱེད་མཁན་ཁྲོད་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་རྣམས་དང་། དགོན་པ་ཁག་དང་བཙུན་དགོན་ཁག སློབ་གྲྭ་དང་སྨན་རྩིས་ཁང་། བདེ་ལེཊ་སྨན་ཁང་། ཤེས་རབ་དགའ་ཚལ་སློབ་གླིང་སོཊ་གཏན་འཇཊ་ཚོགས་པ་ཁག་གི་ཚོགས་མི་ཚོས། ཚོགས་ཁོངས་སོ་སོ་ནས་རྒྱབ་གཉེར་ཡི་གེ་ལེན་ཆོག་པ་མ་གཏོགས། དེ་མིན་ངྷ་སའི་གཞུང་འབྲེལ་མིན་པའི་ཚོཊ་པ་ཁག་དང་། ཚོང་ཁང་དང་ཟ་ཁང་སྐྱིད་སྡུག ཚོགས་ཁོངས་སུ་མེད་པའི་མི་སྒེར་བ་བཅས་ཀྱིས། སྒེར་སོ་སོའི་ལས་ཁུངས་དང་སྡོད་གནས་ཁ་བྱང་། ས་གནས་མགོ་འཛིན་བཅས་ཀྱི་རྒྱབ་གཉེར་བླངས་ཏེ་བདེ་སྲུང་ཡན་ལག་ལས་ཁུངས་སུ་འབུལ་དགོས་ཀྱི་ཡོད་འདུག
དེ་བཞིན། རྒྱབ་གཉེར་ཡིག་ཆ་ཁག་ལ་བདེ་སྲུང་ཡན་ལག་ལས་ཁུངས་དང་མེག་གྷན་ཕཱོ་སི་གྷན་ཅཱིའི་སྐོར་སྲུང་བ་ཐུན་མོང་ཐོག་ཞིབ་འཇུག་མཐིལ་ཕྱིན་གནང་སྟེ། དོ་བདག་རང་ཉིད་ས་གནས་སྐྱབས་བཅོལ་ལག་དེབ་ལས་ཁུངས་སུ་ཐོ་འགོད་བྱེད་དུ་འགྲོ་དགོས་པ་ཞིག་བཟོས་འདུག་ལ། ངྷ་ཤོད་ས་ཁོངས་སུ་གནས་སྡོད་བོད་མི་རྣམས་དྷ་ཤོད་ས་གནས་སྐོར་སྲུང་ལས་ཁུངས་སུ་ངོ་སྐྱོད་ཀྱིས་སྐོར་སྲུང་བས་རྒྱབ་གཉེར་ཡིག་ཆ་ཁག་ལ་ཞིབ་འཇུག་གནང་རྒྱུ་ཡིན་འདུག
གསར་འགོད་པས་འཇིགས་མེད་ལགས་སུ་ལོ་ལྔ་རེའི་སྐྱབས་བཅོལ་ལག་དེབ་ཐོ་འགོད་གནང་ཕྱོགས་ཐོག་སྔོན་དང་མ་འདྲ་བའི་འགྱུར་བ་ཐེབས་ཡོད་མེད་སྐོར་དྲིས་པར། ཉིན་ ༡༥ གོང་སྐྱབས་བཅོལ་ལག་དེབ་ཐོ་འགོད་བྱ་དགོས་པའི་སྒྲིག་གཞི་དེར་འགྱུར་བ་གང་ཡང་ཕྱིན་མེད་ཀྱང་། ལོ་ལྔ་རེའི་ཐོ་འགོད་ཆ་རྐྱེན་ཚང་མཁན་ཚོས་ (RC) ཐོ་འགོད་མ་བྱས་གོང་རང་གི་སྐྱབས་བཅོལ་ལག་དེབ་དང་། དེའི་རྒྱབ་གཉེར་ཡི་གེ་གཉིས་བདེ་སྲུང་ཡན་ལག་ལས་ཁུངས་སུ་འབུལ་དགོས་ལ། ས་གནས་སྐོར་སྲུང་བ་དང་བདེ་སྲུང་གཉིས་ཀྱིས་ཡིག་ཆ་ཁག་ལ་ཞིབ་འཇུག་གནང་སྟེ་ཆོག་མཆན་ཐོབ་ན། གཞི་ནས་སྐྱབས་བཅོལ་ལས་ཁུངས་སུ་ལག་དེབ་ཐོ་འགོད་བྱེད་དུ་འགྲོ་ཆོག་གི་ཡོད་པ་རེད། སྔོན་མ་ངྷ་སར་བོད་པ་མང་པོ་ཞིག་གིས་དུས་ཐོག་ཏུ་ལག་དེབ་ཐོ་འགོད་མ་ཐུབ་པའི་དཀའ་ངལ་བཟོས་ཡོད་སྟབས། མ་འོངས་པར་དེའི་རིགས་མི་ཡོང་བའི་འབོད་སྐུལ་ཞུ་ཡི་ཡོད་ཅེས་བརྗོད་སོང་།
གནས་ཚུལ་ཞིབ་ཕྲ་དུས་བབ་ཚགས་པར་སྟེང་གཟིགས་རོགས།
ད་བལྟས་ཡོང་དུས། དྲ་གྲོགས་ཁ་ཤས་སྐུ་རླུང་བཞེངས་འདུག ད་ག་རེ་ལབ་ན་ཡག་གི་རེད། ང་མི་འདི་གནད་དོན་ག་རེ་ཡིན་ནའང་དང་པོ་འགོ་འཚོས་པ་བྱས། དེ་ནས་གསལ་བོར་ལབ་མཁན་ཞིག་ཡིན་སྟབས་ཁྱེད་ཚོར་མ་འཕྲོད་པ་ཏན་ཏན་རེད། ཡིན་ནའང། དེ་ལ་ཐབས་ཤེས་ཅི་གང་མི་འདུག ད་རེའི་སྐྱབས་བཅོལ་ལག་ཁྱེར་དང་འབྲེལ་བའི་སྐོར་ལའང། ང་ཡང་སྐྱབས་བཅོལ་ལག་ཁྱེར་གྱི་གནམ་འོག་ཏུ་ཡོད་མཁན་ཞིག་ཡིན་པ་དང། ངས་རང་གི་གནས་བབ་ལ་བལྟ་དུས་སྐྱབས་བཅོལ་ལག་ཁྱེར་འདིའི་མདུན་རྒྱབ་གཡས་གཡོན་ཚང་མར་ཞིབ་ལྟ་བྱེད་ཀྱི་ཡོད། བལྟས་ན་དེབ་ཆུང་ཆུང་ལག་ངོས་འདྲ་ཞིག་རེད་དེ། འདིའི་ཁུངས་དེད་ནས་སོང་ན་རྒྱ་གར་གྱིས་བོད་ཐོག་འཛིན་པའི་སྲིད་བྱུས་ཚུན་ཆད་ཤེས་རྟོགས་ཐུབ་པའི་གཞི་རྩ་ཞིག་ཆགས་བསྡད་ཡོད་པ་རེད། ལྷག་པར་དུ་བཀའ་ཤག་སྐབས་གོང་མས་སྐྱབས་བཅོལ་ལག་ཁྱེར་རྫུན་མ་ཡོད་ཚད་ངོ་མར་བསྒྱུར་ནས། དེང་སང་བོད་ནས་ཕེབས་མཁན་ཚོས་ཕ་མ་རྫུན་མ་སྐྱེ་ཚེས་རྫུན་བཟོ་བྱེད་མ་དགོས་པ་དེས་སྐབས་དེ་དུས་ནས་འཚེ་བ་མེད་པ་དང། དྲང་བདེན་ཡང་དག་པའི་མང་གཙོ་གཞི་རྩའི་ཕྱག་རྒྱར་བཟུང་བའི་བཀའ་ཤག་གི་ཕུགས་བརྟན་རང་བཞིན་གྱི་ཕྱག་ལས་ལ་མོས་པ་ཐོབ་ཡོད། དེའི་རྗེས་སྐྱབས་བཅོལ་ལག་ཁྱེར་འདི་དུས་ཡུན་རིང་པོའི་བར་ཐོ་འགོད་བྱེད་ཆོག་པའི་བཀའ་ཤག་དང་བདེ་སྲུང་གི་ཕྱག་ལས་ལ་ཁྱོན་ནས་རྒྱུས་མེད་པ་མིན་སྟབས། ངས་གསལ་བོ་དྲང་པོ་བྱས་ནས་བརྗོད་པ་དེ་རེད། གལ་སྲིད་དེས་ཀྱང་མི་འགྲིག་ན། གཞུང་གི་གནང་སྟངས་ལ་རྒྱུས་མེད་མཁན་ཚོར་ངས་ད་དུང་ཁ་གསལ་བོ་བྱས་ཆོག རྣམ་པ་ཚོས་འདེམས་རོགས་གནོང།
མ་གཞི་ཚང་མ་ལོས་བྱས་རྗེས་རྩོད་ལེན་གནང་གི་ཡིད་པ་རེད། ཡིན་ནའི། ང་རང་ལ་གྲོགས་པོས་གསུངས་སོང་། བཀའ་ཁྲི་བློ་སེང་ད་ལྟའང་ཟམ་གདོོང་རིན་པོ་ཆེ་ཡི་སྐྱབས་འོག་ནས་དོར་ཡོད་པ་མ་རེད། དཔེར་ན། ཁོང་གི་དྲུང་ཡིག་ཆེན་མོས་ད་དུང་སྐུ་ངོ་བློ་སེང་ལ་ཕྱོགས་བསྐྱོད་དང་བཀའ་སློབ་ཀྱི་གནད་ལ་ལམ་སྟོན་གནང་བཞིན་ཡོད་པ་རེད།
དྲང་མོར་བཤད་ན། ང་རང་ཧང་སངས་སོང་། རྒྱ་གར་གནམ་ཐང་ནས་དངོས་གནས་བཀའ་ཁྲི་དང་དྲུང་ཆེ་འཇིགས་མེད་རྣམ་གཉིས་མཐོང་སོང་། བོད་ནང་ནས་ཤུགས་རྒྱག་པ་ལས་བོད་ཕྱི་ན་རེ་བ་མི་འདུག་ལ། ཡོད་ཀྱང་སྲིད་པ་ཞིག་མ་རེད།
ངས་བོད་མི་རིགས་ཀྱི་དབུ་ཁྲིད་གསར་པ་བཀའ་ཁྲི་བློ་བཟང་སེང་གེ་ལགས་སུ་བཀའ་དྲིན་ཆེ་ཞེས་ཞུ་ཡི་ཡོད།
དུས་ཡུན་འདི་ལྟ་བུ་ཞིག་ནང་ལས་དོན་སྣ་མང་བསྒྲུབས་པ་མིག་ལམ་དུ་གནས་ཡོད། ད་རེ་སླར་ཡང་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་སྐྱབས་བཅོལ་ལག་འཁྱེར་ཐད་ལམ་བུ་གསར་བཟོ་གནང་བ་སྙིང་དབུས་ནས་དགའ་བསུ་ཞུ།
དེ་མིན་སླད་འབྱུང་བཞིན་པའི་དཀའ་ངལ་ལ་དང་ལེན་གནང་རྒྱུ་ཡིད་ཆེས་གཙང་མ་ཡོད། བོད་རིགས་ཤེས་ལྡན་གཟུར་གནས་རྣམས་ཁྱེད་ལ་བསྟོད་པ་འོས་པས་བསྟོད་ཅིང་ཡོད། དེ་ལས་ལྡོག་པ་རྣམས་ད་དུང་མི་རབས་གཅིག་ཙམ་གཟུགས་བལྟས་ལེབ་མཐོང་དུ་གནས་རྒྱུ་འདོན་མི་ཟ།
དེ་ནི་ང་ཚོ་གང་ཅི་ཆ་ནས་རྗེས་ལུས་ཡོད་པ་ ༧གོང་ས་མཆོག་ནས་ནན་གསུངས་གནང་ཡོད།
ད་མིག་ཕྱོགས་བཅུར་བལྟ་ཐུབ་ཚེ་དེ་ཡི་ངན་ནད་གྲོལ་ཐུབ་་་་
ད་དུ་ཡང་་་་་་
བཀའ་ཤག་གསར་པས་བོད་རང་གཙན་བླངས་ཡོང་བའི་དབང་དུ་བཏང་ན་ཀེ་ཏ་ཀ་མིང་ཅན་དང་ཤར་ཁུག་གཉིས་ཀྱི་འཁང་ར་རྫོགས་མི་སྲིད། མ་གཞི་ནས་ཁྱེད་གཉིས་སླད་མེད་པའི་ཏང་ལ་དགའ་ཞེན་ཅན་གཉིས་ཡིན་སྟབས་ཀེ་ཏ་ཀ་ཟེར་བ་དེ་དབྱིན་ཡིག་ཐོག་ཏུ་མི་འབྲི་བར་རྒྱ་ཡིག་རང་གི་ཐོག་ཏུ་བྲིས་ན་ཏང་ཡོན་རྒན་པའི་གྲལ་དུ་ཚུད་ཤས་ཆེ། ལག་འཁྱེར་དུས་འགྱངས་གཏོང་རྒྱུ་དེའང་ཡུལ་དུས་ལ་བསྟུན་དགོས་པ་ལས་བཀའ་ཤག་གསར་པས་དེ་རིང་བོད་ནས་ཕེབས་མཁན་ཞིག་ལ་ལོ་ལྔའི་ཡུན་ཚད་ཅན་གྱི་ལག་འཁྱེར་སྤྲོད་ཆོག་ཆོག་ག་ལ་ཡིན། འོན་ཀྱང་ཟམ་གདོང་བླ་མས་བཟོས་པའི་གནས་སྐོར་བའི་ལག་འཁྱེར་དེ་སྐྱབས་བཅོལ་ལག་དེབ་ཏུ་མི་རིང་བར་བརྒྱུར་ཐུབ་པའི་རེ་བ་ཡོད། ཡ་མཚན་པ་ཞིག་ལ་ཟམ་གདོང་རིན་པོ་ཆེ་རྒྱ་གར་ཁྲིམས་ལུགས་ལ་མཁས་རབས། རྒྱ་གར་གྱི་མཐོ་རིམ་དཔོན་རིགས་དང་འབྲེལ་བ་ཟབ་རབས་སོགས་ཀྱི་ཆོ་ལོ་རླ་ན་མེད་པ་ཡོད་ཀྱང་བཀའ་ཤག་ལས་ཡུན་ལོ་བཅུའི་རིང་བོད་པ་གསར་འབྱོར་བ་ཚོར་གནས་སྐོར་བའི་ལག་འཁྱེར་ཙམ་ལས་བཟོ་མ་ཐུབ་པ་འདི་བཀའ་ཤག་གསར་པས་བྱས་ཉེས་རེད་དམ་ཤར་ཁུག་ལགས། བློ་རྣལ་དུ་ཕབས་ནས་གཏམ་རེ་བཤད་ན་བཟང་། ལོ་བཅུའི་རིང་གི་བྱས་ཉེས་རེ་རེ་བཞིན་ཟུབ་མེད་རྡོ་ལ་རི་མོ་བཀོད་པ་བཞིན་མངོན་ཡོང་གི་འདུག།
བཀའ་ཤག་གསར་པ་ཡིན་ན་འདྲ་རྙིང་པ་ཡིན་ན་འདྲ་བོད་ནས་ཕེབས་མཁན་ཚོར་ལྟ་སྟངས་གཅིག་པ་རེད།་་བཀའ་ཤག་རྙིང་པས་བོད་ནས་ཡོང་མཁན་ཚོར་སྐྱབས་འཅོལ་བའི་ལག་འཁྱེར་ཕར་ཟད་གནས་བསྐོར་བའི་ལག་འཁྱེར་ཐོག་ནས་ཕྱིར་འཆི་ལམ་དུ་འདེད་པའི་སྲིད་བྱུས་དེ་རེད།བཀའ་ཤག་གསར་པའི་གཏམ་དང་ལག་བསྟར་ལ་ལྟོས་དང་གསར་འབྱོར་བ་ཚོ་གཏམ་གྱི་ནང་ལ་མི་འདུག་ལ་ལག་བསྟར་ནང་ལ་དེ་བས་ཀྱང་མི་འདུག་་་་་་བོད་བསྟན་པ་ཆབ་སྲིད་ཀྱི་ཁོ་ནར་བསམ་མཁན་ཞིག་ཡིན་ཚེ་དེ་ག་རང་རེད་་་་དེ་མིན་རང་ཉིད་རང་གིས་མགོན་བྱེད་རྒྱུ་གལ་ཆེ་་་་་་་་་་་་་་་་་་གང་ལ་འགྲོ་ཐུབ་ན་དེ་ལྟར་བྱེད་གལ་་་དེ་མིན་བདག་གཞན་གཉིས་ཀར་ཕན་མི་ཐོགས་པར་ལྷག་ངེས་སོ་་་་་་་་་་་་་་
བློ་སེང་བཀའ་ཤག་གིས་དངོས་ཡོད་ཀྱི་དཀའ་ངལ་ལྡན་པའི་གསར་འབྱོར་བ་རྣམས་ཀྱི་གནས་སྟངས་ལ་བསམ་གཞིག་ཅི་ཡང་བཏང་མེད་པར་མ་ཟད། ད་ཐེངས་ཀྱི་བྱེད་སྟངས་འདིའི་འོག་ཏུ་གསར་འབྱོར་བ་རྣམས་ལ་དཀའ་ངལ་འཕར་མ་ཞིག་འཕྲད་སྲིད་པ་རེད། བོད་མིའི་དབུས་སྒྲིག་འཛུགས་ཀྱིས་ག་དུས་ཡིན་ཡང་ཁ་ནས་བཤད་དུས་བོད་ནང་གི་བོད་མི་ཚོའི་དཀའ་སྡུག་ལ་གདུང་སེམས་མཉམ་སྐྱེད་ཡོད་ཅེས་རྒྱལ་སྤྱི་ཡོངས་ལ་ཁྱབ་བསྒྲགས་བྱེད་ཀྱི་ཡོད། ང་ཚོ་དཀའ་ངལ་དེའི་འོག་ནས་དངོས་སུ་འདིར་འབྱོར་དུས་ཁོ་ཚོས་ང་ཚོ་གསར་འབྱོར་བའི་དཀའ་ངལ་གྱི་གནས་སྟངས་ལ་དོ་སྣང་ཅི་ཡང་མེད་པར་སྣང་མེད་དུ་འཇོག་གི་ཡོད་པ་ནི་ད་ཐེངས་ཀྱི་བྱེད་སྟངས་འདིའི་སྟེང་ནས་གསལ་བོ་ཡིན་པ་དང་། རྒྱ་གར་དུ་གསར་འབྱོར་བ་རྣམས་ཀྱིས་སྐྱབས་བཅོལ་ལག་དེབ་བཟོ་ཐུབ་ཀྱི་མེད་པ་དང་བཟོས་ཀྱང་དུས་ཚོད་འཕར་འགྱང་བྱེད་ཐུབ་ཀྱི་མེད་པའི་དཀའ་ངལ་དེ་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ཀྱི་མིག་ལམ་དུ་གསལ་བོ་ཡོད།
ཤར་ཕྱོགས་ཁུག་རྟས་ཅི་ཞིག་བཤད་བཞིན་འདུག་ལྟོས་དང་། བཀའ་ཤག་གསར་པས་གནད་ཡོད་རྒྱ་གར་གཞུང་གི་ལས་ཁུང་རེའི་སྒོར་ཕྱིན་ཏེ་ཞུ་བ་འཐེན་པའི་འབྲས་བུ་ཅུང་ཟད་སྨིན་པ་འདིའང་བཀའ་ཤག་སྐབས་སྔོན་མའི་འབྲས་བུ་ཡིན་རབ་བཤད། མ་གཞི་ནས་ཟམ་གདོང་བླ་མ་ལ་མི་རིགས་ལ་གཅེས་སེམས་ཤིག་ཡོད་རེད་དམ།
ཤར་ཁུག་ལགས། བཀའ་ཤག་འདིའི་བྱེད་རྗེས་དེ་སྔ་མའི་བྱས་རྗེས་སུ་ཡར་དྲུད་འགྲོ་བ་དེ་ནི། མིས་དཀའ་ལས་རྒྱབ་ནས་གཏབ་པའི་འབྲས་བུ་དེ་རང་གིས་ལོངས་སྤྱོད་པ་དང་གཅིག་པ་མ་རེད་དམ།
དངོས་གནས་ཡག་པོ་རེད། བཀའ་ཤག་སྐབས་སྔོན་མ་ནས་ཤུགས་རྒྱབ་པའི་འབྲས་བུ་རིམ་པར་ཐོན་སྟེ་ལོངས་སུ་སྤྱོད་རྒྱུ་བྱུང་བ་འདི་ཡག་པོ་རེད། ད་དུང་རྒྱ་གར་བོད་སློབ་འཛིན་ཚོགས་ཁོངས་ཀྱི་སློབ་གྲྭ་རྩིས་ལེན་ཕྱོགས་དེའང་ཁ་སང་ལྡི་ལི་དོན་གཅོད་མཆོག་ནས་གསར་འགོད་པར་ ༢༠༠༦ ནས་བརྩམས་པའི་ལས་འཆར་ལེགས་གྲུབ་བྱུང་ཚུལ་གསུངས་བ་སོགས་ནི་ཡར་རྒྱས་ཀྱི་རྟགས་མཚན་རེད། བཀའ་ཤག་གསར་པའི་གཅེས་ཉར་གནང་གི་རེད་ལ་གནང་རྒྱུ་གལ་ཆེ་རེད།
རྒྱ་གར་དུ་སླེབས་ནས་ཡུན་རིང་མ་འགོར་བའི་བོད་རིགས་ཚོར་དེ་ལྟར་བཟོ་ཐུབ་ན་ཤར་ཕྱོགས་ཁུག་རྟའི་སྡུག་སྐད་འཇམ་ངེས་རེད། དེ་མིན་མཁྲིས་ནད་ཅན་གྱི་མིག་ལ་ཐམས་ཅད་སེར་པོར་སྣང་བ་ལྟར་བཀའ་ཤག་གསར་པས་ཅི་མཛད་ཐམས་ཅད་ནོར་འཁྲུལ་འབའ་ཞིག་ཏུ་འཛིན་བཞིན་པ་འདི་ཁོང་གི་སྒེར་གྱི་ཁེ་ཕན་དང་འབྲེལ་བ་ལོས་ཡོད།
ཡང་ང་ཚོ་ལྷག་འདུག་ཀ་་་་་ག་དུས་ཡིན་ན་ལྷག་འདུག་ཡ་་ཧཧཧ
སྐྱབས་བཅོལ་ལག་དེབ་གནས་སྐོར་འཁོད་པ་ཚོ་ལ་ཡང་སྐ་ངལ་ཞིག་ཕྲད་ཀྱི་ཡོད་ཚོད་འདུག་ཡ། སྙིང་རྗེ་ད་ཡིན་ན་མི་ལུང་པ་ནས་ཨ་ཁཁ་་་་་་་་་་་་་་་་་་་