མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞང་ཞུང་སྨར་ཡིག་འགྲེམས་སྤེལ།

བོད་ཀྱི་དུས་བབ།
༢༠༡༢/༠༦/༣༠
Share on FacebookShare on TwitterShare on EmailShare on Whatsapp


ཁྲི་གཡུང་དྲུང་ལགས་ཀྱིས་འདི་གར་གནས་ཚུལ་བཏང་འབྱོར་ལ། ཁ་སང་ཕྱི་ཚེས་ ༢༩ ཉིན་བོད་མདོ་སྨད་ཀྱི་བྱང་བྱ་དུར་དགའ་མལ་དགོན་ཆེན་དུ་ཞང་ཞུང་སྨར་ཆུང་གི་ཡིག་གཟུགས་རྒྱལ་སྤྱིའི་གཅིག་གྱུར་ཨང་རྟགས་ཐོག་འགྲེམ་སྤེལ་སྒོ་འབྱེད་མཛད་ཚོགས་ཡོད་འདུག

གནས་ཚུལ་ནང་བཀོད་དོན། “ཚོགས་ཐོག་ཏུ་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་མཁན་པོ་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་དང་དཔོན་སློབ་ཤེས་རབ་མཐར་ཕྱིན་མཆོག་གཙོས་པའི་ཟིང་ཆུ་ཁོག་གི་དགོན་སྡེ་ལྕགས་མདུད་དགོན་གྱི་དབུ་བླ་ཟླ་བ་རྒྱལ་མཚན་དང་། རིན་སྤུངས་དགོན་གྱི་མཆོག་སྤྲུལ་བླ་མ། ཤར་སྣང་ཞིག་དགོན་གྱི་མཆོག་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན། སྐྱང་ཚང་དགོན་གྱི་དབུ་བླ་གཡུང་དྲུང་དགེ་ལེགས་མཐར་ཕྱིན་སོགས་དབུ་བླ་དང་མཁན་པོ་དགེ་བཤེས་སྤྲུལ་སྐུ་ ༢༠ ལྷག་ལྷན་འཛོམས་ཀྱིས་ཞང་ཞུང་སྨར་གྱི་ཡིག་གཟུགས་མཉེན་ཆས་༼ཧི་མ་ལ་ཡའི་བོན༽དྲ་ཚིགས་སུ་ནང་འཇུག་བྱེད་པའི་ཚོགས་འདུ་འཚོགས་པ་དང་། དང་ཐོག་དགའ་མལ་དགོན་གྱི་མཁན་སློབ་རྣམ་གཉིས་ནས་ཞང་ཞུང་སྨར་ཆུང་ཡིག་གཟུགས་བཀྲམ་པའི་རྟེན་འབྲེལ་གྱི་དར་ཡོལ་དབུ་འབྱེད་གནང་བ་དང་། དེ་ནས་ཡིག་གཟུགས་བཟོ་སྐྲུན་གྱི་འགན་འཛིན་པ་ཨ་དཔལ་བཟང་དང་རིན་སྤུངས་ཚུལ་བསྟན་གཉིས་ནས་ཡིག་གཟུགས་རྩིས་འཁོར་དུ་བཅུག་པའི་ལས་རིམ་ངོ་སྤྲོད་དང་དམིགས་ཡུལ་སོགས་མཚམས་སྦྱོར་བྱས། ” ཡོད་འདུག

མུ་མཐུད་དོན། ” དེ་ནས་མཁན་ཆེན་རིན་པོ་ཆེ་ནས་སྨར་ཡིག་རྩིས་འཁོར་དུ་བཅུག་པ་འདིས་སྤྱིར་བོད་མི་རིགས་ཀྱི་རིག་གནས་སྤྱི་དང་ཁྱད་པར་དུ་གཡུང་དྲུང་བོན་བསྟན་ལ་ཕན་འབྲས་གང་ལེགས་ཐོན་ཡོད་པ་སོགས་ཀྱི་བཀའ་སློབ་བསྩལ་བ་དང་། མཁན་སློབ་གཉིས་དང་དགོན་ཁག་སོ་སོའི་བླ་སྤྲུལ་དག་གིས་བཟོ་སྐྲུན་པ་གཉིས་ལ་བཀྲ་ཤིས་ཁ་བཏགས་སྒྲོན་འབུལ་དང་། སྨར་ཡིག་རྩིས་འཁོར་དུ་བཅུག་པའི་ཕན་འབྲས་སྐོར་ལ་བཀའ་སློབ་དང་བགྲོ་གླེང་གནང་ཡོད་འདུག” ཅེས་སོགས་བཀོད་འདུག

རིན་སྤུངས་ཚུལ་ཁྲིམས་བསྟན་འཛིན་ལགས་ཀྱིས་ཞང་ཞུང་སྨར་གྱི་ཡིག་གཟུགས་མཉེན་ཆས་སྐོར་ངོ་སྤྲོད་གནང་བར། ཞང་ཞུང་སྨར་གྱི་ཡིག་གཟུགས་ནི་དེང་གི་བོད་ཀྱི་ཡིག་གཟུགས་དབུ་ཅན་དང་དབུ་མེད་ཀྱི་ཡིག་གཟུགས་མ་བྱུང་བའི་ཡར་སྔོན་ནས་ཡོད་པའི་ཞང་བོད་ཐུན་མོང་གིས་བེད་སྤྱོད་གཏོང་བཞིན་པའི་ཡིག་གཟུགས་ཤིག་ཡིན་པར་གནའ་དེང་གི་མཁས་དབང་གང་མང་ཞིག་གིས་གསུངས་དང་གསུང་བཞིན་ཡོད་པ་དང་། ཞང་ཞུང་སྨར་ཡིག་ནི་ཉུང་མཐའ་ཡང་ལོ་ངོ་ ༡༤༠༠ ཡར་སྔོན་གྱི་ལོ་རྒྱུས་ལྡན་པའི་ཡིག་རྙིང་ཞིག་ཡིན་པ་དང་། ཁྱད་པར་དུ་དེང་འཛམ་བུ་གླིང་དུ་འོད་ལྷང་ལྷང་དུ་འཚེར་བཞིན་པའི་བོད་རང་གི་ཐུན་མོང་མ་ཡིན་པའི་ཤེས་རིག་གི་བྱུང་ཁུངས་ནི་ཞང་ཞུང་གི་ཤེས་རིག་ཡིན་པ་ཀུན་གྱིས་མཁྱེན་ས་ལྟར་རེད་ལ།

ཞང་ཞུང་སྨར་ཡིག་ནི་བོད་ཡིག་དབུ་ཅན་དབུ་མེད་ཀྱི་ཕྱི་མོ་ཡིན་པ་ཡང་ཚད་ལྡན་གྱི་ལོ་རྒྱུས་དག་དང་མཁས་དབང་རྣམ་པའི་གསུང་ལས་གསལ་བོར་བཀོད་ཡོད། དེ་ཕྱིར་ང་ཚོས་ཀྱང་རང་གིས་ནུས་ཚོད་དང་བསྟུན་ནས་བོད་ཀྱི་རིག་གནས་འདི་ཉིད་དར་སྤེལ་དང་རྒྱུད་འཛིན་སོགས་ཀྱི་ཆེད་དུ་དམིགས་ཏེ་དུས་རབས་དང་མཐུན་པའི་སྒོ་ནས་བོད་ཡིག་གི་ཕྱི་མོ་ཞང་ཞུང་སྨར་གྱི་ཡིག་གཟུགས་འདི་ཉིད་རྩིས་འཁོར་དུ་བཅུག་པའི་ལས་འགན་དེ་འཕྲག་ཏུ་བླངས་པ་ཡིན།

སྤྱིར་བཏང་ཞང་ཞུང་སྨར་ཆུང་ལ་ཡང་བྲིས་རྒྱུན་མི་འདྲ་བ་རེ་གཉིས་འདུག་མོད་ཀྱང་ང་ཚོས་ཆེད་དུ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་དང་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་དང་། བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་སོགས་ལ་བཀའ་འདྲི་ཡང་ཡང་ཞུས་ཏེ་ཡིག་གཟུགས་འདི་ཉིད་གཏན་ཁེལ་བྱས་ཏེ་ཡིག་གཟུགས་པ་ཤར་སྟེང་བསམ་གཏན་རྒྱ་མཚོ་ལགས་ཀྱིས་ཡིག་འབྲུ་དགུ་བརྒྱ་ལྷག་བྲིས་པ་དང་། སྤྲུལ་བའི་སྐུ་མཆོག་དམ་པ་ལི་ཤུ་གཤེན་རྒྱལ་བསྟན་འཛིན་རིན་པོ་ཆེ་ནས་ཡིག་གཟུགས་མཉེན་ཆས་བཟོ་སྐྲུན་གྱི་འགྲོ་སོང་གནང་ནས་ངེད་གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ༼མུ་ཁྲི་བཙན་པོ ༽རྩོམ་སྒྲིག་ཁང་ནས་བཟོས་པ་ཡིན་ལ། ཡིག་གཟུགས་གཏག་ཆས་ཐབས་རྒྱལ་སྤྱིའི་བོད་ཡིག་ཡིག་གཟུགས་མཉེན་ཆས་ཧི་མ་ལ་ཡ་རང་ཡིན། ཞེས་སོགས་བརྗོད་འདུག ཅེས་འགྲེལ་བཤད་སྐྱོན་འདུག

གཞན་ཐེངས་འདིར། སྟོན་པ་རྒྱལ་བ་གཤེན་རབ་མི་བོ་ཆེ་ཀུན་ལས་རྣམ་པར་རྒྱལ་བའི་བཀའ་ཚད་མ་ཀླུ་འབུམ་དཀར་ནག་ཁྲ་གསུམ་བསྡུས་པའི་པོད་དེ་ཚར་གྲངས་ཆིག་སྟོང་དང་མདོ་འདུས་པ་རིན་པོ་ཆེའི་བཀའ་ཚད་མ་སོགས་གཡུང་དྲུང་བོན་དང་འབྲེལ་བའི་དཔེ་ཆ་མང་པོ་ཞིག་ཀྱང་ཞང་ཞུང་སྨར་ཡིག་གི་ལམ་ནས་དཔར་སྐྲུན་འགྲེམས་སྤེལ་གནང་ཡོད་འདུག་ཅིང་། དེ་ནི་ཞང་ཞུང་སྨར་ཡིག་ཐོག་དཔེ་ཆ་དཔར་སྐྲུན་བྱས་པ་ཐོག་མ་དེ་ཆགས་ཡོད་འདུག

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༡༦ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༡༨ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༢༠ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡

མཆན། 5

  1. མངའ་རིས་བུ། says:
    ལོ་ 14 སྔོན།

    ཀརྨ་ཟེར་བའི་མིང་འདི་འདྲ་རྟག་པར་ཁ་བརྡའི་ནང་དུ་རྙོག་ཁྲ་སློང་གི་འདུག
    བཀའ་རྒྱུད་པའི་ཞབས་འདྲེན་པ་རང་རེད།
    ཀརྨ་ཞེས་པ་ནི་ལས་དང། དེས་ན་སྔར་ཀྱང་ལས་ངན་པས་རྟག་ཏུ་གཞན་ལ་འགྲན་སེམས་འཕྲག་དོག་ཅན་དུ་སྐྱེས། ཕྱིས་སུའང་འཕྲག་དོག་འཕྲང་རོང་དོག་པོའི་གནས་དང་བུད་མེད་ཀྱི་མངལ་གནས་སུ་སྐྱེ་བར་ཐེ་ཚོམ་མི་འདུག
    ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ།
    རྟག་ཏུ་འགྲོ་ལ་གཟིགས་པའི་སྐྱབས་གནས་མཐུས།
    ཀརྨ་ལས་ངན་ལུས་རྒྱ་ཞིག་མ་ཐག
    འཁོར་བའི་ལས་ཟད་མཇའ་འོད་ལམ་བཞུགས་ནས།
    བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་ཤོག

    Reply
  2. ketaka says:
    ལོ་ 14 སྔོན།

    རང་ཅག་གངས་ཅན་པའི་ཕ་ཤུལ་བུས་འཛིན་པ་བོན་པོ་ཚང་ལ་སྨར་ཡིག་འདི་འདྲ་ཞིག་ཡོད་པར་བཀྲ་ཤིས་བདེ་ལེགས་ཡོད།འོན་ཀྱང་ད་སྔ་སྨར་ཡིག་ཐོག་ནས་གནའ་དཔེ་དུམ་པ་གཅིག་ཡང་འགྲེམ་རྒྱུ་མེད་པ་དེར་སྙིང་ནས་བློ་ཕམ་ཡོད་་་་

    Reply
  3. བློ་བཟང་མདོ་སྔགས། says:
    ལོ་ 14 སྔོན།

    བོན་པོ་འདི་ཚོ་ངོ་མ་ཡ་མཚན་རེད། བོད་པ་བླུན་རྒན་དག་གིས་ཅི་ཙམ་གཏོར་བརླག་དང་དམའ་འབེབས་བྱས་རུང་། བོན་པོ་དག་རང་རྐང་ཐོག་ལང་རྐྱང་རེད། བོད་པའི་ནང་ཆོས་པ་དག་གིས་རྫུན་བཤད་བཤད་ནས་མཐར་ཐུག་ན་བོན་པོ་མ་གཏོག་ལོས་རྒྱུས་ཀྱི་ཁུངས་འདེད་ས་མེད་པ་འདི་ནི། བོད་པའི་ནང་པ་དག་གི་རྫུན་རྐུབ་རྡོལ་བཞིན་པའི་རྟགས་རེད།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ཞང་ཡིག་གིས་བོན་ཆོས་ལ་ཕན་པའི་ངེས་པ་གང་ཡང་ཡོད་མ་རེད། དུས་ཚོད་བེད་མེད་ལ་མ་གཏོང་ན་ལེགས།

    Reply
  5. སྐར་མདའ། says:
    ལོ་ 14 སྔོན།

    ཡང་་་་བོད་དུ་མུ་གེའི་སྒང་ལ་ཟླ་ལྷག་ཅིག་བྱུང་ཐལ། དངོས་གནས་དེ་འདྲ་ཡིན་ན་ད་ལྟ་ཡོད་པའི་བོན་གྱི་བཀའ་འགྱུར་གྱི་ཡི་གེ་རྣམས་ཞང་ཞུང་སྨར་ཡིག་ཏུ་འབོད་པའི་ཡིག་གཟུགས་སུ་ཅིའི་ཕྱིར་མེད་སོང་བ་རེད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese