མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སེ་རི་ཡའི་ཐད་རྒྱལ་སྤྱིའི་ལྷན་ཚོགས།

བོད་ཀྱི་དུས་བབ།
༢༠༡༢/༠༦/༣༠
Share on FacebookShare on TwitterShare on EmailShare on Whatsapp

གཟའ་སྤེན་པའི་ཉིན་ཀཱོ་ཧྥེ་ཨན་ནན་གྱི་འབོད་སྐུལ་འོག་ཇེ་ནེ་ཝའི་ནང་སེ་རི་ཡའི་གནད་དོན་ཐག་གཅོད་ཐད་རྒྱལ་སྤྱིའི་ལྷན་ཚོགས་ཤིག་བསྐངས་པའི་ཐོག ཨ་རི་དང་རཱ་ཤཱི་ཡ་གཉིས་ཀྱིས་ལངས་ཕྱོགས་མ་མཐུན་པར་ལྷན་ཚོགས་སྟེང་གྲོས་ཆོད་འཇོག་ཐུབ་མེད།

དེ་རིང་ཕྱི་ཚེས་ ༣༠ ཉིན་སུད་སིའི་གྲོང་ཁྱེར་ཇེ་ནེ་ཝའི་(Geneva) ནང་རྒྱལ་ཚོགས་དྲུང་ཆེ་ཟུར་པ་ཀཱོ་ཧྥེ་ཨན་ནན་(Kofi Annan) གྱི་འབོད་སྐུལ་འོག སེ་རི་ཡའི་གནད་དོན་ཐག་གཅོད་བྱ་རྒྱུའི་ཐད་རྒྱལ་སྤྱིའི་ལྷན་ཚོགས་ཤིག་བསྐངས་ཡོད་འདུག ཀཱོ་ཧྥེ་ཨན་ནན་ནི་ཨ་རབ་མཐུན་ཚོགས་དང་རྒྱལ་ཚོགས་གཉིས་ཀྱིས་སེ་རི་ཡའི་ཟིང་འཁྲུག་ཞི་འཇགས་ཡོང་པར་བསྐོ་བཞག་བྱས་པའི་ཞི་འགྲིག་གྲོས་མོལ་བྱེད་མཁན་ཡིན་ཡང་། ལྷན་ཚོགས་སྟེང་དོན་ཕན་ལྡན་པའི་གྲོས་ཆོད་རིགས་གང་ཡང་འཇོག་མ་ཐུབ་པར་ལྷན་ཚོགས་གྲོལ་དགོས་བྱུང་ཡོད་འདུག

ལྷན་ཚོགས་སྟེང་གྲོས་ཆོད་འཇོག་མ་ཐུབ་པའི་ཐད་ཨ་རིའི་འབྲེལ་ཡོད་མི་སྣས་བརྗོད་པ་ལྟར་ན། ཚེས་ ༢༩ ཉིན་ཨ་རིའི་རྒྱལ་དོན་དྲུང་ཆེ་ཧེ་ལཱ་རེ་དང་རཱ་ཤཱི་ཡའི་ཕྱི་སྲིད་བློན་ཆེན་ལཱ་ཝ་རོབ་(Sergei Lavrov) གཉིས་ཐུག་འཕྲད་སྐབས། སེ་རི་ཡའི་ཁྲག་དྲི་བྲོ་བའི་ཟིང་འཁྲུག་མཇུག་སྒྲིལ་རྒྱུར་ཕྱོགས་གཉིས་གས་གལ་ཆེན་ཡིན་ཚུལ་གླེང་ཡོད་པ་མ་ཟད། སེ་རི་ཡའི་གནད་དོན་ཐད་ལཱ་ཝ་རོབ་ཀྱིས་ཕྱོགས་གཉིས་བར་ལྟ་སྟངས་མང་པོ་ཞིག་གཅིག་མཚུངས་ཡིན་པར་བརྗོད་ཡོད་ཀྱང་། ལྷན་ཚོགས་སྐབས་རཱ་ཤཱི་ཡས་སེ་རི་ཡ་ནི་ཁོང་ཚོའི་ཕྱོགས་གཏོགས་ཉེ་ཤོས་ཤིག་ཏུ་བཟུང་ཡོད་པ་དང་། སེ་རི་ཡའི་སྲིད་འཛིན་བྷ་ཤར་(Bashar al-Assad) བཙན་ཤུགས་ཀྱིས་སྲིད་སྟེགས་ལས་ཕྱིར་འབུད་གཏོང་རྒྱུར་རཱ་ཤཱི་ཡས་ངོ་རྒོལ་བྱས་ཏེ། ལྷན་ཚོགས་སྟེང་ཚང་མ་གཅིག་མཐུན་གྱི་གྲོས་ཆོད་འཇོག་མ་ཐུབ་པ་ཞིག་ཡིན་འདུག

ཐེངས་འདིའི་ལྷན་ཚོགས་ནང་ཨ་རབ་རྒྱལ་ཁབ་ཁག་གི་འཐུས་མི་དང་། ཨ་རི་དང་དབྱིན་ཇི་སོགས་ནུབ་ཕྱོགས་རྒྱལ་ཁབ་དག་གི་འཐུས་མི་སོགས་མཉམ་ཞུགས་བྱས་ཡོད་པ་དང་། ལྷན་ཚོགས་གྲོལ་རྗེས་དབྱིན་ཇིའི་ཕྱི་སྲིད་དྲུང་ཆེ་ཝེལ་ལེམ་(William Hague) གྱིས་ “སེ་རི་ཡའི་གནད་དོན་ཐད་གཅིག་གྱུར་གྱི་གྲོས་མཐུན་ཡོང་རྒྱུ་དེ་ཧ་ཅང་ཁག་པོ་འདུག”ཅེས་བརྗོད་འདུག

སེ་རི་ཡའི་སྲིད་འཛིན་བྷ་ཤར་གྱིས་ “སེ་རི་ཡའི་ནང་ཁུལ་གྱི་གནད་དོན་ནི་ཕྱི་ལོག་གི་རྒྱལ་ཁབ་དག་ལ་འབྲེལ་བ་གང་ཡང་མེད་པ་དང་། ཁོ་ཚོས་སེ་རི་ཡའི་ནང་ཁུལ་གྱི་གནད་དོན་ཐག་གཅོད་ཀྱི་གྲོས་གཞི་དང་གྲོས་ཆོད་གང་འདྲ་བཞག་ཀྱང་ངས་ངོས་ལེན་བྱ་རྒྱུ་མིན”ཞེས་བསྒྲགས་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

ཆུ་ཚོད་ ༢༢ སྔོན་ལ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

ཆུ་ཚོད་ ༢༢ སྔོན་ལ།
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 3

  1. ketaka says:
    ལོ་ 14 སྔོན།

    འབྲོང་བུ་ལགས།ང་ཚོས་འོས་ཤོག་འཕངས་པ་བདེན་པ་རེད།་ཡིན་ཡང་ང་ཚོས་རེ་བ་ཞིག་གི་ཐོག་ནས་འཕངས་པ་རེད་མ་གཏོགས་བསམ་འཆར་བྱེད་ཀྱི་མིན་ཞེས་དམ་བཅའ་བཞགས་པ་མ་ཡིན།་སོ་སོའི་རེ་བ་བཞིན་མ་སོང་ན་བསམ་འཆར་བཤད་ལོས་ཆོག་་་་་་

    Reply
  2. འབྲོང་བུ་སོག་ཚ། says:
    ལོ་ 14 སྔོན།

    སྐར་མདའ། ཁྱོད་ལ་བློབ་ཤེས་ཡོད་ན་མདའི་རྩེ་མོ་དེ་ཁ་ནང་དུ་མ་བསྟེན་པར་ཁ་ཕྱིར་བསྐོར་ཏེ་དགྲ་བོའི་སྟེང་དུ་བརྒྱབ་ཐུབ་ན་བོད་སྤྱི་དང་། བྱེ་བྲག་སྐྱབས་བཅོར་བ་ཚོ་ལ་ཕན་ངེས་ཡིན་པས་མ་འཆུགས། དོན་མེད་བཀའ་སྤྱི་ཚོ་ལ་ཁ་རྡུང་མ་གཏོང་ང་ཚོ་ཚང་མས་དྲག་ལ་རེ་བཅོལ་བྱས་ནས་འོས་ཤོག་འཕེན་ཏེ་ཐོབ་མཁན་ཞེ་ཅིག་རེད་ད།

    Reply
  3. སྐར་མདའ། says:
    ལོ་ 14 སྔོན།

    ཅི་ཕྱིར་བོད་ཀྱི་ཕྱིར་དུ་རྒྱལ་སྤྱིའི་ལྷན་ཚོགས་འཚོག་རྒྱུ་མེད་པ་རེད་དམ། ངས་བསམ་ན། དེ་ནི་བོད་ཕྱོགས་ནས་རྒྱལ་སྤྱིའི་ལྷན་ཚོགས་ལ་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་ཞུ་གཏུག་གཟབ་ནན་མ་བྱས་པས་རེད་བསམ། ལས་ཀྱི་སྣེ་མོ་བ་ཚོས་གོ་སྐབས་དམ་འཛིན་དང་། རྒྱུ་མཚན་དཔང་བཞག་གིས་ཞུ་གཏུག་ནན་མོ་ཡང་ཡང་མ་བྱས་པས་རེད། དེའི་ཁར་ལས་ཀྱི་སྣེ་མོར་གཏོགས་པ་ཚོར་བོད་ནང་གི་བོད་རིགས་སྤུན་ཟླ་ཚོ་ནང་བཞིན་བོད་ཐོག་ཚོར་བ་ཤུགས་དྲག་མེད་པས་ཀྱང་རེད། ད་ལྟའི་བཀའ་ཁྲི་ལ་ཡང་བོད་ཀྱི་ཚོར་ཤེས་ཟབ་མོ་དེ་གཏན་ནས་མི་འདུག་ལ། བོད་མིའི་འཐུས་ཚབ་ཏུ་རློམ་གྱིན་པའི་སྤྱི་འཐུས་ཚོའང་དེ་བཞིན་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese