མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་ཁབ་ ༨ ཀྱི་རྒྱབ་སྐྱོར།

བོད་ཀྱི་དུས་བབ།
༢༠༡༢/༠༧/༠༢
Share on FacebookShare on TwitterShare on EmailShare on Whatsapp

སུད་སིར་ཚོགས་པའི་རྒྱལ་ཚོཊ་འགྲོ་བ་མིའི་ཐང་ལྷན་ཚོཊ་ཐོག ཨ་རི་དང་ཡུ་རོབ་མཐུན་ཚོགས་གཙོས་རྒྱལ་ཁབ་ ༨ ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐོག་སེམས་འཚབ་ཡོད་སྐོར་བརྗོད་འདུག

ཉེ་ལམ་སུད་སི་གྲོང་ཁྱེར་འཇི་ནེ་ཝར་ཚོཊ་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོང་ཚོཊ་ཆེན་སྟེང་། ཡུ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་དང་ཨ་རི། ཅེག་སྤྱི་མཐུན་རྒྱལ་ཁབ། ཧྥ་རན་སི། སུད་སི། སུ་ཝེ་ཊིན། ཁེ་ན་ཌ། སྦེལ་ཇམ་སྐུ་ཚབ་བཅས་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐོག་སེམས་འཚབ་ཡོད་སྐོར་གྱི་གཏམ་བཤད་སྤེལ་འདུག

ཚོགས་འདུའི་སྟེང་ཌན་མག་ཡུ་རོབ་མཐུན་ཚོགས་སྐུ་ཚབ་ཀྱིས་བརྗོད་དོན་ལྟར་ན། ཡུ་རོབ་མཐུན་ཚོགས་ཀྱིས་བོད་རང་སྐྱོང་ལྗོངས་དང་བོད་རིགས་ས་ཁུལ་གཞན་དང་། ལྷག་པར་དུ་སི་ཁྲོན་ཁུལ་གྱི་བོད་མིའི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པར་སེམས་འཚབ་ཡོད་སྐོར་དང་། རྒྱ་གཞུང་གིས་བོད་མི་མང་པོ་གང་བྱུང་འཛིན་བཟུང་བྱས་སྟབས། ལྷ་ས་གཙོས་བོད་ཀྱི་ས་ཁུལ་ཁག་ཏུ་རང་ལུས་མེར་སྲེག་གཏོང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། གནད་དོན་དེའི་རྐྱེན་པས་རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་སྤྲོ་འཆམ་པ་ཚོར་བཀག་འགོག་བྱས་པར་སེམས་འཚབ་དང་། ཡུ་རོབ་མཐུན་ཚོགས་ཀྱིས་བོད་དང་ཤིང་ཅང་གཙོས་པའི་གྲངས་ཉུང་མི་རིགས་ཚོའི་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་། འདུ་འཛོམས་དང་སྐད་ཡིག་རང་དབང་། ཐུན་མིན་གོམས་སྲོལ། ཆོས་དད་རང་དབང་ལ་བརྩི་བཀུར་དགོས་པའི་འབོད་སྐུལ་ཞུས་འདུག

སྐབས་དེར་ཨ་རིའི་སྐུ་ཚབ་ཀྱིས་རྒྱ་གཞུང་གིས་སོ་སོའི་གཞུང་དང་ལྟ་བ་མི་མཐུན་པ་ཚོར་ཆེད་དམིགས་ཀྱིས་ཉེས་འཛུགས་བྱས་ཏེ། མི་མང་པོ་ཞིག་འཛིན་བཟུང་བཙོན་འཇུག་དང་གར་སོང་ཆ་མེད་དུ་གྱུར་བ། ཁྲིམས་འགལ་ཉེས་ཆད་གཅོད་པ། དྲ་རྒྱར་བཀག་སྡོམ་བྱེད་པ། འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་དང་ཁྲིམས་རྩོད་པར་ཁྲིམས་ཐག་གཅོད་པ། ཆོས་ལུགས་དད་མོས་ལ་དམ་དྲག་སོགས་བྱེད་ཀྱི་ཡོད་ཅིང་། ཁྱད་པར་དུ་རྒྱ་གཞུང་གིས་བོད་དང་ཤིན་ཅང་སོགས་ཀྱི་ཆོས་དང་སྐད་ཡིག ཐུན་མོང་མིན་པའི་རིག་གཞུང་གཏོང་བཤིག་གཏོང་བཞིན་པའི་གནས་སྟངས་ལ་ཐུགས་འཚབ་ཡོད་སྐོར་བརྗོད་འདུག

བྷེལ་ཇམ་སྐུ་ཚབ་ཀྱིས་རྒྱ་གཞུང་གིས་བཙན་དབང་ཐོག་འཛིན་བཟུང་བཙོན་འཇུག་བྱས་པ་དང་བོར་བརླག་ཏུ་ཕྱིན་པའི་བོད་མི་ཚོའི་གནས་སྟངས་ཐོག་སེམས་འཚབ་དང་། གནད་དོན་དེའི་ཐད་རྒྱ་གཞུང་གིས་ངེས་པར་གསལ་བཤད་དགོས་རྒྱུ་དང་།  བོད་མི་ཚོས་རང་ལུས་མེར་བསྲེགས་བཏང་བ་དེས་བོད་མིར་ཆོས་དང་རིག་གཞུང་སྲུང་སྐྱོབ་ཐོབ་ཐང་མེད་པ་གསལ་པོར་བསྟན་ཡོད་སྐོར་བརྗོད་འདུག

སུ་ཝེ་ཌིན་སྐུ་ཚབ་ཀྱིས་སུ་ཝེ་ཌིན་གཞུང་གིས་རྒྱ་ནག་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་ལུགས།སྨྲ་བརྗོད་རང་དབང་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པ་དང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་ཚོར་རྒྱ་གཞུང་གིས་སུན་གཙེར་བཟོ་བཞིན་པར་སེམས་འཚབ་དང་། ལྷག་པར་དུ་རྒྱ་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་དམ་དྲག་ཆེན་པོ་བྱེད་པ་དེར་བློ་འཚབ་དང་། སི་ཝེ་ཌེན་གཞུང་གིས་བོད་དང་ཤིང་ཅང་སོགས་རྒྱ་ནག་གྲངས་ཉུང་མི་རིགས་ཚོའི་ཐོབ་ཐང་ལ་བརྩི་བཀུར་དགོས་པའི་རེ་སྐུལ་ཞུས་འདུག

དེ་བཞིན། ཁེ་ན་ཌའི་སྐུ་ཚབ་ཀྱིས་བོད་རིགས་གནས་སྡོད་ཀྱི་ས་ཁུལ་ཁག་ཏུ་ཆོས་ལུགས་དད་མོས་ཐོག་དམ་དྲག་བྱེད་པ་དེར་སེམས་འཚབ་ཡོད་སྐོར་དང་། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཀྱང་བོད་ནང་གི་ཛ་དྲག་གནས་སྟངས་ལ་དམིགས་ཏེ། རྒྱ་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་ཕྱི་རྒྱལ་གཞུང་ཚབ་དང་གསར་འགོད་པ། རང་དབང་ལྡན་པའི་རྟོགས་ཞིབ་ཚོཊ་པ་བཅས་གཏོང་དགོས་རྒྱུ། ཧྥ་རན་སི་དང་སུད་སི་གཉིས་ཀྱིས་ཀྱང་བོད་ནང་གི་གནས་སྟངས་ཐོག་སེམས་འཚབ་ཆེན་པོ་ཡོད་སྐོར་བརྗོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

གཞུང་འབྲེལ་མིན་པའི་ཚོགས་སྡེ་ལྔ་ཡིས་ཞི་ཅིན་ཕིན་ལ་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༡༢ སྔོན་ལ།
UN High Commissioner for Human Rights Volker Turk  Photo : Tawazon
Mobile App

འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༦༣ སྟེང་བོད་དོན་གླེང་སློང་བྱས།

ཆུ་ཚོད་ ༡༢ སྔོན་ལ།
ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་གནམ་ཐང་དུ། AP གསར་ཁང་གི་པར།
Mobile App

རྒྱ་ནག་གི་ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་ལ་བྲོས་བྱོལ་དུ་འབྱོར་འདུག

༢༠༢༦/༠༩/༠༧
India, China to Hold First Corps Commander-Level Talks Today at Wacha Along LAC in Arunachal Pradesh | Image: X
Mobile App

རྒྱ་དཀར་ནག་གི་ཆེས་མཐོའི་དམག་དཔོན་བར་གྲོས་མོལ་བྱས། 

༢༠༢༦/༠༩/༠༧
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་གནོད་འཚེ་དང་བོད་ཀྱི་ཁོར་ཡུག་གཏོར་བཤིག་ལ་རགས་ཙམ་ལྟ་བ།

༢༠༢༦/༠༩/༠༧
༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༦།༩།༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ།

༢༠༢༦/༠༩/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese