མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གནམ་གྲུ་རྒོལ་འཛིང་བྱ་རྩིས་བྱས་པ།

བོད་ཀྱི་དུས་བབ།
༢༠༡༢/༠༧/༠༢
Share on FacebookShare on TwitterShare on EmailShare on Whatsapp

གཟའ་པ་སངས་ཉིན་ཤིན་ཅང་ཧི་ཐེན་གྲོང་ཁྱེར་ནས་ཝུ་རའོ་མུའུ་ཆིར་འཕུར་སྐྱོད་བྱེད་པའི་གནམ་གྲུ་ཞིག་ལ། ཡུ་གུར་བ་ ༦ གིས་རྒོལ་འཛིང་བྱ་སྤྱོད་སྤེལ་རྩིས་བྱས་ཡོད་སྐོར་རྒྱ་གཞུང་གིས་བརྗོད་འདུག

ཕྱི་ཟླ་ ༦ ཚེས་ ༢༩ ཉིན་ཤིན་ཅང་ཧི་ཐེན་གྲོང་ཁྱེར་ནས་ཝུ་རའོ་མུའུ་ཆི་རུ་འཕུར་སྐྱོད་བྱེད་བཞིན་པའི་ GS ༧༥༥༤ རྟགས་ཀྱི་གནམ་གྲུའི་ནང་། ཡུ་གུར་བ་མི་ ༦ གིས་གནམ་གྲུ་བཙན་འཕྲོག་བྱ་འཆར་གྱི་རྒོལ་འཛིང་དོན་རྐྱེན་ཞིག་བསླངས་ཡོད་འདུག རྒྱ་གཞུང་ཉེན་རྟོག་སྡེ་ཁག་གིས་གསལ་བསྒྲགས་བྱས་པ་ལྟར་ན། ཉིན་དེའི་ཆུ་ཚོད་ ༡༢ དང་སྐར་མ་ ༢༥ སྟེང་གནམ་གྲུ་ཞིག་ཧི་ཐེན་གནམ་ཐང་ནས་འཕུར་ཏེ་སྐར་མ་ ༡༠ རིང་མཁའ་ལམ་དུ་བསྐྱོད་རྗེས། ཡུ་གུར་བ་མི་ ༦ གིས་གནམ་གྲུ་བཙན་འཕྲོག་གི་རྒོལ་འཛིང་བྱ་སྤྱོད་སྤེལ་ཡོད་ཀྱང་། སྐབས་དེར་མཁའ་བསྐྱོད་ལས་སྣེ་བ་དང་མགྲོན་པོ་རྣམས་ཀྱིས་ཡུ་གུར་བ་དེ་དག་འཇུ་བཟུང་བྱས་པ་མ་ཟད།  གནམ་གྲུ་ཕྱིར་ཧི་ཐེན་གནམ་ཐང་དུ་བབ་ཡོད་སྐོར་བརྗོད་འདུག 

འཛམ་གླིང་ཡུ་གུར་མཐུན་ཚོགས་ཀྱི་མགྲིན་ཚབ་པ་ཏིས་ལིས་ཞཱ་ཏིས་ལགས་ཀྱིས། དོན་རྐྱེན་དེའི་ཐད་ཧི་ཐེན་ས་གནས་ནས་འབྱོར་བའི་གནས་ཚུལ་ཡོང་ཁུངས་གཉིས་ཀྱིས་བརྗོད་པ་ལྟར་ན། དོན་རྐྱེན་དེའི་འབྱུང་རྐྱེན་གཙོ་བོ་ནི་གནམ་གྲུའི་ནང་ཡུ་གུར་བ་དང་རྒྱ་རིགས་བར་རྐུབ་སྟེགས་རྩོད་རེས་ཀྱི་ཁ་རྩོད་ཤོར་ཏེ། རྒྱ་རིགས་ཚོས་ཡུ་གུར་བ་རྣམས་ལ་དམའ་འབེབས་བརྙས་བཅོས་ཀྱི་སྐད་ཆ་བཤད་པར་བརྟེན། ཡུ་གུར་བ་དང་རྒྱ་རིགས་བར་འཁྲུག་འཛིང་ཤོར་ཡོད་པ་དང་། གནམ་གྲུའི་ནང་གི་མགྲོན་པོའི་བརྒྱ་ཆ་ ༩༠ རྒྱ་རིགས་ཡིན་སྐོར་བརྗོད་དེ། རྒྱལ་སྤྱིའི་སྒྲིག་འཛུགས་དང་རང་དབང་ལྡན་པའི་བརྒྱུད་ལམ་ཁག་གིས་དོན་རྐྱེན་དེའི་དངོས་ཡོད་གནས་སྟངས་ཐད་ཞིབ་འཇུག་བྱ་དགོས་པའི་འབོད་སྐུལ་ཀྱང་ཞུས་ཡོད་པ་རེད།

ཕྱི་ཟླ་ ༦ ཚེས་ ༣༠ ཉིན་རྒྱ་གཞུང་ཤིན་ཧྭ་དྲ་བའི་སྟེང་། གནམ་གྲུ་དེའི་ནང་འགྲུལ་བ་མི་ ༩༢ དང་མཁའ་སྐྱོད་ལས་སྣེ་བ་མི་ ༩ བཅས་ཡོད་པ་དང་། དོན་རྐྱེན་ཁྲོད་འགྲུལ་བ་ ༦ ལ་རྨས་སྐྱོན་ཕོག་ཡོད་ལ། གནམ་གྲུ་བཙན་འཕྲོག་གི་རྒོལ་འཛིང་བྱ་སྤྱོད་སྤེལ་མཁན་ཡུ་གུར་བ་ ༦ ནི། མུའུ་ཧྲ་ཡིས་སུའུ་ཕུ་དང་། ཨ་བྷེ་ཧུར་ཡའེ་བྷེལ་ཡུ་མུའུ། ཝར་ཞི་ཏི་ཁེལ་ཡུ་མཱེན། མའེ་ཐི་ཝེལ་ཡུས་སུའོ། ཡ་སིན་མའེ་ཐེའུ། ཝུ་མེར་ཡུ་མཱེན་བཅས་ཡིན་པ་དང་། ཁོ་ཚོ་ཚང་མ་སྐྱེས་པ་རྐྱང་ཡིན་སྐོར་བཀོད་འདུག 

དེ་རིང་ཕྱི་ཚེས་ ༢ ཉིན་བྷེ་བྷེ་སི་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། རྒོལ་འཛིང་བྱེད་མཁན་ཡུ་གུར་བ་ ༦ ལ་འཇུ་བཟུང་སྐབས་མཁའ་འགྲུལ་ཉེན་རྟོག་པ་དང་འགྲུལ་བའི་རུབ་རྡུང་བྱས་ཏེ།  ཡུ་གུར་བ་ ༤ མགོ་ལ་རྨས་སྐྱོན་ཕོག་ཡོད་པའི་ཁྲོད་ནས།  ཡུ་གུར་གཉིས་འདས་གྲོངས་སུ་ཕྱིན་ཡོད་པ་དང་། གཞན་གཉིས་ལའང་རྨས་སྐྱོན་ཚབ་ཆེན་ཕོག་སྟེ་སྨན་ཁང་དུ་བསྡད་ཡོད་སྐོར་བཀོད་འདུག

གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། དོན་རྐྱེན་དེ་བྱུང་རྗེས་རྒྱ་གཞུང་གིས་མཁའ་ལམ་འགྲུལ་སྐྱོད་ཐད་དོགས་ཟོན་བཀག་སྡོམ་ཤུགས་ཆེ་རུ་བཏང་ཡོད་འདུག རྒྱ་ནག་གི་རྐང་སྤོལ་དཔྱད་བརྗོད་པ་ཧུང་ཅན་ཞཱང་གིས་ཝའེ་པའོ་གནས་འཕྲིན་དྲ་བའི་སྟེང་། གནམ་ཐང་དུ་ཁོས་གནམ་གྲུར་སྒུག་སྡོད་སྐབས། མཁའ་སྐྱོད་ཞབས་ཞུ་མས་རྒྱང་བསྒྲགས་བརྒྱུད་པེ་ཅིན་དུ་དམིགས་གསལ་མཁའ་ཐོག་ལས་འགུལ་ཞིག་ཡོད་པའི་དབང་གིས། པེ་ཅིན་དུ་འཕུར་སྐྱོད་བྱེད་པའི་གནམ་གྲུ་ཆ་ཚང་གནས་སྐབས་རིང་འཕུར་མི་ཆོག་པ་བསྒྲགས་ཡོད་སྐོར་བརྗོད་ཡོད་པ་རེད།

དེ་བཞིན། མཁའ་སྐྱོད་ལས་སྣེ་བ་ཞིག་གིས་ཧྥ་རན་སིའི་རླུང་འཕྲིན་གསར་ཁང་ལ་གནས་ཚུལ་བརྗོད་པ་ལྟར་ན། ཉེ་སྔོན་རྒྱ་གཞུང་མཁའ་འགྲུལ་ལས་ཁུངས་ཀྱིས་ཆེད་དམིགས་བོད་དང་ཤིན་ཅང་། དཀྱིལ་ཤར་ཡུལ་གྲུ་དང་ཨ་ཧྥུ་རི་ཀ་བཅས་ཀྱི་མཁའ་ལམ་བརྒྱུད་འཕུར་སྐྱེད་བྱེད་མཁན་གནམ་གྲུ་དག་ལ་ཞིབ་བཤེར་དོགས་ཟོན་ནན་མོ་བྱས་ཏེ། གནམ་གྲུའི་ནང་མི་སེར་དཀྱུས་མའི་ལྭ་གྱོན་པའི་གསང་བའི་ཉེན་སྲུང་བ་དང་དྲག་ཆས་དམག་མི་གོ་སྒྲིག་དང་། གནམ་གྲུའི་ནང་ཆེད་དུ་ཉེན་འགོག་མཚོན་ཆའི་རིགས་སྒྲིག་འགོད་བྱས་ཡོད་ལ། ལྷག་པར་དུ་གནམ་ཐང་ཁག་ཏུ་བོད་དང་ཤིན་ཅང་དུ་བསྐྱོད་མཁན་འགྲུལ་བ་རྣམས་ལོགས་སུ་རུ་སྒྲིག་ཏུ་བཅུག་སྟེ། ཞིབ་བཤེར་འདྲི་གཅོད་ནན་མོ་བྱེད་བཞིན་ཡོད་འདུག

ཤིན་ཅང་ཧི་ཐེན་དུ་བྱུང་བའི་གནམ་གྲུའི་དོན་རྐྱེན་དེའི་ཐད། རྒྱ་གཞུང་དང་ས་གནས་ཡུལ་མི་གཉིས་ཀྱི་བཤད་སྟངས་གཅིག་མཐུན་མིན་པར་མ་ཟད། ས་གནས་ཡུལ་མི་རྣམས་ཀྱིས་རྒྱ་གཞུང་གི་དོན་རྐྱེན་དེར་ཁ་གཡར་ཏེ། ཤིན་ཅང་ནང་དམ་དྲག་ཤུགས་ཆེ་རུ་བཏང་ནས་ས་གནས་ཡུ་གུར་མང་ཚོགས་ལ་མཛད་དཀའ་བཟོ་རྒྱུར་བློ་འཚབ་གནང་གི་ཡོད་འདུག

གསར་འགོད་པ། ཚེ་རིང་རྒྱལ།  

འབྲེལ་ཡོད་གསར་འགྱུར།

Mobile App

རང་བཙན་གོམ་བགྲོད་གནང་མཁན་ཚེ་རིང་མཐར་ཕྱིན་ལགས་ཅན་དྷི་སྒར་དུ་འབྱོར་འདུག

ཆུ་ཚོད་ ༩ སྔོན་ལ།
བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་འདུ་ཐེངས་ ༢༤ པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

 བྱང་ཨ་རིའི་བོད་རིགས་ཚོགས་པ་ཁག་གིས་ཚོགས་ཆེན་འཚོགས།

ཆུ་ཚོད་ ༡༡ སྔོན་ལ།
Mobile App

གཞུང་འབྲེལ་མིན་པའི་ཚོགས་སྡེ་ལྔ་ཡིས་ཞི་ཅིན་ཕིན་ལ་བསྒྲགས་གཏམ་སྤེལ།

༢༠༢༦/༠༩/༠༨
UN High Commissioner for Human Rights Volker Turk  Photo : Tawazon
Mobile App

འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༦༣ སྟེང་བོད་དོན་གླེང་སློང་བྱས།

༢༠༢༦/༠༩/༠༨
ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་གནམ་ཐང་དུ། AP གསར་ཁང་གི་པར།
Mobile App

རྒྱ་ནག་གི་ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་ལ་བྲོས་བྱོལ་དུ་འབྱོར་འདུག

༢༠༢༦/༠༩/༠༧
India, China to Hold First Corps Commander-Level Talks Today at Wacha Along LAC in Arunachal Pradesh | Image: X
Mobile App

རྒྱ་དཀར་ནག་གི་ཆེས་མཐོའི་དམག་དཔོན་བར་གྲོས་མོལ་བྱས། 

༢༠༢༦/༠༩/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese