མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲྭ་པ་ཞིག་དམར་གསོད།

བོད་ཀྱི་དུས་བབ།
༢༠༡༢/༠༧/༠༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་མདོ་སྨད་བྱ་ཁྱུང་དགོན་པའི་དངུལ་གཉེར་གྲྭ་འཕེལ་རྒྱས་ལགས་དམར་གསོད་བཏང་སྟེ། དགོན་པའི་ཉེ་འདབས་ཀྱི་ས་དོང་ཞིག་ཏུ་བཅུག་ཡོད་པ་ལག་སོན་བྱུང་འདུག

ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་ས་གནས་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། མཚོ་སྔོན་ཞིང་ཆེན་བ་ཡན་རྫོང་བྲག་དམར་སྡེ་པ་ནས་ཡིན་ཞིང་།མདོ་སྨད་བྱ་ཁྱུང་དགོན་པའི་རང་ལོ་ ༤༣ ཡིན་པའི་དངུལ་གཉེར་བྲག་དམར་འཕེལ་རྒྱས་སམ་དངོས་མིང་ལ་འཕེལ་རྒྱས་ལགས། འདི་ལོའི་བོད་ཟླ་ ༥ བའི་ཚེས་ ༡ ཉིན་དགོན་པ་ནས་གློ་བུར་དུ་བོར་བརླགས་བྱུང་རྗེས།  བདུན་ཕྲག་གཉིས་རིང་གྲྭ་བ་ཚོས་གང་སར་བཙལ་མཐར། ཁ་སང་ཕྱི་ཚེས་ ༡ཉིན་དགོན་པའི་ཉེ་འདབས་སུ་ཡོད་པའི་རྒྱ་ནག་ཉེན་རྟོག་ལས་ཁུངས་ཉེ་འཁྲིས་ཀྱི་ས་དོང་ཤིག་ནང་ཕུང་པོ་རྙེད་སོང་བྱུང་རྗེས། ཉེན་རྟོག་པས་དེ་མ་ཐག་གྲྭ་འཕེལ་རྒྱས་ལགས་ཀྱི་སྐུ་ཕུང་ཟི་ལིང་གྲོང་ཁྱེར་དུ་བཙན་ཁྱེར་བྱས་ཡོད་འདུག

ཁ་སང་ཕྱི་དྲོ་དགོན་པའི་དགེ་འདུན་པ་ ༡༥༠ ཙམ་དང་མང་ཚོགས་ཉེན་རྟོག་ལས་ཁུངས་སྒོ་འགྲམ་དུ་སོང་སྟེ་གནས་ཚུལ་དེའི་སྐོར་དྲིས་སྐབས། དྲག་ཆས་དམག་མིའི་རླུང་འཁོར་ཆེ་ཆུང་ ༨༠ ལྷག་འབྱོར་ཏེ་སྐྱ་སེར་གཉིས་ཀྱི་མཐའ་བསྐོར་ཡོད་འདུག་ལ། སྐབས་དེར་དགེ་འདུན་པ་ཚོས་གྲྭ་འཕེལ་རྒྱས་ལགས་ངན་གསོད་བྱེད་དགོས་དོན་གང་ཡིན་གྱི་རྕོད་པ་ཤུགས་ཆེར་བྱས་སྟབས། ཉེན་རྟོག་པ་དང་མི་མང་བར་ཁ་རྩོད་བྱུང་སྟེ་གྲྭ་བ་ལོ་ཆུང་ཞིག་ལ་རྨས་སྐྱོན་བཟོས་ཡོད་འདུག ཕྱིས་སུ་ཉེན་རྟོག་པས་མི་མང་ལ་ལག་དམར་སུ་ཡིན་བརྩད་གཅོད་བྱས་རྗེས་སང་ཉིན་བརྡ་ལན་སྤྲོད་རྒྱུ་ཡིན་ཚུལ་བཤད་དེ་ཕྱིར་མངགས་ཡོད་ཀྱང་། བྱ་ཁྱུང་དགོན་པའི་དགེ་འདུན་མང་པོ་ཞིག་གིས་མདང་དགོང་མཚན་གང་བོར་ཉེན་རྟོག་ལས་ཁུངས་སྒོ་འགྲམ་དུ་ཉལ་ཏེ་ངོ་རྒོལ་བྱས་ཡོད་འདུག

དེ་རིང་ཕྱི་ཚེས་ ༢ ཉིན་གྱི་སྔ་དྲོ་ཉེན་རྟོག་པས་དགོན་པའི་གྲྭ་བ་དང་མི་མང་ལ། དོན་རྐྱེན་དེ་བོད་ཟླ་ ༥ བའི་ཚེས་ ༡ དང་། ཕྱི་ཟླ་ ༦ པའི་ཚེས་ ༢༠ ཉིན་གྱི་མཚན་མོར་ལོ་མང་རིང་དགོན་པར་ལྟ་རྟོག་བྱེད་མཁན་རུས་མཱ་ཡིན་པའི་ཉེན་རྟོག་པ་ཞིག་གིས་མགོ་ལ་རས་ནག་པོས་དཀྲིས་ཏེ། གྲྭ་འཕེལ་རྒྱས་ལགས་ཀྱི་གྲྭ་ཤག་ཏུ་འཛུལ་ཏེ་བཙན་གྱིས་དངུལ་སྤྲོད་དགོས་བ་དང་། དངུལ་ཁང་གི་ལྡེ་མིག་འཁྱེར་ཤོག་ཅེས་བརྗོད་ཡོད་འདུག་པ་དང་། སྐབས་དེར་གྲྭ་འཕེལ་རྒྱས་ཀྱིས་དམག་མི་དེ་ངོ་ཤེས་བ་དང་། དེ་འདྲ་མ་བྱེད་རོགས་ཞེས་བརྗོད་སྐབས། ཉེན་རྟོག་པ་དེས་དེ་མ་ཐག་ཁོང་གི་ཁ་ནང་ལ་རས་བརྫངས་སྟེ་བསད་རྗེས་ས་དོང་ནང་གཡུག་ཡོད་པ་ར་འཕྲོད་བྱུང་ཡོད་སྐོར་གསལ་བཤད་བྱས་འདུག

དེ་རིང་ཉིན་གུང་ཆུ་ཚོད་ ༡༡ ཡས་མས་སུ་དགོན་པའི་ནང་ཚོགས་འདུ་ཚོགས་ཏེ་གྲྭ་བ་ཁག་ཅིག་སྐུ་ཕུང་ལེན་དུ་འགྲོ་རྒྱུའི་གྲོས་བྱས་ཡོད་འདུག་མོད།  གནས་ཚུལ་དེར་རྐྱེན་བྱས་ཏེ་གྲྭ་བ་དང་མང་ཚོགས་ཀྱིས་ངོ་རྒོལ་བྱ་བར་དོགས་ཏེ་དགོན་པའི་ཉེ་འཁྲིས་དང་ས་གནས་ཀྱི་ལམ་ཁ་གང་སར་དམག་མི་འགྲེམས་འཇོག་གིས་དམ་དྲག་ཤུགས་ཆེར་བྱེད་ཀྱི་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

ཆུ་ཚོད་ ༢༤ སྔོན་ལ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

ཆུ་ཚོད་ ༢༤ སྔོན་ལ།
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 4

  1. མལ་གྲོའི་བཙུན་པ་ says:
    ལོ་ 14 སྔོན།

    རྒྱ་གཞུང་ནས་ང་ཚོ་བོད་པ་ཧ་མ་གོ་པ་ག་ཚད་དང་ག ་ཚད་ལྐོག་གསོད་གཏང་ཡོད་རེད། ད་དུང་དེར་མ་ཟད་2008ལོ་ལ་དགའ་ལྡན་དགོན་ པའི་སྐུ་ཞབས་ཀུན་ཁྱབས་རྡོར་རྗེ་ལགས་བཙན་འཁྲིད་བྱས་ནས་ད་དུང་་རག་མི་འདུག་ཕལ་ཆེར་ལྐོག་གསོད་གཏང་ཚར་ཡོད་ཀྱི་རེད།

    Reply
  2. ཀླུ་སྨྱོན། says:
    ལོ་ 14 སྔོན།

    རྒྱ་ནག་གཞུང་གིས་ཟེར་བ་ལས་རྒྱ་མིའི་ཉེན་རྟོག་པ་ཞིག་གིས་ཞེས་བརྗོད་ན་ལེགས།

    Reply
  3. བརྩོན་རྒྱམ། says:
    ལོ་ 14 སྔོན།

    འདི་ལྟར་སྤུན་ཟླ་མང་པོ་ཞིག་རྒྱ་ནག་དམར་གཞུང་གི་ངན་གཡོ་སྣ་ཚོགས་ཀྱི་དམར་གསོད་བྱེད་ཀྱི་ཡོད་རེད་འུ་ཚོས་དྲང་བདེན་གྱི་ལམ་ནས་འཛམ་གླིང་མི་མང་ལ་བསྒྲགས་ཀྱི་འུ་ཚོས་ལས་འགན་རེད་སྤུན་ཟླ་ཚོ་ཉལ་ནས་མ་འདུག་རོགས་ཞུ།

    Reply
  4. བསྟན་འཛིན་ཤེས་རབ། says:
    ལོ་ 14 སྔོན།

    བ་ཡན་རྫོང་། རྒྱ་སྐད་དམ་དེང་སྐབས་དཔའ་ལུང་ཞེས་འབོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese