མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

སྤྱི་འཐུས་ཀྱིས་བསྒྲཊ་གཏམ་སྤེལ།

བོད་ཀྱི་དུས་བབ།
༢༠༡༢/༠༧/༠༤
Share on FacebookShare on TwitterShare on EmailShare on Whatsapp


ཟླ་གཟའ་བའི་ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཉེ་ལམ་ཕྱི་ཚེས་ ༢༧ ཉིན་སྒ་སྐྱེ་རྒུ་མདོར་བོད་རིགས་བུད་མེད་བདེ་སྐྱིད་ཆོས་འཛོམ་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་བྱས་པའི་ཐད་གསར་འགོད་བསྒྲགས་གཏམ་སྤེལ་འདུག

ཟླ་སྔོན་མའི་ཕྱི་ཚེས་ ༢༧ ཉིན་རྒྱབ་ཆུ་ཚོད་ ༢ པ་ཡས་མས་སུ་སྒ་སྐྱེ་རྒུ་མདོ་དོན་གྲུབ་གླིང་དགོན་པའི་གཤམ་འོག་གི་སྐྱེ་རྒུ་གྲོང་ཁྱེར་ཁྲོམ་གཞུང་དུ་ཁྱིམ་ཚང་ ༧༠ ཙམ་གྱིས་རྒྱ་གཞུང་གིས་བོད་པའི་ས་ཁང་རྒྱུ་ནོར་བཙན་འཕྲོག་བྱེད་བཞིན་པར། ས་གནས་བོད་མི་ཚོས་རང་ས་རང་དབང་དང་། རང་རྒྱུ་རང་དབང་གི་སྐད་འབོད་ཤུགས་ཆེན་བྱེད་བཞིན་པའི་སྐབས་སུ། ཕ་ཚེ་འདས་པདྨ་དོན་གྲུབ་ཀྱི་བུ་མོ་རང་ལོ་ ༤༠ ཡས་མས་ལ་སོན་པ་བདེ་སྐྱིད་ཆོས་འཛོམ་ལགས་ཀྱིས་རྒྱ་གཞུང་གིས་བོད་པའི་ས་ཁང་བཙན་འཕྲོག་གིས་བོད་མི་ཚོར་གཉའ་གནོན་བྱེད་བཞིན་པའི་གནས་ཚུལ་ལ་ངོ་རྒོལ་རང་ལུས་ལ་མེར་བསྲེགས་བཏང་ཡོད་ཀྱང་། དེ་མ་ཐག་རྒྱ་མིའི་ཉེན་རྟོག་དམག་མིས་མེ་བསད་དེ་ཟི་ལིང་སྨན་ཁང་ཞིག་ཏུ་བཙན་འཁྱེར་བྱས་འདུག

སྐབས་དེར་སྤུན་མཆེད་བཀྲ་ཤིས་གཡང་འཛོམས་ལགས་དང་། ཨ་ཞང་བཀྲ་ཤིས་དོན་གྲུབ་ལགས་གཉིས་ཀྱང་མདུན་དུ་མཆོངས་ནས་ངོ་རྒོལ་བྱས་པར། རྒྱ་གཞུང་ཉེན་རྟོག་དམག་མིས་འཇུ་བཟུང་གཅར་རྡུང་གིས་བཙན་ཁྲིད་བྱས། སྐབས་དེར་ས་གནས་ཀྱི་རྒྱ་ཆེའི་སེར་སྐྱ་མང་ཚོགས་བརྒྱ་ཕྲག་ཁ་ཤས་ཀྱིས་ཁོང་གཉིས་ཀློད་གྲོལ་མ་བཏང་ན་ཚང་མས་རང་ལུས་མེར་བསྲེགས་གཏོང་རྒྱུ་ཡིན་ཞེས་སྐད་འབོད་བརྒྱབ་པས་གློད་ཙམ་བྱུང་ཡང་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་ཡོད་འདུག  རྒྱལ་གཅེས་དཔའ་མོ་བདེ་སྐྱིད་ཆོས་འཛོམས་ལགས་ནི། སྐྱེ་རྒུ་གྲོང་ཁྱེར་དང་ས་ཐག་ཉེ་བོ་ཡོད་པའི་དཔལ་ཐང་གྲོང་ཚོའི་ཁོངས་མི་ཡིན་ཞིང་། ཁྱོ་གའི་མིང་ལ་དབང་གྲགས་དང་། ཁོང་གཉིས་ལ་ཕྲུ་གུ་བུ་གཅིག་དང་བུ་མོ་གཅིག་ཡོད་པ་སྐྱེ་རྒུ་སློབ་གྲྭར་འགྲོ་བཞིན་ཡོད་འདུག

ལོ་འགའི་སྔོན་ནས་སྐྱེ་རྒུ་གྲོང་ཁྱེར་དུ་གནས་སྤོས་ཀྱིས་ཚོང་ལས་གཉེར་བཞིན་ཡོད་འདུག ད་ལྟའི་ཆར་དེ་སྔོན་སྐྱེ་རྒུའི་ས་ཡོམ་བརྒྱབ་པའི་གནས་ཚུལ་འོག་རྒྱ་གཞུང་གིས་སྐྱེ་རྒུ་བསྐྱར་འཛུགས་ཀྱི་ལས་གཞིར་ཁ་གཡར་ནས་བོད་པའི་ས་ཁང་དང་རྒྱུ་ནོར་དཔལ་འབྱོར་བཙན་འཕྲོག་དང་། བོད་པའི་ཆོས་དང་རིག་གཞུང་རྩ་གཏོར། རྒྱ་མི་མང་པོ་གནས་སྤོ་བྱེད་རྒྱུའི་ངན་རྒུ་ཚང་བའི་སྲིད་བྱུས་ལག་བསྟར་བྱས་ཏེ། ཞེ་དཀར་ཐང་མགོ་དང་། བཀྲ་ཤིས་དར་ཐང་། བཀྲ་ཤིས་ཁོག་པ། རྡུལ་སྙེད་སྒང་། སྟོབས་ལྡན། སུམ་བདེ་བཅས་ས་གནས་ཁག་དྲུག་ནང་དཀའ་སྡུག་ཚད་མེད་མྱངས་དང་མྱོང་བཞིན་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༢༢ ཉིན། སྐྱེ་རྒུ་མདོ་སྲིང་མོ་མདོ་སྟོད་དགོན་པའི་འགྲོན་ཁང་དང་ས་ཆ་བཙན་འཕྲོག་བྱེད་རྩིས་བྱེད་སྐབས། དགོན་པའི་གྲྭ་མང་གིས་མི་འདོད་པའི་རྣམ་འགྱུར་བསྟན་པར། རྒྱ་གཞུང་ཉེན་རྟོག་དམག་མིས་དགེ་འདུན་པ་ ༣༠ ཙམ་དང་། ལྷག་པར་དུ་སྤྲུལ་སྐུ་རིན་ཆེན་ཚེ་རིང་རིན་པོ་ཆེ་རྒྱ་མིས་འཇུ་བཟུང་གིས་གཅར་རྡུང་ཚད་མེད་བྱས་པ་ཡོངས་གྲགས་ཆགས་ཡོད་པ་སོགས་ཀྱིས་ས་གནས་བོད་མི་ཚོས་གདུང་སེམས་མཉམ་སྐྱེད་དང་། རྡོག་རྩ་གཅིག་སྒྲིལ་བྱེད་དགོས་པའི་འདུ་ཤེས་ཇེ་ཆེ་དང་རྣམ་འགྱུར་ཤུགས་ཆེ་རུ་ཕྱིན་ཡོད་གནས་འབྲེལ་ཡོད་ཉི་མ་བཀྲ་ཤིས་ལགས་ནས་མཁོ་སྤྲོད་བྱས་བྱུང་། 

གསར་འགོད་བསྒྲགས་གཏམ་ནང་བཀོད་དོན། “ ཁོང་མོ་ནི། ཕྱི་ལོ་ ༢༠༠༩ ནས་ད་ལྟའི་བར་བོད་ནང་རང་ལུས་མེར་བསྲེགས་གནང་མཁན་མི་གྲངས་ ༤༢ པ་དེ་ཆགས་ཡོད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་ནང་རང་ལུས་མེར་བསྲེགས་དང་། དམར་གསོད་ཀྱི་དོན་རྐྱེན་བྱུང་རིམ་བཞིན་གསར་འགོད་བསྒྲགས་གཏམ་རིམ་སྤེལ་བྱས་ ཡོད་པའི་ནང་། བོད་ནང་གི་དོན་རྐྱེན་དེ་དག་ནི་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་མཁྲེགས་འཛིན་དང་ཕྱོགས་སུ་ལྷུང་བའི་སྲིད་བྱུས་ལ་བརྟེན་ནས་ཡོང་གི་ཡོད་པས། ཇི་སྲིད་བོད་ཐོག་འཛིན་པའི་མཁྲེགས་འཛིན་གྱི་སྲིད་བྱུས་ལ་སྒྱུར་བཅོས་མ་བཏང་བ། དེ་སྲིད་དུ་བོད་ཆོལ་ཁ་གསུམ་ནང་རང་ལུས་མེར་བསྲེགས་སོགས་ཀྱིས་མཚོན་ལས་འགུལ་སྣ་ཚོགས་ཡོང་སྲིད་པས། དེ་དག་གི་འགན་ཆ་ཚང་རྒྱ་གཞུང་གིས་འཁྱེར་དགོས་པ་ལས་གཞུང་སྒེར་སུ་ལའང་ཡ་ལན་སྤྲོད་ས་མེད” ཅེས་བཀོད་འདུག

འབྲེལ་ཡོད་གསར་འགྱུར།

NewsClick's founder Prabir Purkayastha was arrested on Tuesday evening
Mobile App

རྒྱ་གཞུང་གི་ཐེ་ཇུས་ཡོད་པའི་ཉེས་མིང་འོག་རྒྱ་གར་གྱི་གསར་ཁང་ཞིག་གི་རྩོམ་སྒྲིག་པ་སོགས་འཛིན་བཟུང་བྱས། 

ཆུ་ཚོད་ ༨ སྔོན་ལ།
ཆོས་དབྱིངས་སྐྱིད་ཀྱིས་ཨེ་ཤ་ཡའི་འགྲན་སྡུར་ནང་གསེར་གྱི་རྟགས་མ་བླངས། ༢༠༢༣། ༡༠། ༤། དྲ་ལམ་གྱི་པར།
Mobile App

ཆོས་དབྱིངས་སྐྱིད་ལགས་ཀྱིས་ཨེ་ཤ་ཡའི་འགྲན་སྡུར་ནང་གསེར་གྱི་རྟགས་མ་བླངས།

ཆུ་ཚོད་ ༡༠ སྔོན་ལ།
Front Slider

༧གོང་ས་མཆོག་གིས་སྤྱན་རས་གཟིགས་ཕྱག་བཞི་པའི་བཀའ་དབང་བསྩལ།

ཆུ་ཚོད་ ༡༡ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་སྤྱན་རས་གཟིགས་ཀྱི་བཀའ་དབང་བསྩལ། བོད་ཀྱི་དུས་བབ་གསར་ཁང་གི་སྐུ་པར། ༢༠༢༣།༡༠།༤
༸གོང་ས་མཆོག གསར་འགྱུར།

འཛམ་གླིང་ཞི་བདེ་ཡོང་བར་ནང་སེམས་ཀྱི་ཞི་བདེ་དང་བྱམས་བརྩེ་གལ་ཆེན་ཡིན།

ཆུ་ཚོད་ ༡༡ སྔོན་ལ།
Mobile App

སྤྱི་འཐུས་གྲོས་ཚོགས་ལས་འཕྲོས་པའི་བསམ་ཚུལ།

ཆུ་ཚོད་ ༡༡ སྔོན་ལ།
Advertisement for App

TIBET TIMES LAUNCHED NEW ENGLISH WEBSITE

ཆུ་ཚོད་ ༡༡ སྔོན་ལ།

མཆན། 6

  1. ལུང་རྟོགས། says:
    ལོ་ 11 སྔོན།

    རྩོམ་སྒྲིག་པས་གསུང་པ་བདེན། གསར་འགྱུར་ནི་ཁ་གསལ་ཁུང་དག་བྱུང་ན་ལས་གང་བྱུང་གཏན་ནས་འགོད་མི་འོས། དེ་ལྟར་བྱས་ན་མི་མང་གི་ཡིད་ཆེས་བརླག་ངེས་རེད།

    Reply
  2. ཡར་ཀླུང་ལྷ་རྗེ། says:
    ལོ་ 11 སྔོན།

    མདོར་བསྡུས་ན་རྒྱལ་གཅེས་དཔའ་བོ་ཚོར་རྗེས་ཡིད་རང་ཞུ་དང། བཙན་བྱོལ་བ་བས་སྒྲིགས་ཚུགས་དང་། སྒེར་པ་བཅས་ནས་མེར་བསྲེགས་ཀྱིས་ལས་འགུལ་དེ་ཚོར་མཚམས་དགོས་པའི་རེ་བསྐུལ་ཞུ་དགོས་ལ། ང་ཚོ་སྲོག་ཡོད་པ་ཚང་མ་གཅིག་པ་ཡིན་ལ་ས་ཤ་རུས་གཅིག་པའི་བོད་མི་ཡང་གཅིག་པ་ཡིན། རྒྱ་གཞུང་གིས་དེ་བས་མང་བ་བྱུང་ན་བསམ་པ་ལས་འགན་འཁྲིའི་སྐོར་དེ་བས་ཉན་མི་འདོད་དོ།

    Reply
  3. རྩོམ་སྒྲིག་པ། says:
    ལོ་ 11 སྔོན།

    བཙན་བྱོལ་བ་ལགས། གནས་ཚུལ་དེ་ཕྱི་ཚེས་ ༢༧ ཉིན་བྱུང་མ་ཐག་འདི་ནས་གོ་སོང་། རྩོམ་པ་པོ་འོད་ཟེར་ལགས་ཀྱི་རྒྱ་ཡིག་ཟིན་བྲིས་སུའང་བཀོད་འདུག འོན་ཀྱང་མིང་དང་ས་གནས་དུས་ཚོད་སོགས་ཁ་གསལ་མེད་པ་མ་ཟད། གནས་ཚུལ་གྱི་འབྱུང་ཁུངས་ཡང་གསལ་བོ་མེད་སྟབས། འདི་ནས་གནས་སྐབས་རིང་ངང་འཐེན་གྱིས་ཕ་ཡུལ་སྐྱེ་རྒུ་མདོ་ནས་ཡིན་པ་ཚོར་འབྲེལ་བ་བྱས་ཏེ་རྩད་གཅོད་བྱས་པ་ཡིན། འོན་ཀྱང་ད་བར་ཁ་གསལ་གཏིང་གསལ་གྱི་གནས་ཚུལ་ཁྱབ་བསྒྲགས་བྱེད་ཆོག་ཆོག་ངོ་སྤྲོད་བྱེད་མཁན་གཅིག་ཀྱང་བྱུང་མ་སོང་།

    Reply
  4. ketaka says:
    ལོ་ 11 སྔོན།

    བཙན་བྱོལ་བའི་བསམ་འཆར་ལྟར་ཐེངས་འདིའི་གནས་ཚུལ་གཅིག་པོ་མ་རེད་ན་ནིང་ནས་ངས་ཡང་དེ་ལྟར་མཐོང་སྣང་བྱུང་།སྤྱིར་བཏང་བྱས་ན་བོད་ཀྱི་དུས་བབ་ནི་དྲ་རྒྱ་གཞན་ལས་ཁྱད་ཆོས་ཤིག་ཡོད་པ་ནི་གནས་ཚུལ་མཁོ་སྤྲོད་མྱུར་བ་དངགསལ་བ་ཡི་གེ་དག་ཆ་བཅས་གཞན་ལས་བཟང་ཆ་མང་པོ་ལྡན་ཡོད་རེད།དེ་དག་མུ་མཐུད་དུ་རྒྱུན་སྐྱོང་བྱེད་རྒྱུ་གལ་ཆེ་ལ་རེ་བ་ཡང་ཞུ་བཞིན་ཡོད་་་་་་་་་་་་་་

    Reply
  5. བཙན་བྱོལ་བ་ says:
    ལོ་ 11 སྔོན།

    སྤྱིར་གནས་ཚུལ་འདི་བྱུང་ནས་ཉིན་ཤས་སོང་ཟིན་མོད། བོད་ཀྱི་དུས་བབ་དྲ་རྒྱ་ནང་དུ་ད་ལྟ་གཞི་ནས་ཐོན་སོང་། ཡིན་ན་ཡང་མེད་པ་ལས་དྲག་ཙམ་རེད།

    Reply
  6. sangkye says:
    ལོ་ 11 སྔོན།

    ཡུལ་ཤུལ་སྐྱེ་སྒུ་ཚངས་ལ་རྒྱ་མའི་གཉའ་གནོན་བྱེད་པ་དེ་ཅི་འདྲ་ཡིན་ནམ། སྐྱེ་སྒུ་ཡུལ་ཕྱོགས་ལ་ས་ཡོམ་རྒྱབ་པའི་སྐབས་སུ་བོད་པ་ཚངས་མ་རྟོགས་མེད་ལ། རྒྱ་མའི་ག་འདྲ་གསུང་ཡོད་ཡུལ་ཤུལ་སྐྱེ་སྒུ་ཚངས་ངའི་རེད་ཅེས་གསུང་དོན་ག་རེ་ཡིན་ནམ། ཡས་ཧྲོས་གསར་རྒྱ་མི་ཁོང་གི་ངེད་ཚངས་ཡིན་ཟེར་དོན་ག་རེ་ཡིན་ནམ། ཁྱེད་ཡུལ་ཤུལ་ཚངས་གི་ཁ་ནས་ཚིག་ཤོར་མེད་ན་ཡས་ཧྲོས་ཚངས་རྒྱ་མའི་ཁོང་གི་ཡས་ཧྲོས་གསར་བ་ཡིན་ཟེར་དོན་ག་རེ་ཡིན་ནམ། ད་ཁྱེད་ཚངས་ལ་ག་འདྲ་བྱེད་གྱི་འདུས་ག་འདྲ་ཡིན་ནམ། ཡས་ཧྲོས་ཚངས་ལགས། བོད་རིགས་ཡིན་ན་བོད་པའི་ནང་ལ་བཞུགས་ན་ཡག་གི་རེད། རྨི་ལམ་ཡག་སེ་སད་ནས་བཟང་། རྒྱ་དམར་ཚངས་གི་ཁྱེད་ཚོ་རོགས་རམ་བྱེད་གྱི་མ་རེད། རྒྱ་མའི་ཁྱེད་ཚོའི་ས་ཆ་དང་ཡུལ་མི་ཚོ་གནས་སྤོར་བྱེད་རྒྱའི་ཐབས་ཤེས་རེད། ཡུལ་ཤུལ་སྐྱེ་སྒུ་གླད་སྟོང་ཚངས་། བསམ་བློ་ཡག་པོ་གཏོང་དགོས། གཟབ་གཟབ་བྱེད་དགོས་། རང་མི་རིགས་གི་ལ་རྒྱ་དགོས། ཡས་ཧྲོས་ལགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist