མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕས་བུ་མོར་སྤྲིངས་པའི་འཕྲིན།

བོད་ཀྱི་དུས་བབ།
༢༠༡༢/༠༧/༠༤
Share on FacebookShare on TwitterShare on EmailShare on Whatsapp

༼རྒྱ་གར་གྱི་སྲིད་བློན་དང་པོ་ཇོ་ཝ་ཧ་ལ་ནེ་རུས་རང་གི་བུ་མོ་རྒྱ་གར་གྱི་བུད་མེད་སྲིད་བློན་དང་པོ་ཨིན་དྷ་ར་གྷན་དྷིར་སྤྲིངས་པའི་འཕྲིན།༽

སྒྱུར་པ་པོའི་ཤིས་ཚིག  ༼རང་ཅག་ཁ་བ་རི་བ་རྣམས་ཀྱི་ལྷ་བསྐལ། བདག་གི་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ། འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་འཁྲུངས་སྐར་དུས་ཆེན་ལ་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་གུས་ཕྱག་གྲངས་མེད་སྔོན་དུ་བཏང་སྟེ་བཅོས་མིན་འཚམས་འདྲི་དང་། རང་ཅག་གཞིས་བྱེས་བོད་འབངས་ཡོངས་དང་སྙིགས་དུས་ཀྱི་སེམས་ཅན་ཡོངས་ཀྱི་མགོན་སྐྱབས་ལ་སྐུ་ཚེ་མི་འགྱུར་རྡོ་རྗེའི་གཤིས་སུ་བརྟན་པར་སྨོན།༽

ཇོ་ཝ་ཧ་ལ་ནེ་རུས་བརྩམས། ནོར་བསམ་གྱིས་བསྒྱུར།

༤༽ སྲོག་ཆགས་ཐོག་མར་བྱུང་ཚུལ།

            ང་ཚོས་འཕྲིན་ཡིག་སྔོན་མའི་ནང་ནས་ཡུན་རིང་སྔོན་ལ་སའི་གོ་ལའི་སྟེང་ལ་ཚ་དྲོད་ཧ་ཅང་ཆེ་བས་སྲོག་ཆགས་འཚོ་ཐབས་མེད་པ་ཤེས་རྟོགས་བྱུང་ཡོད། སའི་གོ་ལའི་ཐོག་ཚེ་སྲོག་ཐོག་མར་ག་དུས་བྱུང་བ་དང་། སྲོག་ཆགས་དང་པོ་ག་རེ་རེད་དམ་ཞེས་པའི་དྲི་བར་ལན་འདེབས་དཀའ་ལ་དོ་སྣང་འོས་པའི་དྲི་བ་ཞིག་རེད། ཕལ་ཆེར་ཁྱེད་ཀྱིས་འགྲོ་བ་མི་རྣམས་སྲོག་ཆགས་ཡིན་པ་བཞིན་དུད་འགྲོ་སེམས་ཅན་རྣམས་ཀྱང་དེ་བཞིན་རེད་ཅེས་བརྗོད་ངེས་རེད། ཤིང་སྡོང་དང་ལྡུམ་བུ། མེ་ཏོག སྔོ་ཚལ་བཅས་ཀྱི་གནས་སྟངས་གང་འདྲ་རེད་དམ། དེ་ཚོ་ཡང་འཚར་ལོངས་བྱུང་བ་དང་། ཆུ་འཐུང་བ། རླུང་ཁྲོད་དུ་དབུགས་གཏོང་བ། ཤི་བ་སོགས་ཀྱི་བྱེད་ལས་ཚང་བས་ཏན་ཏན་སྲོག་ཆགས་ཡིན་ངེས། ཤིང་སྡོང་དང་དུད་འགྲོ་སེམས་ཅན་བར་གྱི་ཁྱད་པར་གཙོ་བོ་ནི་ཤིང་སྡོང་གིས་འགྲོ་སྐྱོད་མི་ཐུབ་པ་དེ་རེད། ངས་ཁྱེད་ལ་ལོན་ཌོན་(London) གྱི་ཀིའུ་ལྡུམ་ར་ནས་ (Kew Garden)རྩེ་ཤིང་བསྟན་པ་དྲན་གྱི་འདུག་གམ། སྣ་མའི་མེ་ཏོག་དང་བུམ་པ་ཤིང་གིས་དོན་དངོས་སུ་སྦྲང་མ་བཟའ་བ་དང་།  མཚོ་མཐིལ་ལ་ཡོད་པའི་མཉེན་གཟུགས་སྲོག་ཆགས་ལྟ་བུས་འགུལ་སྐྱོད་བྱེད་ཀྱི་མེད། སྐབས་རེར་སྲོག་ཆགས་དུད་འགྲོ་ཡིན་དང་རྩི་ཤིང་གང་ཡིན་བརྗོད་ཁག་པོ་ཡོད། ཁྱེད་ཀྱིས་རྩི་ཤིང་སྐོར་ལ་རྩི་ཤིང་རིག་པའམ། ཡང་ན་དུད་འགྲོ་སེམས་ཅན་སྐོར་ལ་དུད་འགྲོའི་ཚན་རིག་སློབ་སྦྱོང་བྱེད་སྐབས་དུད་འགྲོ་སེམས་ཅན་མ་ཡིན་ལ་རྩི་ཤིང་ཡང་མིན་པའི་ཁྱད་མཚར་པའི་དངོས་རིགས་དེ་འདྲ་མཐོང་གི་རེད།

            མི་ཁ་ཤས་ཀྱིས་རྡོ་དང་བྲག་དེ་དག་ལ་སྲོག་དང་། ཟུག་རྔུ་ཡོད་པར་རྗོད་ཀྱི་ཡོད་ཀྱང་དེ་ནི་མཐོང་དཀའ་བ་ཞིག་རེད། གཅིག་བྱས་ན་ཁྱེད་ཀྱིས་ཇི་ན་ཝར་ (Geneva) ང་ཚོ་ཐུག་འཕྲད་བྱེད་པར་ཡོང་མཁན་སྐུ་ཞབས་ཇ་ག་དེ་ཤི་བྷོ་སི་ (Jagadish Bose) ཞུ་བ་ཁོང་དྲན་གསོས་ཀྱི་ཡོད་ངེས། ཁོང་གིས་བརྟག་དཔྱད་ཞིབ་འཇུག་བྱས་ཏེ་རྩི་ཤིང་དང་སྲོག་གཉིས་འབྲེལ་བ་ཆེན་པོ་ཡོད་པ་མ་ཟད་མཐའ་ན་རྡོ་ལ་ཡང་ཚེ་སྲོག་ཡོད་པར་སྒྲུབ་ཡོད།

            ཚེ་སྲོག་ཡོད་པ་དང་མེད་པ་གང་ཡིན་དབྱེ་བ་ཕྱེ་ཁག་པོ་ཡོད་ཀྱང་ད་ལྟ་ང་ཚོས་སྐབས་སུ་བབ་པ་རྡོ་ཡི་གནད་དོན་བཞག་ནས་རྩི་ཤིང་དང་དུད་འགྲོ་སེམས་ཅན་སྐོར་ལ་ལྟ་དགོས། དེང་སྐབས་ང་ཚོར་སྐྱེས་པ་དང་བུད་མེད། སྤྱང་གྲུང་ལྡན་པ་དང་གླེན་ལྐུགས་སོགས་སྲོག་ཆགས་རིགས་འདྲ་མིན་གྱི་གྲངས་འབོར་ཧ་ཅང་མང་པོ་ཡོད། དུད་འགྲོ་སེམས་ཅན་གྱི་ཁོངས་ནས་སྤྱང་གྲུང་ལྡན་པ་གླང་པོ་ཆེ་དང་། ཡང་ན་སྤྲེའུ། གྲོག་མ་ལྟ་བུ་མཐོང་སྲིད་ལ་ཤིན་ཏུ་གླེན་ལྐུགས་ཡིན་པའི་སེམས་ཅན་ཡང་མཐོང་རྒྱུ་ཡོད། སྲོག་ཆགས་སོ་སོའི་འཚོ་བ་སྐྱེལ་སྟངས་ཀྱི་གོ་རིམ་དབང་གིས་དམའ་རིམ་ལ་གནས་པའི་ཉ་དང་མཚོ་ནང་གི་སྲོག་ཆགས། ཕྱེད་དུད་འགྲོ་སེམས་ཅན་དང་། ཕྱེད་རྩི་ཤིང་ཡིན་མཁན་ནི་རྒྱ་མཚོའི་མཐིལ་ལ་གནས་པའི་མཉེན་གཟུགས་སྲོག་ཆགས་དང་ཉ་ལྡེ་གུའི་གཟུགས་ཅན་རིགས་རྣམས་རེད།

            ང་ཚོས་རིགས་མི་འདྲ་བའི་དུད་འགྲོ་སེམས་ཅན་དེ་དག་གློ་བུར་དུ་དུས་གཅིག་ལ་བྱུང་བའམ་ཡང་ན་རིམ་པས་གཅིག་གི་རྗེས་ལ་གཅིག་བྱུང་བ་གང་ཡིན་ཤེས་ཐབས་བྱེད་དགོས། ང་ཚོས་གང་འདྲ་བྱས་ཏེ་ཤེས་ཐུབ་བམ། ང་ཚོར་སྔ་དུས་ཀྱི་དཔེ་དེབ་མེད་ཀྱང་རང་བྱུང་ཁམས་ཀྱི་དཔེ་དེབ་ཀྱིས་ང་ཚོར་ཕན་ཐོགས་བྱེད་ཐུབ་བམ། ཕན་ཐོགས་བྱེད་ཐུབ་ངེས་རེད། ང་ཚོར་བྲག་རྡོ་རྙིང་པ་དང་སེམས་ཅན་གྱི་རུས་པ་རྙིང་པ་རྙེད་སོན་བྱུང་བ་དེ་དག་ལ་རྗེས་ཤུལ་འགྱུར་རྡོ་ཞེས་བརྗོད་པ་དང་། ང་ཚོས་རྡོ་དེ་དག་དུས་ཡུན་རིང་པོ་སྔོན་ལ་བྱུང་བ་བརྗོད་ཐུབ་ལ། ང་ཚོར་རྙེད་སོན་བྱུང་བའི་སེམས་ཅན་གྱི་རུས་པ་དེའི་སེམས་ཅན་གྱི་རིགས་ད་ལྟ་འཚོ་གནས་བྱེད་ཀྱི་ཡོད་མེད་ཡང་བརྗོད་ཐུབ། ཁྱེད་ཀྱིས་ལོན་ཌོན་གྱི་ལྷོ་ཕྱོགས་ཀིང་སིན་ཀྲོན་འགྲེམས་སྟོན་ཁང་ (South Kensington Museum in London ) ནས་དེ་འདྲ་བའི་རྗེས་ཤུལ་འགྱུར་རྡོ་མང་པོ་མཐོང་མྱོང་ཡོད།

            སེམས་ཅན་ཤི་རྗེས་ཤ་སོབ་སོབ་དེ་དག་མེད་པ་ཧ་ཅང་མགྱོགས་པོ་ཆགས་ཀྱི་ཡོད་ཀྱང་། སེམས་ཅན་དེའི་རུས་པ་རྒྱུན་རིང་གནས་ཐུབ་པས་ང་ཚོས་རུས་པ་ལ་བརྟེན་ནས་སེམས་ཅན་དེ་དུས་ཡུན་རིང་པོའི་སྔོན་གྱི་སེམས་ཅན་ཡིན་མིན་ཤེས་ཐུབ། ཡིན་ནའང་ཉ་ལྡེ་གུའི་གཟུགས་ཅན་ལྟ་བུ་རུས་པ་མེད་མཁན་སེམས་ཅན་ཤི་རྗེས་ཤུལ་དུ་གང་ཡང་ལྷག་གི་མེད།

            ང་ཚོས་རྗེས་ཤུལ་རུས་པ་བསྡུ་རུབ་བྱས་པ་དང་བྲག་རྡོ་ལ་གཟབ་ནན་ངང་བརྟག་དཔྱད་བྱེད་སྐབས་དུས་སྐབས་མི་འདྲ་བར་རིགས་མི་འདྲ་བ་སོ་སོར་སེམས་ཅན་འཚོ་གནས་བྱས་ཡོད་པ་ཤེས་རྟོགས་ཐུབ། དེ་དག་ཚང་མ་མཉམ་དུ་ཕྱོགས་གཅིག་ནས་ཡོང་བ་མིན་པར་ཐོག་མར་ཤིན་ཏུ་ཕྲ་བའི་སེམས་ཅན་ཉ་སོག་ (shellfish) ལྟ་བུ་ཡོད་པ་དང་། དེ་དག་ཤི་རྗེས་ཁྱེད་ལ་མཚོ་འགྲམ་ནས་རུས་པས་བཏུམ་པའི་སེམས་ཅན་དེ་འདྲ་ལེན་རྒྱུ་ཡོད། ཕྱིས་སུ་རྙོག་འཛིང་ཆེ་བའི་སེམས་ཅན་སྦྲུལ་དང་། སུག་བཞི་ཡོད་པའི་དུད་འགྲོ་གླང་ཆེན་ཧ་ཅང་ཆེན་པོ། བྱ་རིགས་དང་ད་ལྟ་ཡོད་བཞིན་པའི་སེམས་ཅན་དེ་དག་བྱུང་ཡོད། མཐའ་མ་འགྲོ་བ་མི་བྱུང་བ་རེད། དེར་བརྟེན། དུད་འགྲོ་སེམས་ཅན་བྱུང་སྟངས་ལ་ཚད་ངེས་ཅན་གྱི་གོ་རིམ་བརྒྱུད་དགོས་ཀྱི་ཡོད། དེ་ཡང་ཐོག་མར་སེམས་ཅན་ཕྲ་ཤོས་དང་། དེ་རྗེས་རིམ་པ་མཐོ་བའི་སེམས་ཅན་དེ་རྙོག་འཛིང་ཆེ་རུ་ཕྱིན་ཏེ་ཚད་མཐོའི་སེམས་ཅན་འགྲོ་བ་མི་བྱུང་བ་རེད། མཉེན་གཟུགས་སེམས་ཅན་དང་། ཉ་སོག་རྣམས་རིམ་པས་འགྱུར་བ་བྱུང་ནས་འཕེལ་འགྱུར་གང་འདྲ་ཕྱིན་ཡོད་མེད་སྐོར་ནི་ཧ་ཅང་ཡིད་དབང་འཕྲོག་པའི་སློབ་ཚན་ཞིག་ཡིན་པས་གཅིག་བྱས་ན་ངས་ཁྱེད་ལ་དེའི་སྐོར་བརྗོད་ཆོག འོན་ཀྱང་ད་ལྟ་སྲོག་ཆགས་ཐོག་མ་ལ་དོ་སྣང་བྱེད་དགོས། ཕལ་ཆེར་སའི་གོ་ལའི་དྲོད་ཚད་ཆུང་དུ་ཕྱིན་པ་དང་བསྟུན་ཐོག་མའི་སྲོག་ཆགས་ཉ་སོག་ལྟ་བུར་སྐོགས་ཤུན་ནམ་རུས་པ་གང་ཡང་མེད་པར་བརྟེན་རྗེས་ཤུལ་རྡོ་ཤུལ་དུ་ལྷག་གི་མེད་པས་ང་ཚོས་ཚོད་དཔག་བྱེད་ཁག་པོ་ཡོད། དེང་སྐབས་སུ་ཡང་ང་ཚོས་དེ་དང་འདྲ་བའི་ཉ་སོག་མང་པོ་རྒྱ་མཚོའི་འགྲམ་ནས་མཐོང་རྒྱུ་ཡོད་ཀྱང་དེ་དག་ལ་རུས་པ་མེད་པས་མུ་མཐུད་དེ་བཟོ་ལྟར་འགྱུར་བ་འགྲོ་བཞིན་ཡོད།

            ཁྱེད་ཀྱིས་དེའི་དཀྱིལ་ལ་སྒོར་ཐིག་ཞིག་མཐོང་གི་ཡོད་པ་དེ་ནི་དབང་རྩའི་ཕྲ་ཕུང་ཡིན་པས་དེ་ལ་སྙིང་ལྟ་བུའི་བྱེད་ལས་ལྡན་ཡོད། དེ་དག་སེམས་ཅན་ཡིན་མིན་གང་ལྟར་ཡང་དུམ་བུ་གཉིས་ཆགས་མིན་ཐད་དོ་སྣང་ཞེ་དྲག་བྱེད་ཀྱི་ཡོད། དེའི་ཟུར་གཅིག་ནས་སྲབ་དུ་ཕྱིན་ནས་མཐར་ཉ་ལྡེ་གུའི་གཟུགས་ཅན་ཁག་གཉིས་ཆགས་ཀྱི་ཡོད་ལ་ཐོག་མའི་བཟོ་དབྱིབས་དང་ཧ་ཅང་འདྲ་པོ་ཡོད། བཟོ་དབྱིབས་དེ་ལྟར་ཆགས་རྗེས་དུམ་བུ་གཉིས་ཆགས་ཀྱི་ཡོད།

            ཁྱེད་ཀྱིས་དབང་རྩའི་ཕྲ་ཕུང་ངམ། སྙིང་དེ་ཡང་དུམ་བུ་གཉིས་ཆགས་པ་མཐོང་སྲིད་ལ་གཉིས་ཀར་ཆ་ཤས་རེ་ཐོབ་ཀྱི་ཡོད། ཐབས་ལམ་དེ་རྒྱུད་ནས་སེམས་ཅན་འཕེལ་རྒྱས་འགྲོ་བཞིན་ཡོད།

            ང་ཚོའི་སའི་གོ་ལའི་སྟེང་སྲོག་ཆགས་ཐོག་མར་དེ་འདྲ་བྱས་ཏེ་བྱུང་བ་རེད། དེ་ནི་ཤིན་ཏུ་ཕྲ་བའི་ཚེ་སྲོག་གི་དཔེ་མཚོན་ཞིག་མ་ཡིན་ནམ། སྐབས་དེ་དུས་སའི་གོ་ལ་ཡོངས་ལ་དེ་ལས་ཚད་མཐོ་བའམ་ལེགས་པ་གང་ཡང་མེད། ལོ་ས་ཡ་མང་པོའི་རིང་དུད་འགྲོ་སེམས་ཅན་ངོ་མའམ་འགྲོ་བ་མི་བྱུང་མེད།

            ཉ་ལྡེ་གུའི་གཟུགས་ཅན་གྱི་རྗེས་སུ་རྒྱ་མཚོའི་རྩ་ཡན་དང་། ཉ་སོག སྡིག་སྲིན། འབུ་དམར་རམ་སྦྲུལ་སོགས་བྱུང་བ་དང་། དེའི་རྗེས་སུ་ཉ་རིགས་བྱུང་བ་རེད། དེ་ཚོའི་ཆ་ཤས་སུ་རུས་པ་དང་སྐོགས་ཤུན་ཡོད་པ་རྣམས་རྗེས་སུ་ལྷག་གི་ཡོད་པས་ང་ཚོས་དུས་ཡུན་རིང་པོའི་གནས་ཚུལ་ཤེས་རྟོགས་ཡག་པོ་ཐུབ་ཀྱི་ཡོད། སྐོགས་ཤུན་ནི་རྒྱ་མཚོའི་མཐའ་འགྲམ་གྱི་འདམ་བག་དཀྱིལ་ལ་ལྷག་གི་ཡོད་པས་འདམ་བག་དང་བྱེ་མས་ཉར་ཚགས་ཡག་པོ་བྱས་ཡོད། དེ་ཧ་ཅང་མཁྲེགས་པོར་གྱུར་རྗེས་རྡོ་ཆགས་ཀྱི་ཡོད། རྒྱ་མཚོའི་གཏིང་གི་རྡོ་བརྒྱུད་ལམ་དེ་བརྒྱུད་ནས་བྱུང་བ་རེད། རྒྱ་མཚོའི་གཏིང་གི་རྡོ་རྣམས་ས་ཡོམ་ལ་སོགས་པས་སྐམ་སར་སླེབས་པ་དང་། ལོ་རབས་མང་པོ་རྗེས་གཙང་ཆུ་དང་ཆར་ཆུས་སྐོགས་ཤུན་མེད་པ་ཆགས་ཀྱི་ཡོད། ང་ཚོས་དེ་དག་ལས་གང་འདྲ་བྱས་ཏེ་སྐོགས་ཤུན་དང་རྗེས་ཤུལ་རྡོ། སྔ་དུས་འགྲོ་བ་མ་བྱུང་སྔོན་ནས་སའི་གོ་ལ་བྱུང་མིན་ཤེས་རྟོགས་ཐུབ་པ་བྱུང་ཡོད།

            འཕྲིན་ཡིག་རྗེས་མའི་ནང་ང་ཚོས་སྲོག་ཆགས་ཕྲ་མོ་རྣམས་འགྱུར་བ་བྱུང་ནས་ད་ལྟའི་སེམས་ཅན་ཆགས་མིན་སྐོར་ལ་དོ་སྣང་བྱེད་རྒྱུ་ཡིན།

་་་་་་་་་་་་་མུ་འགོད།

 

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༡༠ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༡༡ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༡༡ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༡༦ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

མཆན། 6

  1. ནད་པ says:
    ལོ་ 14 སྔོན།

    དོན་འགྲུབ་བཀྲིས་ལགས་ཀྱིས་འགྲེལ་བརྗོད་གནང་བ་ལྟར་སྲིན་བློན་ཇོ་ཧ་ལ་ནི་རུས་རང་གི་བརྩེ་བའི་བུ་མོར་སྤྲིངས་པའི་འཕྲིན་ཡིག་འདིར་རིན་ཐང་ཧ་ཅང་གི་ཆེན་པོ་ལྡན་ཡོད།

    འདི་ལྟ་བུའི་འཛམ་གླིང་རྒྱལ་སྤྱིའི་ནང་སྙན་གྲགས་ཡོད་པའི་རིག་གནས་དཔེར་ན་ཚན་རིག་གི་སྐོར་དངོས་ཁམས་རིགཔ། རྫས་བསྒྱུར་རིག་པ། སྐྱེ་དངོས་རིགཔ། འཕེལ་འགྱུར་རིག་པ། ལོ་རྒྱུས། སྙན་ངག བརྩམ་སྒྲུང་། ཆོས་ལུགས། རྩིས་རིག སྒྱུ་རྩལ། དཔལ་འབྱོར་རིག་པ་སོགས་ཀྱི་ཤེས་བྱ་སྣ་ཚོགས་པ་དག་ང་ཚོས་བོད་རང་གི་ཕ་སྐད་ནང་བསྒྱུར་ཐུབ་པ་བྱེད་དགོས།

    ང་ཚོས་ད་ལྟའི་དུས་རབས་འདིར་འཛམ་གླིང་གི་ཆབ་སྲིད་དང་དཔལ་འབྱོར་གྱི་གནས་བབ་འདི་འདྲའི་འོག་དང་ལྷག་དོན་བོད་རྒྱའི་དཀའ་རྙོག་འདི་ལྟའི་བུའི་འོག་ང་ཚོས་བོད་རང་བཙན་དང་། རང་སྲིད་རང་སྐྱོང་ཆ་ཚང་བའི་གནས་བབ་དེ་རྩོད་ལེན་བྱེད་ཐུབ་པའི་མི་ཤུགས་དང་། དཔལ་འབྱོར། ཤེས་རིག དམག་དོན། ཆབ་སྲིད་སོགས་གང་སྤྱིའི་ཐད་ནས་ང་ཚོར་ནུས་པ་ཅི་ཡང་མེད།

    ཡིན་ནའང་ང་ཚོས་བསྒྲུབ་པའི་བྱ་དེ་ནི་ཕ་མེས་ཀྱི་ནང་བསྟན་ཆོས་ལུགས་དང་། སྐད་ཡིག རིག་གཞུང་། ལྷག་པར་དེང་རབས་འཛམ་གླིང་གི་ཤེས་བྱ་སྣ་ཚོགས་འདི་དག་བོད་སྐད་ནང་ཕབ་བསྒྱུར་བྱེད་ཐུབ་པའི་ནུས་ཤུགས་གང་ཙམ་ཡོད་པས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་འགོ་འཁྲིད་པའི་ཤེས་ཡོན་ཅན་གྱི་མི་རྣམས་ཀྱི་གནད་དོན་འདིར་ཤུགས་སྣོན་རྒྱག་ཐུབ་པ་བྱེད་དགོས།

    ང་ཚོ་བོད་རིགས་ཚོར་མཚོན་ན་དེང་རབས་འཛམ་གླིང་གི་ཤེས་རིག་གསར་པའི་ཐད་ལ་ང་ཚོ་ནི་ཆེས་རྗེས་ལུས་ཅན་དང་། ཆེས་རྨོངས་པ་ཅན། ཆེས་ཐབས་རྡུགས་པའི་མི་རིགས་རྗེས་ལུས་ཅན་ཞིག་ཆགས་ཡོད་པ་དེའི་གནས་སྟངས་ཁས་ལེན་བྱས་ཏེ་ང་ཚོས་དུས་རབས་དང་མཐུན་དང་གོམ་བགྲོད་གཅིག་ངེས་པར་རྒྱག་དགོས།

    ད་བར་མི་ལོ་ཧྲིལ་པོ་ ༥༠ སོང་བའི་ནང་བསྡོམས་ཚིག་གཅིག་བརྒྱབ་ན་ང་ཚོས་སོ་སོས་བསྒྲུབ་ཐུབ་པའི་བྱ་བ་དེར་སྣང་མེད་བཏང་ནས་བསྒྲུབ་མ་ཐུབ་པ་དང་མ་འཇོན་པའི་གནས་སྟངས་ལ་ཚོད་འཛིན་མ་ཐུབ་པར་མི་རིགས་འདིར་སྡུག་གྱོང་ཚད་མེད་ཅིག་ཕོག་ཡོད།

    ངས་འདིར་ཕྱི་ནང་བོད་རིགས་ཤེས་ཡོན་ཅན་སུ་ཞིག་ཡིན་ཀྱང་ཚང་མས་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱིས་མཛད་འཕྲིན་གང་བསྐྱངས་ཡོད་པ་དེའི་གནད་འགག་ཤེས་དགོས་ལ་ང་ཚོས་མེས་པོའི་རླབས་ཆེན་གྱི་སྙིང་སྟོབས་དང་ལས་ལ་བརྩོན་པའི་བོད་མི་རིགས་ཀྱི་དབུ་འཕང་མངོན་པར་འཛམ་གླིང་སྟེང་ཉིན་གཅིག་བསྟོད་ཐུབ་པའི་རྩོད་ལེན་བྱེད་དགོས།

    Reply
  2. བསམ་འཕེལ། says:
    ལོ་ 14 སྔོན།

    ནོར་བསམ་ལགས་ཀྱི་བསྒྱུར་ཧ་ཅང་ལེགས་པོ་བྱུང་འདུག དེབ་འདི་སྔོན་མ་གྲོགས་པོ་ཞིག་གིས་ངོ་སྤྲོད་གནང་བ་ལྟར་ཐེངས་གཅིག་བཀླགས་རྒྱུ་བྱུང་། སྐབས་དེར་ང་རང་གི་བསམ་པར་དཔེ་དེབ་འདི་བོད་ཡིག་ནང་བསྒྱུར་ཏེ་བོད་པའི་ཕྲུ་གུ་ཚོས་ཀློག་ཐུབ་པ་བྱུང་ན་ཅི་མ་རུང་སྙམ་པའི་ཚོར་བ་ཤུགས་ཆེན་སྐྱེས་སོང་། ཡིན་ནའང་སོ་སོར་མཚོན་ན་དེ་བསྒྱུར་བའི་ཆུ་ཚད་དང་སྤོབས་པ་གཉིས་ཀས་འདང་མ་སོང་། དེ་ནས་ཞུ་རྒྱུ་གཞན་པ་ཞག་ནི། དཔེ་དེབ་འདིའི་ནང་གི་དོན་ཚན་སོ་སོའི་སྐབས་སུ་གནའ་བོའི་སྲོག་ཆགས་ཀྱི་པར་རིས་དང་རི་མོ། དེ་བཞིན་བྲག་རྡོ་དང་སྐྱེས་དངོས་རིགས་ཀྱི་མཚོན་དོན་རི་མོ་མང་པོ་ཞིག་འདུག ཡིག་སྒྱུར་བ་མཆོག་གིས་རི་མོ་དེ་དག་ཀྱང་འཐབ་འཚོལ་བྱས་ཏེ་དུས་བབ་རྩོམ་སྒྲིག་ཁང་ལ་བསྐུར་ཏེ་རྩོམ་ཡིག་འདི་དག་དང་མཉམ་སྦྱར་གྱིས་འཁོད་ཐུབ་པ་ཡིན་ན་ཕུན་སུམ་ཚོགས་པའི་ཡན་ལག་ཆགས་ས་རེད།

    Reply
  3. འཕྲིན་ལས། says:
    ལོ་ 14 སྔོན།

    རྩོམ་སྒྲིག་པ་མཆོག་གི་དགོངས་འཆར་ལ་རྒྱབ་སྐྱོར་བརྒྱ་ཆའི་བརྒྱ་ཡོད། ད་དུང་ཉེ་ལམ་སྒྱུར་རྩོམ་འདིའི་དུམ་ཚན་སྔ་མ་ཞིག་གུ་འོག་ཏུ་ཡང་རྩོམ་སྒྲིག་པ་མཆོག་གིས་ནའེ་རའོ་མཆོག་གི་འཕྲིན་ཡིག་གི་དེབ་དེའི་ནང་པར་རིས་དང་རི་མོ་གསོན་ཉམས་ལྡན་པ་མང་པོ་ཞིག་ཡོད་པས་དེ་དག་ཀྱང་སྒྱུར་རྩོམ་འདི་དང་མཉམ་དུ་འགོད་ཐུབ་ན་ཡག་པོ་ཡོད་སྐོར་གསུངས་ཡོད། ལོ་ཙ་ན་ནོར་བསམ་ལགས་ཀྱིས་རིན་ཐང་ཆེ་བའི་བསྒྱུར་རྩོམ་འདི་དང་མཉམ་དུ་རི་མོ་དང་པར་དེ་དག་ཀྱང་ཐབས་འཚོལ་གནང་སྟེ་འགོད་ཐབས་བྱས་ན་ཡག་པོ་འདུག

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    བོད་སྐད་དུ་བསྒྱུར་བར་རྗེས་སུ་ཡི་རང་ཡོད་ལགས།
    ་་་་་་་་་་་་ད་ལྟའི་སེམས་ཅན་ཆགས་མིན་སྐོར་ལ་དོ་སྣང་བྱེད་རྒྱུ་ཡིན། ་་་་་བྱེད་རྒྱུ་ཡིན། ཞེས་པའི་བྱེད་དེ་བྱ་ལ་བྲིས་ནས། བྱ་རྒྱུ་ཡིན། ཞེས་བྲིས་མ་འོངས་པ་ཡིན་པ་གསལ་དུ་མི་འགྲོའམ།

    Reply
  5. དོན་འགྲུབ་བཀྲ་ཤིས། says:
    ལོ་ 14 སྔོན།

    ལོ་ཙཱ་བ་ནོར་བསམ་ལགས། ཉིད་ཀྱི་བསྒྱུར་རྩོམ་འདི་བོད་པའི་སྐད་ཡིག་ནང་རིག་ཚན་གསར་པ་འདྲ་བོ་ཞིག་ཆགས་ཡོད་པ་དང་། ལྷག་པར་དུ་ཕྱི་སྐད་ནས་བོད་ཡིག་ནང་བསྒྱུར་བ་ཡིན་དུས། དེའི་ནང་གི་བརྡ་དང་ཐ་སྙད་རེ་ཟུང་གསར་བསྒྱུར་གནང་པ་དང་། ཡང་ན། རྒྱུན་སྤྱོད་ཀྱི་ཐ་སྙད་མིན་པར་སྐྱེས་དངོས་དང་། རྫས་འགྱུར། ས་རྒྱུས་སོགས་འབྲེལ་བའི་རང་བྱུང་ཚན་རིག་ཁྲོད་ཀྱི་ཐ་སྙད་བག་ལ་ཉལ་བ་དག་ཡིན་སྟབས། ཀློག་པ་པོ་རེ་ཟུང་ལ་ཅུང་གོ་དཀའ་བ་དང་ཀློག་མ་བདེ་བ་ཡོང་གི་རེད་སྙམ། དེར་བརྟེན། རྩོམ་ཡིག་གི་གཤམ་དུ་སྒྱུར་པ་པོའི་མཆན་གྱི་ཚུལ་དུ་བརྡ་དང་ཐ་སྙད་འགའ་རེར་ཚིག་འགྲེལ་བརྒྱབ་ན་ཡག་པོ་མེད་འགྲོ་སྙམ།
    དཔེར་ན།
    ༡ མཉེན་གཟུགས།
    ༢ ཕྲ་ཕུང་།
    ༣ ཉ་ལྡེ་གུ།
    ༤ ཉ་སོག
    ༥ སྐོགས་ཤུན།
    ༦ འགྱུར་རྡོ།
    གོང་གི་ཐ་སྙད་དག་ལས་༼འགྱུར་རྡོ༽ཞེས་པ་ནི་དབྱིན་ཡིག་(Fossil)ཞེས་པ་ལོ་ངོ་ས་ཡ་མང་པོའི་ཡར་སྔོན་གྱི་སྲོག་ཆགས་སེམས་ཅན་གྱི་རུས་འཁོགས་ལ་ཟེར་ཞིང་། ༼ཕྲ་ཕུང༽ལྟ་བུར་མཚོན་ན་བོད་ཡིག་ནང་དེ་སྔ་ནས་གང་ལ་གང་འཚམ་བེད་སྤྱོད་གཏོང་གི་ཡོད་ཀྱང་སྨན་དང་རྫས་འགྱུར་གྱི་བརྡ་ཆད་ཅིག་ཆགས་ཡོད། ༼ སྐོགས་ཤུན ༽ཞེས་པ་ནི་སྨན་གཞུང་དུ་ཡོད་པའི་བོད་རང་གི་བརྡ་རྙིང་པ་ཞིག་ཡིན་ཡང་རྒྱུན་སྤྱོད་ཀྱི་རྩོམ་ཡིག་དང་གསར་འགྱུར་སོགས་སུ་མཐོང་དཀོན། དེ་བཞིན། ༼ཉ་ལྡེ་གུ ༽དང་༼ ཉ་སོག ༽། ༼ མཉེན་གཟུགས། ༽ལྟ་བུ་དག་ལ་ཆ་མཚོན་ནའང་ཆུ་གནས་སེམས་ཅན་བྱེ་བྲག་པའི་ལུས་ཀྱི་ཆ་ཤས་དང་། སྐྱེས་དངོས་འགྱུར་གཟུགས་རིགས་ཀྱི་ཐ་སྙད་ཡིན་སྟབས་ཅུང་གོ་དཀའ་བོ་ཡིན་རྒྱུ་རེད་སྙམ།
    རྩོམ་ཡིག་འདིའི་ནང་དོན་ནམ་བརྗོད་བྱ་གཙོ་བོ་ལོ་ཆུང་བྱིས་པ་དག་ལ་རང་བྱུང་ཚན་རིག་གི་རྨང་གཞིའི་ཤེས་བྱར་བག་ཆགས་འཇོག་བྱེད་ཀྱི་སློབ་ཚན་ལྟ་བུ་ཡིན་སྟབས། དེའི་ནང་གི་བརྡ་དང་ཐ་སྙད་རེ་རེ་བཞིན་ལོགས་སུ་བཏོན་ཏེ་འགྲེལ་བཤད་བསྐྱོན་ཚེ་ནང་དོན་གོ་སླ་བ་དང་སེམས་ལ་འཇགས་བདེ་བའི་དགེ་མཚན་ཡོད། ཡིན་ནའང་རྩོམ་ཡིག་དངོས་གཞིའི་སྐབས་སུ། གོང་དུ་ཉིད་ཀྱིས་ཚིག་སྦྱོར་སྤེལ་སྟངས་ལྟར་བརྡ་དང་ཐ་སྙད་གསར་པ་དང་ཡོངས་གྲགས་མ་ཡིན་པའི་རིགས་ཀྱང་རྒྱུན་ཆགས་སུ་བཀོལ་ན་ཡག་པོ་འདུག་སྙམ། བོད་རང་གི་རྩོམ་ཡིག་གམ་གཞུང་ལུགས་རང་མཚན་པ་ཞིག་གི་བྲོ་བ་དང་ཁྱད་ཆོས་ཚོར་གྱི་འདུག

    Reply
  6. ནད་པ says:
    ལོ་ 14 སྔོན།

    ནོར་བསམ་ལགས་ཐུགས་རྗེ་ཆེ།

    མིང་ཚིག་དང་བརྗོད་བདེ་གོ་དོན་སོགས་ཚང་མར་དཔར་ཡག་པོ་བྱུང་འདུག སྐྱེས་ལྡན་སེམས་ཅན་ཚང་མའི་ཐོག་མའི་མེས་པོ་ཨ་མི་བ་་་ameoba ཟེར་བ་དེ་ཁྱེད་འདིར་བྲིས་པའི་ཆུ་གནས་སེམས་ཅན་ཉ་ལྡེ་གུའི་གཟུགས་ཅན་ཟེར་བ་དེར་གོ་གི་ཡོད་དམ།

    དེ་ཡིན་ན་ཁྱེད་ཀྱིས་ཉ་ལྡེ་གུ་ཞེས་བསྒྱུར་བ་དེ་ཇི་ལྟར་བསྒྱུར་མིན་ཐད་ལ་དགོངས་ཚུལ་ཕྲན་ཙམ་གསུངས་ན་འགྲིག་གམ།

    ད་དུང་མུ་འགོད་ཡོང་བ་དང་ཡང་ཡང་བཀླགས་པས་ང་འདྲའི་བོད་རིགས་རྨོངས་ཅན་དང་དུས་རབས་ཀྱི་ཆེས་རྗེས་ལུས་པའི་གངས་ལྗོངས་ཀྱི་བོད་མིའི་གོ་རྟོགས་བསད་པའི་རྒྱུ་རུ་འགྱུར་ངེས་ཡིན།

    བཀའ་དྲིན་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese