མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་ཁྲིམས་དང་འགལ་བའི་ཆོས་དཔོན་ཁྲི་འདོན།

བོད་ཀྱི་དུས་བབ།
༢༠༡༢/༠༧/༠༥
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ལྷག་པའི་ཉིན་འཛམ་གླིང་ཡེ་ཤེས་ཆོས་ཀྱི་གདན་ས་གཙོ་བོ་ཝེ་ཌེ་ཁཱེན་གྱིས། རྒྱ་ནག་ཧ་ཨར་པཱེན་གྱི་ཆོས་དཔོན་ཁྲི་འདོན་ནི་ཆོས་ཁྲིམས་དང་འགལ་ཡོད་པ་བསྒྲགས་འདུག

ཁ་སང་ཕྱི་ཚེས་ ༤ ཉིན་ཨི་ཊ་ལིའི་རྒྱལ་སར་ཡོད་པའི་འཛམ་གླིང་ཡེ་ཤེས་ཆོས་ལུགས་ཀྱི་གདན་ས་གཙོ་བོ་ཝེ་ཌེ་ཁཱེན (Vatican) གྱིས་བསྒྲགས་གཏམ་སྤེལ་ཏེ། ཟླ་འདིའི་ཕྱི་ཚེས་ ༦ ཉིན་རྒྱ་ནག་ཧ་ཨར་པཱེན་གྲོང་ཁྱེར་དུ་ཚོགས་བཞིན་པའི་ཆོས་དཔོན་ཁྲི་འདོན་གྱི་མཛད་སྒོ་དེ་ནི་ཡེ་ཤེས་ཆོས་ཁྲིམས་དང་འགལ་ཡོད་པ་གསལ་འདོན་དང་། ཆོས་དཔོན་ཁྲི་འདོན་ནི་ཆབ་སྲིད་གནད་དོན་ཞིག་མ་ཡིན་པར་ཆོས་ཕྱོགས་ཁོ་ནའི་ལས་དོན་ཞིག་ཡིན་ལ། ཡེ་ཤེས་བླ་ཆེན་གྱིས་འཛམ་གླིང་ས་གནས་སོ་སོར་ཆོས་དཔོན་ཁྲི་འདོན་བྱེད་དགོས་པ་དེ་ནི། ཆོས་དཔོན་སོ་སོའི་ཆོས་ཕྱོགས་ཀྱི་གོ་ཐོབ་ངོས་འཛིན་ཅིག་ཡིན་པ་ལས། རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་དང་རྒྱལ་ཁབ་ཀྱི་བདག་དབང་དང་འགལ་བའི་ལས་དོན་ཞིག་མིན་པ་བརྗོད་འདུག

གཟའ་ལྷག་པའི་ཉིན་རྒྱ་ནག་ཆོས་དོན་ལྷན་ཁང་གིས། ཝེ་ཌེ་ཁཱེན་གྱིས་རྒྱ་ནག་གི་ཡེ་ཤེས་ཆོས་དཔོན་རྣམས་ཀྱི་འདོད་འདུན་ལ་གུས་རྩི་བྱེད་དགོས་པ་དང་། ཆོས་ཁྲིམས་ཀྱིས་འཇིགས་སྐུལ་བྱས་ཏེ་རྒྱ་ནང་གི་ཡེ་ཤེས་ཆོས་ལུགས་པའི་བར་འགལ་ཟླ་དང་རྙོག་ཟིང་བཟོ་མི་ཆོག་པའི་སྐོར་བརྗོད་པ་རེད།

རྒྱ་གཞུང་གིས་ཐེངས་འདིའི་ཧ་ཨར་པཱེན་གྱི་ཆོས་དཔོན་ཁྲི་འདོན་མཛད་སྒོའི་ཐོག འཛམ་གླིང་ཡེ་ཤེས་ཆོས་ལུགས་ཀྱི་གདན་ས་ཝེ་ཌེ་ཁཱེན་གྱི་ངོས་འཛིན་དང་འབྲེལ་བ་ཡོད་པའི་ཆོས་དཔོན་ ༦ མཉམ་ཞུགས་བྱ་རྒྱུར་བཀག་འགོག་བྱས་ཡོད་པ་དང་། ཧ་ཨར་པེན་ས་གནས་ཀྱི་ཆོས་དཔོན་རེ་འགའ་ཤས་ཡེ་ཤེས་ཆོས་ཁྲིམས་དང་འགལ་བའི་ཁྲི་འདོན་མཛད་སྒོ་དེར་ཞུགས་མ་འདོད་པར་ས་གནས་གཞན་དུ་བྲོས་བྱོལ་བྱས་ཡོད་འདུག མ་གཞི་ཁྲི་འདོན་མཛད་སྒོ་དེ་ཕྱི་ཟླ་ ༦ ཚེས་ ༢༩ ཉིན་ཚོགས་གཏན་ཁེལ་ཡོད་ཀྱང་། རྒྱ་གཞུང་གིས་སོ་སོས་འདེམས་སྐོ་བྱས་པའི་ཆོས་དཔོན་མང་པོ་ཞིག་མཉམ་ཞུགས་ཆེད་མཛད་སྒོ་ཕྱི་སྣུར་བྱས་ཡོད་པ་རེད། ཡིན་ནའང་། ཁྲི་འདོན་མཛད་སྒོ་དེར་ཆོས་དཔོན་ཁྲི་འདོན་སྐབས་ཀྱི་འདོན་རྟ་དབྱངས་སོགས་ཆོ་ག་མང་པོ་ཞིག་ཚང་མེད་པར་མ་ཟད། ཆོས་ཁང་མཐའ་འཁོར་དུ་ཉེན་རྟོག་པ་དང་དམག་མིས་སྐོར་སྲུང་དམ་དྲག་བྱས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༧ ཉིན་རྒྱ་ནག་ཧྲང་ཧེ་རུ་ཡང་ས་གནས་ཆོས་དཔོན་ཁྲི་འདོན་གྱི་མཛད་སྒོ་ཞིག་ཚོགས་རྒྱུ་ཡིན་པ་དང་། མཛད་སྒོ་དེའི་སྟེང་ཡེ་ཤེས་ཆོས་ཀྱི་གདན་ས་ནས་ཆོས་ཁྲིམས་དང་འགལ་པའི་བཀའ་ཁྱབ་བཏང་ཡོད་པའི་རྒྱའི་ཆོས་དཔོན་འགའ་ཤས་མཉམ་ཞུགས་བྱ་འཆར་ཡོད་འདུག  

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

རང་བཙན་གོམ་བགྲོད་གནང་མཁན་ཚེ་རིང་མཐར་ཕྱིན་ལགས་ཅན་དྷི་སྒར་དུ་འབྱོར་འདུག

ཆུ་ཚོད་ ༩ སྔོན་ལ།
བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་འདུ་ཐེངས་ ༢༤ པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

 བྱང་ཨ་རིའི་བོད་རིགས་ཚོགས་པ་ཁག་གིས་ཚོགས་ཆེན་འཚོགས།

ཆུ་ཚོད་ ༡༡ སྔོན་ལ།
Mobile App

གཞུང་འབྲེལ་མིན་པའི་ཚོགས་སྡེ་ལྔ་ཡིས་ཞི་ཅིན་ཕིན་ལ་བསྒྲགས་གཏམ་སྤེལ།

༢༠༢༦/༠༩/༠༨
UN High Commissioner for Human Rights Volker Turk  Photo : Tawazon
Mobile App

འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༦༣ སྟེང་བོད་དོན་གླེང་སློང་བྱས།

༢༠༢༦/༠༩/༠༨
ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་གནམ་ཐང་དུ། AP གསར་ཁང་གི་པར།
Mobile App

རྒྱ་ནག་གི་ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་ལ་བྲོས་བྱོལ་དུ་འབྱོར་འདུག

༢༠༢༦/༠༩/༠༧
India, China to Hold First Corps Commander-Level Talks Today at Wacha Along LAC in Arunachal Pradesh | Image: X
Mobile App

རྒྱ་དཀར་ནག་གི་ཆེས་མཐོའི་དམག་དཔོན་བར་གྲོས་མོལ་བྱས། 

༢༠༢༦/༠༩/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese