མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐུའི་འཁྲུངས་སྐར་ཐོག་བསྩལ་བའི་༧གོང་ས་མཆོག་གི་བཀའ་སློབ།

བོད་ཀྱི་དུས་བབ།
༢༠༡༢/༠༧/༠༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་ཟླ་ ༧ པའི་ ༦ ཉིན་འཛམ་གླིང་གང་སར་གནས་སྡོད་བོད་མི་ཚོས་༸གོང་ས་མཆོག་ཕྱི་ལུཊ་ཀྱི་དགུང་གྲངས་ ༧༧ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་མོ་སྲུང་གཙི་གནང་བཞིན་ཡོད་པ་ལྟར། ད་ནངས་ཞོཊ་པའི་ཆུ་ཚོད་ ༩ པའི་ཐོག་བཞུཊ་སྒར་ངྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་གཞུང་དམངས་གཉིས་གཙོས་རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་སྐུ་མགྲོན་སོཊ་ཁྱོན་མི་ ༥༠༠༠ ལྷག་འདུ་འཛོམས་ཀྱིས་འཁྲུངས་སྐར་སྲུང་གཙི་གནང་སོང་།

མཛད་སྒོའི་སྟེང་༸གོང་ས་མཆོག་དངོས་སུ་དབུ་བཞུགས་གནང་སྟེ། ཁོང་ཐོག་མར་མདོ་སྨད་སྐུ་འབུམ་དུ་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་ཡང་སྲིད་དུ་ངོས་འཛིན་གནང་ཕྱོཊ་དང་། བར་དུ་རྒྱལ་ས་ལྷ་སར་རབ་ཏུ་བྱུང་ཚུལ་དང་གཞུང་ཆེན་ཁག་ལ་སློབ་གཉེར་གནང་ཚུལ། རྒྱ་གཞུང་གིས་བོད་ལ་བཙན་འཛུལ་སྐབས་དཀའ་ངལ་ཅི་ཙམ་འཕྲད་ཚུལ་སོགས་ངོ་སྤྲོད་མདོར་བསྡུས་ཤིག་གནང་རྗེས་མང་ཚོགས་ལ་འཁྲུངས་སྐར་དང་འབྲེལ་བའི་བཀའ་སློབ་གནང་དོན། “ སྤྱིར་འཛམ་གླིང་ཐོག་སྐྱེས་སྐར་(Birthday) ལབ་ན་གལ་ཆེན་པོ་ཞིག་ལ་བརྩི་བཞིན་ཡོད་ཀྱང་། བོད་པར་ཆ་བཞག་ན་སྐྱེས་སྐར་ལ་དེ་ཙམ་གལ་ཆེན་བརྩི་ཡི་མ་རེད་ལ། ང་རང་སྒེར་ངོས་ནས་ཀྱང་དེར་དོ་སྣང་གང་ཡང་མེད། སྐྱེས་ཚེས་བརྩི་དགོས་བྱུང་ན། ཉིན་ལྟར་ཉི་མ་གསར་པ་རེ་འཆར་ཡོང་གི་ཡོད་དུས། ཞོཊ་པ་ཡར་ལངས་པ་དང་ཉི་མ་གསར་པ་རེ་འཆར་ཏེ་སྐྱེས་སྐར་རེ་ཆཊ་འགྲོ་ཡི་ཡོད། ང་རང་གིས་ཉིན་རེའི་མི་ཚེ་དེ་མི་གཞན་ལ་ཕན་ཐོཊ་པ་ཞིག་དང་། གལ་སྲིད་ཕན་མ་ཐོཊ་ཀྱང་གཞན་ལ་གནོད་མི་སྐྱེལ་བའི་དམ་བཅའ་འཇོག་གི་ཡོད། མི་གཞན་ལའང་དེ་ལྟར་བཤད་ཀྱི་ཡོད། ད་ལྟ་ང་རང་ལོ་ཧྲིལ་པོ་ ༧༧ ལ་བསླེབས་པ་རེད། ང་རང་འཛམ་གླིང་འདིའི་མི་འབོར་དུང་ཕྱུར་ ༧༠ ཡོད་པའི་ནང་གི་མི་གཅིག་རེད། མི་ཀུན་ལ་ཕན་པའི་བསམ་པ་སྐྱེད་པའི་ནུས་པ་ང་ཚོ་ཚང་མར་ཡོད། ང་ཚོ་ཕ་མས་བྱམས་སྐྱོང་འོག་འཚར་ལོངས་བྱས་པ་ཡིན་སྟབས། གཞན་གྱིས་ཅི་ཙམ་བྱམས་བརྩེས་བསྐྱངས་པ་དེ་ཙམ་གྱིས་རང་གིས་གཞན་ལ་བྱམས་བརྩེ་སྟོན་རྒྱུའི་ས་བོན་དང་ནུས་པ་ཡོད། མི་ཞིག་ཡིན་པའི་ཆ་ནས་མི་ལ་བྱམས་བརྩེ་དགོས་ཀྱི་ཡོད། བྱམས་བརྩེ་ཡོད་ན་བདེ་སྐྱིད་ཡོང་ཐུབ་ཀྱི་རེད། སེམས་ལ་བྱམས་བརྩེ་ཡོད་ན་ལུས་པོའི་བདེ་ཐང་ལའང་ཕན་ཐོཊ་ཀྱི་རེད”ཅེས་གསུངས།

༸གོང་ས་མཆོག་གིས་བོད་མིའི་ཆབ་སྲིད་འགན་དབང་རྩིས་སྤྲོད་གནང་དོན་སྐོར་གསུངས་དོན། “ དཔལ་འབྱོར་གྱི་ཐོག་ནས་ཕན་ཚུན་གསོད་རེས་གཏོང་བ་དང་། ཆབ་སྲིད་ཀྱི་ཐོག་ནས་ཕན་ཚུན་གསོད་རེས་གཏོང་བ་དེ་དག་བཤད་ཚོིད་ཐུབ་པ་ཞིག་ཡིན་རུང་། བྱམས་པ་དང་བརྩེ་བ། བཟོད་པ་དང་ཆོག་ཤེས་ཀྱི་བསླབ་བྱ་ཉམས་ལེན་བྱེད་མཁན་ཞིག་གིས། ཆོས་ལུགས་ཀྱི་མིང་ཐོག་ནས་ཕན་ཚུན་གསོད་རེས་གཏོང་བ་དང་། ཕན་ཚུན་ནང་ཁུལ་དུ་འགལ་ཟླ་བཟོ་བ་དེ་དག་ནི་ཧ་ཅང་ཡ་མཚན་ཞིག་ཆཊ་ཡོད་སྟབས། ༡༩༦༠ ལོ་ནས་ང་རང་གིས་ཆོས་ལུཊ་མཐུན་སྒྲིལ་ཐོག་ཤུགས་བརྒྱབ་པ་ཡིན། ༡༩༧༠ ལོ་ནས་འཛམ་གླིང་འདིའི་སྟེང་བྱམས་བརྩེ་དང་འབྲེལ་བའི་སྤྱི་སེམས་སྤེལ་རྒྱུར་ཤུཊ་བརྒྱབ་པ་ཡིན། མི་ལ་བདེ་སྐྱིད་ཡོང་རྒྱུའི་རྩ་བ་དེ་སེམས་ཀྱི་བདེ་སྐྱིད་རེད། དེ་ནི་རྒྱུ་དངོས་པོ་མ་རེད་ལ་སྟོབས་དང་དབང་ཐང་ཡང་མ་རེད། ནང་པའི་ཆོས་པ་ཞིག་ཡིན་པའི་ངོས་ནས་ང་རང་མ་ཤི་བར་གཞན་ལ་ཞབས་འདེཊ་བསྒྲུབ་རྒྱུ་ཡིན། གཞན། ཆབ་སྲིད་འགན་དབང་ཐད་གོང་ནས་མགོ་ཁྲིད་ཚོས་གསུངས་བ་ཇི་བཞིན་ད་ལྟ་ང་རང་རྒན་ཡོལ་གཙང་མའི་ཐོག་ཕྱིན་ཡོད་པ་རེད། རྒན་ཡོལ་དུ་ཕྱིན་པའི་རིང་འབྲེལ་ཡོད་ཚང་མས་འཁུར་བླངས་ཏེ་ཧུར་ཐག་གནང་སོང་ལ། ད་དུང་ཡང་མུ་མཐུད་ཧུར་བསྐྱེད་གནང་རོཊ་ཞེས་ཞུ་རྒྱུ་ཡིན་ ”ཅེས་གསུངས།

བོད་ནང་གི་བོད་མི་གཙོས་མཛད་སྒོར་བཅར་བའི་འབྲེལ་ཡོད་ཁག་ཅིག་ལ་བཀའ་སློབ་བསྩལ་དོན། “ དེ་རིང་འཛམ་གླིང་རང་དབང་ལུང་པ་ཁག་གི་ནང་རྒྱལ་བ་རིན་པོ་ཆེའི་སྐྱེས་སྐར་རེད་ཟེར་ནས་དགའ་སྤྲོའི་རྟེན་འབྲེལ་བྱེད་ཀྱི་ཡོད་སྟབས་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།  ལྷག་པར་དུ་བོད་རིཊ་མ་ཡིན་པའི་གྲོཊ་པོ་མང་པོ་ཞིག་ཕེབས་འདུག རྒྱ་གར་ལ་ཆ་བཞག་ན། ལོ་རྒྱུས་ཐོག་ང་ཚོའི་བླ་མ་ཆཊ་ཡོད། རྒྱ་གར་ནང་ཆོས་ལུཊ་དབྱེ་བ་ཡོད་པ་མ་རེད་ལ། ད་བར་རྒྱ་གར་བ་མང་པོ་ཞིག་གིས་ང་ཚོར་ཤ་ཚའི་རྒྱབ་སྐྱོར་གནང་བར་ཐུཊ་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་དུ་རྒྱ་རིཊ་གྲོཊ་པོ་མང་པོ་ཞིག་ཀྱང་ཕེབས་འདུག ན་ནིང་རྒྱ་ནག་ནས་རྒྱ་རིཊ་གྲོཊ་པོ་ཁག་གིས་ངའི་སྐྱེས་སྐར་ལ་སྨོན་ལམ་བརྒྱབ་སྟེ་རྟེན་འབྲེལ་བྱེད་ཀྱི་ཡོད་ཅེས་ལན་སྐྱེལ་བྱུང་ ” ཞེས་དང་། “བོད་གངས་ཅན་ལྗོངས་སུ་བཙན་དབང་འོག་ཕྱིའི་རྣམ་འགྱུར་བཟང་ངན་ཙམ་གྱིས་ལམ་སེང་ཉེས་པ་ཕོག་པ་དང་བཙོན་འཇུག་བྱེད་པ་སོགས་བྱེད་ཀྱི་ཡོད་ཀྱང་། ནང་སེམས་ཀྱི་ལྷག་བསམ་དང་དད་པ། དམ་ཚིག་ལ་ནམ་ཡང་འགྱུར་བ་མེད་པའི་གཞིས་ལུས་རྒྱ་ཆེའི་མི་དམངས་ལ། དེ་རིང་ངའི་སྐྱེས་སྐར་རེད་ཟེར་ནས་སེམས་ནང་ཚོར་བ་ཤུགས་ཆེན་པོ་ཡོད་པ་རེད། དེ་ཡིན་དུས་ཁྱེད་ཚོར་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཀའ་ངལ་ཆེན་པོའི་འོག་སོ་སོའི་མི་རིཊ་ལ་རྒྱ་དང་ཞེན་ཁོག ལྷག་བསམ་གཡོ་བ་མེད་པར་བསྡད་ཡོད་སྟབས་བསྔཊ་བརྗོད་དང་རྗེས་སུ་ཡི་རངས་ཡོད་ ”ཅེས་གསུངས།  

མཇུག་ཏུ་ཐེངས་འདིའི་སྐུ་མགྲོན་གཙོ་བོ་ཧི་མ་ཅལ་མངའ་སྡེའི་བཟོ་ལས་བློན་ཆེན་ཀེ་ཤིན་ཀེར་ཕོར་ (Kishan Kapoor) ལགས་ཀྱིས་གཏམ་བཤད་གནང་རྒྱུར། རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་རྗེས་༸གོང་ས་མཆོག་རེ་ཞིག་སྐྱབས་བཅོལ་དུ་ཕེབས་དགོས་བྱུང་ཡང་། འདས་པའི་མི་ལོ་ ༥༠ ལྷག་གི་རིང་༸གོང་ས་མཆོག་ཧི་མ་ཅལ་མངའ་སྡེར་གནས་བཞུགས་གནང་བ་དེས། ཧི་མ་ཅལ་མངའ་སྡེ་ནི་འཛམ་གླིང་འདིའི་ཐོག་སྙན་གྲཊ་དང་གནས་མཆོག་གི་ས་ཆ་ཞིག་ཏུ་བསྒྱུར་གནང་མཛད་པ་མ་ཟད། ད་བར་ས་ཆ་འདིར་འཛམ་གླིང་གྲཊ་ཅན་མི་སྣ་དང་ཡུལ་སྐོར་སྤྲོ་འཆམ་པ་ཧ་ཅང་མང་པོ་ཞིག་ལྟ་སྐོར་དུ་ཡོང་བཞིན་ཡོད་སྐོར་གྱི་བསྔགས་བརྗོད་བཅས་གནང་སོང་།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

མཆན། 7

  1. ཤེལ་དཀར་བློ་བཟང་། says:
    ལོ་ 14 སྔོན།

    དྲ་གྲོགས་མི་རྒོད་ཁྱོད་ལ་དྲན་སྐུལ་བྱེད་རྒྱུར། ཁོ་བོ་ནི་༸གོང་ས་མཆོག་ལ་བློ་སྙིང་བྲང་གསུམ་གཏོད་མཁན་ཞིག་ལས་ཁྱེད་ལྟར་བསྟོད་ན་དགའ་ཆོག་ཆོག་དང་། སྨད་ན་སྡུག་ཆོག་ཆོག་ཅིག་མ་ཡིན་པར་ཤེས་པར་བྱེད་རོགས།།

    Reply
  2. མི་རྒོད། says:
    ལོ་ 14 སྔོན།

    འོ་ཤེལ་དཀར་བློ་བཟང་རང་ཆོས་ཕྱོགས་དང་འབྲེལ་བའི་རྩོམ་ཐུང་འདྲ་སྤེལ་ཐུབ་ན་ཡག་པོ་འདུག། ད་རེ་འདི་ལ་ངས་ཅུད་ཟད་བསྟོད་པ་འོས་སོ་སྐུ་རླུང་མ་ལང་ལོ།།།།
    ང་ཚོ་་གདུང་གཅིག་པ་རེད།།།

    Reply
  3. དྭགས་བསྟན། says:
    ལོ་ 14 སྔོན།

    ཁྱོད་ནི་འགྲོ་བའི་དོན་གྱི་སླད། །
    ཅུང་ཟད་ཙམ་ཡང་མི་ངལ་ཞིང། །
    འགྲོ་བ་རྣམས་ཀྱང་ཁྱོད་ཀྱི་ནི། །
    ཡོན་ཏན་བརྗོད་ལ་ངལ་མ་འགྱུར། །

    Reply
  4. སྐྲན། says:
    ལོ་ 14 སྔོན།

    ཆུ་མིག་དྭངས་མོ་དྭངས་མོ་ཞིག་འཛུམ་པའི་ཚུལ་གྱིས།།
    ཉི་འོད་ཕྲ་མོ་ཕྲ་མོ་ཞིག་འཕྲོ་བའི་དོད་ཀྱི།།
    མུན་པ་དགུ་འཁྱིལ་དགུ་འཁྱིལ་གྱི་མི་ཡི་སེམས་ལ།།
    བྱམས་བརྩེ་དཀར་པོ་དཀར་པོ་ཞིག་འབུས་པར་བྱས་སོང་།།

    Reply
  5. རིག་པའི་གླེང་བུ། says:
    ལོ་ 14 སྔོན།

    ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་རང་ཅག་བོད་གངས་ཅན་གྱི་ལྗོངས་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཞབས་པད་སྐལ་བ་རྒྱ་མཚོ་འཚོ་ཞིང་བཞུགས་ནས་སླད་མ་ཡང་བསྟན་འགྲོའི་བགྱི་བ་མཐའ་དག་བགེགགས་མེད་ལྷུན་གྱི་འགྲུབ་ནས་རང་ཅག་ཁ་བའི་ལྗོངས་ཀྱི་ཕོ་བྲང་པོ་ཏ་ལའི་གཟིམ་ཆུང་དུ་ཞབས་སུ་བདེ་བར་འཁོད་ཐུབ་པའི་སྨོན་འདུན་ཞུ།

    Reply
  6. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 14 སྔོན།

    དབྱངས་ལ་ཞིག་པའི་གསེར་གྱི་ལོ་མ།།
    ས་ཆེན་དགེ་བའི་འོད་དུ་འཐོར་དུས།།
    སྤྲང་བོ་ཀུན་གྱི་ཡང་མཐའ་ཞིག་ཏུ།།
    བཀྲ་ཤིས་ཚིག་གིས་སྙན་ངག་བྲིས་ཡོད།།

    དགུང་གྲངས་བདུན་ཅུའི་མས་སྣེ་ཞིག་ན།།
    འོད་ཀྱི་ལང་ཚོས་ས་ཆེན་གཡོགས་དུས།།
    སྦྲང་བོ་ཀུན་གྱི་ཡང་མཐའ་ཞིག་ཏུ།།
    བཀྲ་ཤིས་ཚིག་གིས་སྙན་ངག་བྲིས་ཡོད།།

    Reply
  7. ཤེལ་དཀར་བློ་བཟང་། says:
    ལོ་ 14 སྔོན།

    ༄༅། །བཀའ་དྲིན་རྗེས་དྲན་གྱི་བསྟོད་ཚིག
    རྣམ་དཀར་གྱི་དགེ་ཚོཌ་འབུམ་ཕྲག་མཐུས། །ཆོས་ལྡན་གྱི་ཞིང་ཁམས་གངས་ལྗོངས་སུ།།
    གཟི་བྱིན་གྱི་འོད་སྟོང་ཉི་མ་ཤར། །དམངས་གཙོ་ཡི་འོད་སྣང་ས་གཞིར་ཁྱབ།།

    གཞན་ཕན་གྱི་རྩ་བ་སྙིང་རྗེ་དང་། །རྟེན་འབྲེལ་གྱི་རྩ་བ་སྟོང་པ་ཉིད།
    ཟུང་འཇུག་གི་ལམ་བཟང་འབྱེད་མཁས་པ།།བཀའ་དྲིན་གྱི་ཟླ་མེད་སྤྱི་བོས་མཆོད།།

    འཛམ་གླིང་གི་གོ་ལ་ཧྲིལ་པོ་འདིར། །ཞི་བདེ་ཡི་སྦྲང་ཆར་ལྷུག་ལྷུག་འབབ།།
    སྐྱེ་དགུ་ཡི་ཚ་གདུང་རྨེག་མེད་ཞི། །དད་ལྡན་གྱི་སྐྱེས་པོས་མགྲོན་དུ་བསུ།།

    མཛད་འཕྲིན་གྱི་འོད་རླབས་གླིང་བཞིར་ཁྱབ།།ཕྱི་ནང་གི་མཁས་ཀུན་མགྲིན་གཅིག་ཏུ།།
    འཛམ་གླིང་གི་དེད་དཔོན་ཆེན་པོ་ཞེས། །མཚན་སྙན་གྱི་བ་དན་ཕྱོགས་བཅུར་གཡོ།།

    འདི་ཕྱི་ཡི་སྐྱབས་གནས་༸རྒྱལ་དབང་མཆོག། །ཆོལ་གསུམ་གྱི་མགོན་དཔུང་དམ་པ་རུ།།
    གཡོ་མེད་ཀྱི་རི་དབང་རྟག་བརྟན་བཞིན། །སྲིད་མཐའ་ཡི་བར་དུ་བཞུགས་སུ་གསོལ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese