མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནེའུ་ཡོག་ཏུ་སྐུའི་འཁྲུངས་སྐར།

བོད་ཀྱི་དུས་བབ།
༢༠༡༢/༠༧/༡༠
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་ནེའུ་ཡོག་དང་ནེའུ་ཇར་སི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་གོ་སྒྲིག་འོག ཕྱི་ཟླ་ ༧ ཚེས་ ༧ རེས་གཟའ་སྤེན་པའི་གུང་གསེང་དང་བསྟུན་ཏེ། སྐུ་ཚབ་དོན་གཅོད་ཁང་གི་ཉེ་འཁྲིས་སུ་ཡོད་པའི་ཡེ་ཤུའི་ལྷ་ཁང་ཨར་མི་ནི་ཡཱན་ཆ་ཆི་ནང༌།  ྋགོང་ས་མཆོག་དགུང་གྲངས་ ༧༧ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་གཙི་གནང་འདུག

འཁྲུངས་སྐར་མཛད་སྒོའི་སྟེང་ཨ་རི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་མཆོག་དང༌བླ་སྤྲུལ་དགེ་བཤེས། བོད་ཀྱི་ཐེབས་རྩའི་འགན་འཛིན།  དོན་གཅོད་ཁང་གི་ལས་བྱེད། གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ།  ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་སྣ། ཕྱི་རྒྱལ་གྲོགས་པོས་བཅས་ཁྱོན་མི་གྲངས་ ༡༥༠༠ ལྷག་འདུ་འཛོམས་བྱུང་ཡོད་འདུག

ཉིན་དེའི་ལས་རིམ་གྱི་ཐོག་མར་སྐུ་ཚབ་དོན་གཅོད་ཁང་གི་ལས་ཁུངས་ནས་མཛད་སྒོ་ཚུགས་ཡུལ་ཡེ་ཤུ་ལྷ་ཁང་བར། དུང་དང་རྒྱ་གླིང་དཀྲོལ་གཏོང་དང༌། གཡག་དང་སེང་གེ་འཁྲབ་སྟོན་གནང་བཞིན་དུ་ྋགོང་ས་མཆོག་གི་སྐུ་པར་མཐོང་འགྲོལ་རིན་པོ་ཆེ་ཚོགས་ཁང་གི་བཞུགས་ཁྲིར་གདན་འདྲེན་ཞུས་རྗེས།  སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་མཆོག་དང༌བླ་སྤྲུལ་དགེ་བཤེས་བཅས་སྐུ་མགྲོན་རྣམ་པས་སྐུ་པར་མཐོང་འགྲོལ་རིན་པོ་ཆེར་མནྜལ་རྟེན་གསུམ་འདེགས་འབུལ་ཞུས་ཡོད་འདུག

སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཚེ་རིང་བཟང་པོ་ལགས་ནས་གསུང་བཤད་གནང་སྐབས།  ཐེངས་འདིའི་སྐུའི་འཁྲུངས་སྐར་དུས་ཆེན་ནི་ྋགོང་ས་མཆོག་གིས་ཆབ་སྲིད་དང༌འཛིན་སྐྱོང་གི་སྐུ་དབང་མི་མང་གིས་འོས་འདེམ་བྱས་པའི་ཆབ་སྲིད་ཀྱི་དབུ་ཁྲིད་རྣམ་པར་རྩིས་སྤྲོད་གནང་རྗེས་ཀྱི་སྐུའི་འཁྲུངས་སྐར་ཐེངས་དང་པོ་ཡིན་པ་དང༌།  རྒྱལ་སྤྱིའི་ཐོག་སྙན་གྲགས་ཆེ་བའི་ཀྲན་པ་ཌན་གཟེངས་རྟགས་འབུལ་བཞེས་མཛད་ཙམ་ཡིན་པའི་དུས་ཚེས་དང་སྟབས་འཁེལ་བའི་སྐོར་སོགས་གསུངས་འདུག

སྐུ་ཚབ་དོན་གཅོད་མཆོག་ནས་གསུང་བཤད་གནང་སྐབས། ཐེངས་འདིའི་སྐུའི་འཁྲུངས་སྐར་གྱི་དམིགས་བསལ་རང་བཞིན་སྐོར་དང༌།  བྱང་ཨ་རིའི་ཁྱབ་ཁོངས་སུ་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་ ༣༠ ཙམ་ཡོད་པ་ཚང་མས་འདས་པའི་དུས་ཡུན་ནང་རྒྱལ་ཁབ་དང༌མི་རིགས་ཀྱི་དོན་དུ་ཕྱག་ལས་ཧུར་ཐག་གནང་བའི་སྐོར།  ྋགོང་ས་མཆོག་གིས་དུས་རྒྱུན་བོད་མི་ཚོར་ཡ་རབས་བཟང་སྤྱོད་སྐོར་ལ་བཀའ་སློབ་ཕེབས་ཀྱི་ཡོད་པ་ལྟར་ཚང་མས་སེམས་ལ་ཉར་དགོས་ཚུལ་སོགས་ཀྱི་སྐོར་གསུངས་ཡོད་འདུག  

དེ་རྗེས་ཆོལ་གསུམ་ཟློས་གར་ཚོགས་པ་དང༌ཉིན་སློབ།  གཞས་པ་དང་གཞས་མ།  ཚོགས་པ་སྐྱིད་སྡུག་ཁག་བཅས་ཀྱིས་རྣམ་པ་འདྲ་མིན་གྱི་རིག་གཞུང་དང་། ཡུལ་ལུང་སོ་སོའི་གཞས་དང་ཞབས་བྲོ་འཁྲབ་སྟོན་གནང་ཞིང་། ཉིན་རྒྱབ་ས་གནས་སྤྱི་འཐུན་ཚོགས་པ་སྐབས་ ༡༢ ཀྱི་ལས་རྒྱུན་རྫོགས་པ་བཞིན་རྒྱུན་ལས་གསར་པ་ ༡༣ འོས་འདེམས་གནང་ཡོད་འདུག   

ཚེས་ ༧ ཉིན་སེར་སྐྱ་མང་ཚོགས་རྣམས་རྒྱ་གྲོང་ཕྷི་ལ་ཤིང་གི་ཀོ་རོ་ནཱ་སྤྱི་གླིང་དུ་འཛོམས་ནས་རང་རང་སོ་སོའི་དགའ་མོས་ཀྱི་ཐོག་ནས་ཉིན་གང་འཁྲུངས་སྐར་གྱི་སྤྲོ་སྐྱིད་གནང་ཡོད་ཅིང་། ཉིན་དེར་ས་གནས་སྤྱི་མཐུན་ཚོགས་པའི་རིག་གཞུང་སྤྱི་ཁང་གི་ཆེད་དུ་སྒེར་པ་དང༌། ཚོགས་སྐྱིད་བཅས་ནས་ཞལ་འདེབས་ཨ་སྒོར་ཆིག་འབུམ་ལྔ་ཁྲི་ ༡༥༠༠༠༠ ཕུལ་འབྱོར་བྱུང་ཡོད་པ་རེད།

ཐེངས་འདིའི་འཁྲུངས་སྐར་སྐབས་བྱང་ཨ་རིའི་ཁྱབ་ཁོངས་བོད་མི་གནས་ཡུལ་ས་གནས་ཚང་མར་རྣམ་པ་འདྲ་མིན་གྱི་ཐོག་ནས་བཀའ་ཤག་གི་བཀའ་འབྲེལ་ལྟར། སྐུའི་འཁྲུངས་སྐར་སྲུང་གཙི་ཞུས་ཡོད་ཅིང༌།  ས་གནས་གཅིག་དཔེ་མཚོན་ཞུས་ན།  མི་ནི་སུད་ཀྲར་དུ་ས་གནས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག ཕྱི་ཟླ་ ༧ ཚེས་ ༢ ནས་བཟུང་ཕྱི་རྒྱལ་མི་སྣ་འདུ་འཛོམས་ཆེ་བའི་ས་གནས་སུ་བོད་ཀྱི་ཐུང་མོང་མ་ཡིན་པའི་རིག་གཞུང་འགྲེམས་སྟོན་གྱི་གོམ་བགྲོད་དང༌།  ཚེས་ ༣ ཉིན་སྤྱི་ཁང་ནང་ྋགོང་ས་མཆོག་ལ་ཞབས་རིམ་གསོག་སྒྲུབ་དང༌། གཞིས་ལུས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་མཆོད་འབུལ།  ཕྱི་ཚེས་ ༤ ཉིན་ཁ་ཆེ་དང༌ཡེ་ཤུ། རྗིའུ། ཧིན་རྡུ། ནང་པ་བཅས་ཆོས་ལུགས་འདྲ་མིན་གྱི་སྐུ་ཚབ་ལྷན་འཛོམས་ཀྱིས་རང་ལུས་མེ་ལ་སྒྲོན་མཁན་དཔའ་བོ་དཔའ་བོ་རྣམས་ཀྱི་ཆེད་དུ་བསྔོ་སྨོན་ཞབས་རིམ་གོ་སྒྲིག ཕྱི་ཚེས་ ༦ ཉིན་ཕྱི་རྒྱལ་སྐུ་མགྲོན་ཁག་ཅིག་གདན་ཞུས་ཀྱིས་སྐུའི་འཁྲུངས་སྐར་སྲུང་གཙི་མཛད་སྒོ་གོ་སྒྲིག་གནང་ཡོད་འདུག

 

གནས་ཚུལ་གཏོང་མཁན། ཨ་རི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་དྲུང་འཕར་ཀུན་དགའ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༨ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༩ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༩ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༡༢ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༡༤ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

མཆན། 2

  1. ཡར་ཀླུང་ལྷ་རྗེ། says:
    ལོ་ 14 སྔོན།

    བོད་ནང་བོད་མིས་དད་དམ་གཡོ་བ་མེད་པའི་ངང་རྒྱ་གཞུང་གི་དམ་བསྒྲགས་དང་། འཇིགས་སྣང་ག་ཚོད་བསྐུལ་རུང་སྤྱི་ནོར་༸གོང་ས་མཆོག་༸སྐུ་བལྟམས་པའི་ཉིན་རང་འཁྲུངས་ལྷ་ཡར་གསོའི་རྟེན་འབྲེལ་རྒྱ་མི་ཆུང་གནང་བར་རྙིང་དབུས་བཀའ་འདྲིན་ཆེ། ལྟོས་དང་ང་ཚོ་བཙན་བྱོལ་སྐྱིད་སར་བཞུགས་ཅིང་ཁ་ནས་དད་པ་དམ་ཚིག་ཡོད་མདོག་བྱ་མཁན་གྱི་སྒྲིགས་ཚུགས་དང་། ཚོགས་སྒེར་རྣམས་པའི་སྐུའི་སྐར་རྟེན་འབྲེལ་ཞུ་རྒྱུ་དེ་ཡང་ཕྱིར་འགྱངས་བྱ་དགོས་པ་རྒྱུ་མཚན་གང་ལ་མཐུག་པ་ཡིན་ནམ། ད་ཆ་བཙན་བྱོལ་བས་གཞིས་ལུད་བོད་མིའི་མགྲིན་ཚབ་བྱ་རྒྱུའི་བཀའ་མོལ་གྲ་ཆགས་དེ་ཚོ་བཤད་རྒྱུ་ཡོད་དམ། ཅི་སྟེ་མཛད་སྒོའི་ཉིན་བོད་བཞུགས་བོད་མི་ཞིག་ནས་སྐུ་འཁྲུངས་སྐར་ཉིན་མཛད་སྒོ་བྱ་མི་ཐུབ་པའི་སྐད་ཆ་འདྲི་ཚེ་ལན་གང་ཡོད་དམ།

    Reply
  2. ཡར་ཀླུང་ལྷ་རྗེ། says:
    ལོ་ 14 སྔོན།

    བོད་ནང་འཁྲུངས་སྐར་ཉིན་རྒྱ་གཞུང་གི་དམ་བསྒྲགས་གང་ཚོད་ཡོད་རུང་རང་སྲོག་འབེན་ལ་བཙུགས་ནས་གཏོང་གི་ཡོད་རུང་ང་ཚོ་རང་དབང་ལུང་པར་འཁྲུངས་སྐར་ཡང་ཕྱི་འགྱངས་བྱ་དགོས་པ་རྒྱུ་མཚན་གང་ལ་མཐུག་པ་ཡིན་ནམ། བོད་ནང་གི་རྒྱལ་གཅེས་དཔའ་བོ་རྣམས་པར་ངོ་གནོངས་མི་དགོས་དམ། ང་ཚོའི་ཀུན་སྤྱོད་ལྟོས་དང།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese