མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དུད་འགྲོ་སེམས་ཅན་བྱུང་ཚུལ། ལྔ་པ།

བོད་ཀྱི་དུས་བབ།
༢༠༡༢/༠༧/༡༠
Share on FacebookShare on TwitterShare on EmailShare on Whatsapp

༼རྒྱ་གར་གྱི་སྲིད་བློན་དང་པོ་ཇོ་ཝ་ཧ་ལ་ནེ་རུས་རང་གི་བུ་མོ་རྒྱ་གར་གྱི་བུད་མེད་སྲིད་བློན་དང་པོ་ཨིན་དྷ་ར་གྷན་དྷིར་སྤྲིངས་པའི་འཕྲིན།༽

ཇོ་ཝ་ཧ་ལ་ནེ་རུས་བརྩམས། ནོར་བསམ་གྱིས་བསྒྱུར།

            ང་ཚོས་ཚེ་སྲོག་ཐོག་མར་བྱུང་བའི་རྟགས་མཚན་ནི་ཆུ་ནང་གི་རྩི་ཤིང་དང་། མཚོ་ནང་གི་སྲོག་ཆགས་ལས་ཤེས་ཐུབ་ལ། གལ་ཏེ་ཆུ་ནང་གི་སེམས་ཅན་སྐམ་སར་ཐོན་ན་དེང་སང་ཡོད་པའི་ཉ་ལྡེ་གུའི་གཟུགས་ཅན་ (Jellyfish) ལྟར་འཆི་ངེས་རེད། འོན་ཀྱང་སྐབས་དེ་དུས་ཆུ་འདང་ངེས་ཡོད་ལ་འདམ་རྫབ་དེང་སང་ལས་མང་བ་ཡོད། དེང་སང་གི་ཉ་ལྡེ་གུའི་གཟུགས་ཅན་གཙོས་པའི་མཚོ་ཐོག་གི་སེམས་ཅན་རྣམས་ཀྱི་པགས་པ་སྔར་ལས་མཁྲེགས་པ་ཡོད་པས་ལམ་སེང་སྐམ་ཐུབ་ཀྱི་མེད་པར་བརྟེན་སྐམ་སར་གནས་རྒྱུར་སྔར་ལྟར་དཀའ་ངལ་ཆེན་པོ་མེད་པ་དེར་དོ་སྣང་བྱེད་དགོས་པ་ཆགས་ཡོད། དེའི་རྒྱུ་མཚན་ནི་སྲོག་ཆགས་རྣམས་ཡུལ་དུས་ཁོར་ཡུག་ལ་བསྟུན་ཏེ་བདེ་གནས་ཐུབ་པས་རེད། ཁྱེད་ཀྱིས་ལོན་ཌོན་ཀིང་སིན་ཀྲོན་འགྲེམས་སྟོན་ཁང་ནས་ཆུ་ནང་ལ་གནས་པའི་བྱེའུ་རིགས་དང་། གནམ་གཤིས་གྲང་སར་གངས་ལྟར་དཀར་པོར་གྱུར་བའི་ཁྱགས་པ། ཚ་བའི་ཡུལ་གྱི་ལྗང་མདོག་ཅན་གྱི་རྩི་ཤིང་། དེ་མིན་ལྗང་མདོག་ཅན་དང་མཚོན་མདོག་རྣམ་པར་བཀྲ་བའི་ལྗོན་ཤིང་ནི་ཡུལ་དུས་ཁོར་ཡུག་ལ་བསྟུན་ནས་བྱུང་བ་རེད། ལྗོན་ཤིང་ལ་གནོད་འཚེ་གཏོང་མཁན་གྱི་དགྲ་བོར་གཡོལ་ཆེད་ཁ་དོག་ལ་འགྱུར་བ་བཏང་ནས་མཐའ་འཁོར་གྱི་ཁོར་ཡུག་གི་རྣམ་པ་གཅིག་མཚུངས་ཆགས་ཀྱི་ཡོད། དེ་ཡང་གནམ་གཤིས་གྲང་ཁུལ་ལ་ལྗོན་ཤིང་ལ་གྲ་སྤུ་སྐྱེས་ནས་ཚ་དྲོད་ཉར་འཇོག་བྱེད་ཀྱི་ཡོད། དེ་ཙམ་མ་ཟད་སྟག་གི་ལུས་པོའི་མཚོན་མདོག་སེར་པོ་དང་། ཐིག་རིས་ནར་མོ་ཡོད་པ་དེས་ཉི་འོད་ཕོགས་སའི་ཤིང་ནགས་དཀྱིལ་ནས་སྟག་མཐོང་ཁག་པོ་ཡོད།

            ཁོར་ཡུག་དང་བསྟུན་ནས་སྲོག་ཆགས་གནས་ཐབས་བྱེད་པ་ནི་དོན་དངོས་ཐོག་ཧ་ཅང་དོ་སྣང་བྱེད་དགོས་པའི་གལ་ཆེའི་གནད་དོན་ཞིག་དང་། སྲོག་ཆགས་དེ་དག་སོ་སོ་རང་ངོས་ནས་འགྱུར་བ་གཏོང་ཐབས་བྱས་པ་མ་ཡིན་ཡང་དེ་ལ་བརྟེན་ནས་འཚོ་ཐབས་ཀྱི་གོ་སྐབས་ཆེ་རུ་འགྲོ་ཡི་ཡོད། ཤིན་ཏུ་ཕྲ་བའི་སྲོག་ཆགས་རྣམས་དལ་བུའི་ངང་ནས་སྲོག་ཆགས་ཆེ་བའི་རིགས་སུ་འཕོ་འགྱུར་བྱེད་ཀྱི་ཡོད་ལ། ལོ་ངོ་ས་ཡ་མང་པོའི་རྗེས་སུ་འགྲོ་བ་མིའི་ངོ་བོར་འགྱུར་བ་ཐེབས་ཀྱི་ཡོད། ང་ཚོའི་མཐའ་འཁོར་དུ་འབྱུང་བཞིན་པའི་འགྱུར་བ་ནི་ཧ་ཅང་དལ་པོ་དང་། ང་ཚོའི་མི་ཚེའི་དུས་ཡུན་ཧ་ཅང་ཐུང་ཐུང་ཡིན་པས་ང་ཚོས་གཡས་གཡོན་གྱི་འགྱུར་བ་རྣམས་གསལ་པོ་མཐོང་ཐུབ་ཀྱི་མེད། འོན་ཀྱང་འགྱུར་བ་འགྲོ་བ་རང་བཞིན་ཆོས་ཉིད་ཡིན་པས་ནམ་ཡང་བར་མཚམས་མེད་པར་འཕོ་འགྱུར་འགྲོ་བཞིན་ཡོད།

            ད་ལྟ་ཁྱེད་ཀྱི་དྲན་ལམ་དུ་ཡོད་པ་བཞིན་འཛམ་གླིང་གི་གནམ་གཤིས་དལ་བུའི་ངང་ནས་གྲང་དུ་འགྲོ་བ་དང་བསྟུན་སྐམ་ཤས་ཆེ་རུ་འགྲོ་ཡིོ་ཡོད་ལ། གནམ་གཤིས་གྲང་དུ་ཕྱིན་པ་དང་མཉམ་དུ་འགྱུར་བ་གཞན་མང་པོ་ཞིག་ཡོང་གི་ཡོད། དེ་ཡང་སའི་གོ་ལར་འགྱུར་མདོག་བྱུང་བ་བཞིན་དེའི་ཐོག་གནས་སྡོད་བྱེད་མཁན་སྲོག་ཆགས་ལ་ཡང་དལ་བུའི་ངང་ནས་འགྱུར་ལྡོག་བྱུང་ནས་སྲོག་ཆགས་རིགས་གསར་པ་ཆགས་ཀྱི་ཡོད། ཐོག་མར་མཚོ་ནང་གི་སེམས་ཅན་ཕྲ་བའི་རིགས་བྱུང་བ་དང་། དེའི་རྗེས་རྙོང་འཛིང་ཆེ་བའི་སྲོག་ཆགས་ཀྱི་རིགས་བྱུང་བ་རེད་ལ། ཕྱིས་སུ་ཆུ་རྣམས་རིམ་གྱིས་སྐམ་ནས་སྐམ་སའི་རྒྱ་ཁྱོན་ཆེ་རུ་ཕྱིན་པར་བརྟེན་ཆུ་སྲིན་དང་། སྦལ་བ་ལྟ་བུ་ས་ཐོག་དང་ཆུ་ནང་གཉིས་ཀར་འཚོ་སྡོད་བྱེད་མཁན་གྱི་སེམས་ཅན་བྱུང་བ་མ་ཟད། ས་ཐོག་ལ་འཚོ་སྡོད་བྱེད་མཁན་སེམས་ཅན་དང་། རླུང་ཁྲོིད་ལ་འཕུར་ཐུབ་མཁན་གྱི་བྱེའུ་རིགས་ཀྱང་བྱུང་བ་རེད།

            ངས་མིང་འདོན་བྱས་པའི་སྦལ་པའི་རིགས་ཀྱི་ཚེ་སྲོག་ཁོ་ནར་བརྟག་དཔྱད་ཞིབ་འཇུག་བྱས་ཚེ་ཆུ་ནང་གི་སེམས་ཅན་ལ་རིམ་པས་འགྱུར་བ་བྱུང་ནས་ས་ཐོག་སེམས་ཅན་ཆགས་པའི་བརྒྱུད་རིམ་ཤེས་ཐུབ་པ་དེ་ནི་སྤྲོ་སྣང་འོས་པའི་སྦྱོང་གཞི་ཞིག་རེད། སྦལ་བ་ཐོག་མར་ཉ་རིགས་ཡིན་པ་དང་ཕྱིས་སུ་ས་ཐོག་གི་སེམས་ཅན་ལྟར་གློ་བ་ནས་དབུགས་གཏོང་ལེན་བྱེད་ཀྱི་ཡོད།

            སྔ་དུས་སུ་ཚེ་སྲོག་ཐོག་མར་བྱུང་སྐབས་ནགས་ཚལ་སྟུག་པོ་ཡོད་ལ་ས་ཆ་ཚང་མ་འདམ་རྫབ་ཅན་དང་ཤིང་ནགས་འཐུག་པོས་ཁེངས་ཡོད། ནགས་ཚལ་རྣམས་ཕྱིས་སུ་རྡོ་དང་ས་ཡིས་བཀབ་པར་བརྟེན་འཕོ་འགྱུར་དལ་པོའི་ངང་ནས་རྡོ་སོལ་བྱུང་བ་རེད། ཁྱེད་ཀྱིས་ཤེས་གསལ་ལྟར་ང་ཚོར་ཡོད་པའི་རྡོ་སོལ་ནི་ས་འོག་ནས་ཐོན་གྱི་ཡོད་ལ་རྡོ་སོལ་འབྲུ་ཡུལ་ནི་དུས་ཡུན་རིང་པོའི་སྔོན་གྱི་ནགས་ཚལ་ཆགས་ཡུལ་ཁག་རེད།

            ས་ཐོག་ལ་འཚོ་སྡོད་བྱེད་མཁན་གྱི་ཐོག་མའི་སྲོག་ཆགས་ཁོངས་སུ་ཤིན་ཏུ་ཆེ་བའི་སྦྲུལ་དང་། རྩངས་པ་ཁ་རལ། ཆུ་སྲིན་ཡོད་པ་ལས་ཁ་ཤས་ལ་རིང་ཚད་ཧྥི་ཀྲི་བརྒྱ་ལྷག་ཡོད། རིང་ཚད་ཧྥི་ཀྲི་བརྒྱ་ལྷག་ཡོད་པའི་སྦུལ་དང་རྩངས་པ་ཁ་རལ་གང་འདྲ་ཡོད་མེད་ལ་བསམ་བློ་གཏོང་དང་། ཁྱེད་ཀྱིས་ལོན་ཌོན་གྱི་འགྲེམས་སྟོན་ཁང་ནས་དུད་འགྲོ་དེ་དག་གི་རྗེས་ཤུལ་འགྱུར་རྡོ་མཐོང་བ་དྲན་གྱི་འདུག་གམ།

            ཕྱིས་སུ་ང་ཚོས་ད་ལྟ་མཐོང་རྒྱུ་ཡོད་པའི་དུད་འགྲོ་སེམས་ཅན་ཀྱི་རིགས་རྣམས་ཆུང་དུས་ནུ་མ་སྣུན་ནས་གསོ་སྐྱོང་བྱེད་ཀྱི་ཡོད་པར་བརྟེན་འོ་མ་ཅན་གྱི་སྲོག་ཆགས་ (Mammals) ཞེས་འབོད་པ་དང་། ད་ལྟ་ཡོད་པ་ལས་དང་ཐོག་ཆེ་བ་ཡོད། མི་དང་འདྲ་བའི་འོ་མ་ཅན་གྱི་སེམས་ཅན་ནི་སྤྲེའུ་དང་མི་རྒོད་རེད། རྒྱུ་མཚན་ནི་ཁོ་གཉིས་གནས་ཡུལ་གྱི་ཁོར་ཡུག་དང་བསྟུན་ནས་འགྱུར་བ་བྱུང་བ་རེད་ལ། ཐོག་མར་འགྲོ་བ་མི་ཡང་མི་རྒོད་ཀྱི་རྣམ་པ་ལས་མ་འདས། འགྲོ་བ་མིར་རང་བཞིན་འགྱུར་བ་བྱུང་བའམ་ཁོར་ཡུག་དང་བསྟུན་ནས་འགྱུར་བ་བྱུང་བ་གང་ཡིན་ཡང་རང་ཉིད་སེམས་ཅན་གྱི་རྩེ་ཕུད་ཡིན་པར་བསམ་གྱི་ཡོད་མོད་ང་ཚོས་རང་ཉིད་མི་རྒོད་དང་སྤྲེའུའི་སྤུན་མཆེད་ཡིན་པ་དྲན་པ་བརྗེད་མི་ཉན་ལ། ད་ལྟ་ཡང་ང་ཚོ་མང་པོ་ཞིག་གིས་སྤྲེའུའི་སྤྱོད་ཚུལ་འཛིན་བཞིན་པ་དེ་ནི་ཞེད་སྣང་སྐྱེ་དགོས་པའི་གནས་སྟངས་ལས་མ་འདས་སོ།།

་་་་་་་་་་་་་་མུ་འགོད།

༼གསལ་བཤད། འདོན་ཐེངས་སྔོན་མ་ཁག་ལ་བོད་ཀྱི་དུས་བབ་རྩོམ་སྒྲིག་པ་དང་། རྒྱ་ཆེའི་ཀློག་པ་པོ་རྣམ་པས་དགོངས་འཆར་ལྷུགས་རྩོམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།༽

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༤ སྔོན་ལ།
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

ཆུ་ཚོད་ ༧ སྔོན་ལ།
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

༢༠༢༦/༠༣/༣༡
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠

མཆན། 2

  1. ནད་པ says:
    ལོ་ 14 སྔོན།

    སྐད་གཉིས་སྨྲ་བ་རྡོ་རྗེ་རྒྱལ་མཚན་དང་།།
    ངག་གི་དབང་ཕྱུག་ལྷ་མོ་དབྱངས་ཅན་མ།།
    འདོད་པའི་མྱོས་བུམ་ལྡན་མི་ལྡན་ལས།།
    གཞན་དུ་དེ་འདྲའི་དབྱེ་བ་ཐ་མི་དད།།

    ཅེས་པའི་སྙན་ངག་གི་ཚིགས་བཅད་གཅིག་སྔོན་མ་ཆུང་དུས་སྐབས་སུ་སྦྱངས་ཏེ་བློ་ལ་ཡོད་པ་ཞིག་དེ་རིང་གློ་བུར་དུ་དྲན་ཏེ་ནོར་བསམ་ལགས་སུ་ཆེད་དུ་མངོན་པར་བསྟོད་པ་ཡིན།།

    Reply
  2. ཡར་ཀླུང་ལྷ་རྗེ། says:
    ལོ་ 14 སྔོན།

    ཐུགས་རྗེ་ཆེ། མུ་མཐུད་བསྒྱུར་བཀོད་གནང་རོགས་སྐད་གཉིས་སྨྲ་བ་དོན་དང་མཐུན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese