མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨི་ཇིབ་ཀྱི་སྲིད་དབང་འཐབ་རྩོད་རྣོ་ངར་ཅན་དུ་གྱུར།

བོད་ཀྱི་དུས་བབ།
༢༠༡༢/༠༧/༡༠
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ཉི་མའི་ཉིན་ཨི་ཇིབ་སྲིད་འཛིན་གསར་པ་མཱོར་སེ་ཡིས་བར་བརྒལ་གཞུང་གི་ཆེས་མཐོའི་དམག་དོན་ལྷན་ཁང་དང་ཆེས་མཐོའི་ཁྲིམས་ཁང་གཉིས་ཀྱི་ཐག་གཅོད་སྣང་མེད་ཐོག དེ་སྔའི་ཨི་ཇིབ་གྲོས་ཚོགས་བསྐྱར་གསོ་བྱ་དགོས་པའི་བཀའ་ཁྱབ་བསྒྲགས་འདུག

ཕྱི་ཚེས་ ༨ ཉིན་ཨི་ཇིབ་སྲིད་འཛིན་གསར་པ་མཱོར་སེ་(Mohammed Morsi) ཡིས་དེ་སྔོན་བར་བརྒལ་དམག་མིའི་གཞུང་གིས་རྩོ་གཏོར་བཏང་ཟིན་པའི་གྲོས་ཚོགས་དེ་བསྐྱར་དུ་བསྡུ་སྐོང་བྱ་རྒྱུའི་བཀའ་རྒྱ་བཏང་ཡོད་ཅིང་། དེ་ནི་མཱོར་སེ་ཁོང་སྲིད་འཛིན་དུ་བསླེབས་རྗེས་ཐད་ཀར་བར་བརྒལ་དམག་མིའི་གཞུང་གི་ཐག་གཅོད་ལ་རྩིས་མེད་ཀྱི་བྱ་སྤྱོད་བཟུང་པ་དང་པོ་དེ་ཆགས་ཡོད་འདུག

ཁ་སང་ཕྱི་ཚེས་ ༩ ཉིན་ཨི་ཇིབ་བར་བརྒལ་གཞུང་གི་ཆེས་མཐོའི་དམག་དོན་ལྷན་ཁང་(The Supreme Council of the Armed Forces) དང་ཆེས་མཐོའི་ཁྲིམས་ཁང་གཉིས་ཀྱིས་སྲིད་འཛིན་མཱོར་སེའི་ཐག་གཅོད་ཐད་ཛ་དྲག་ཚོགས་འདུ་བསྐོངས་ཏེ། སྲིད་འཛིན་མཱོར་སེའི་ཐག་གཅོད་ལ་ངོས་ལེན་བྱས་མེད་པ་མ་ཟད། རྒྱལ་ཁོངས་ཚོགས་སྡེ་ཚང་མས་རྒྱལ་ཁབ་ཀྱི་ཁྲིམས་དང་རྩ་ཁྲིམས་ལ་གཙི་སྲུང་བྱ་དགོས་ཚུལ་བསྒྲགས་ཡོད་འདུག

བར་བརྒལ་དམག་མིའི་གཞུང་ནི་ཨི་ཇིབ་སྲིད་དབང་སྒེར་འཛིན་པ་མཱུ་བྷ་རག་མགོ་རྟིང་སློག་རྗེས་ཀྱི་བར་བརྒལ་སྲིད་གཞུང་ཞིག་དང་། ཆེས་མཐོའི་དམག་དོན་ལྷན་ཁང་ནི་དམག་མིའི་བར་བརྒལ་གཞུང་གི་དབང་འཛིན་ལྷན་ཁང་ཆགས་ཡོད།

ཉེ་སྔོན་སྲིད་འཛིན་འོས་བསྡུའི་གོང་དུ་བར་བརྒལ་གཞུང་གི་ཆེས་མཐོའི་དམག་དོན་ལྷན་ཁང་གིས་དེ་སྔོན་གྲོས་ཚོགས་འོས་བསྡུ་དེ་ཁྲིམས་མཐུན་བྱུང་མེད་སྐོར་བརྗོད་དེ་ཆེས་མཐོའི་ཁྲིམས་ཁང་དང་མཉམ་འབྲེལ་ཐོག་ཨི་ཇིབ་ཁ་ཆེ་སྤུན་ཟླ་ཚོགས་པའི་འཐུས་མིའི་གྲངས་འབོར་མང་ཤོས་ཟིན་པའི་གྲོས་ཚོགས་དེ་རྩ་གཏོར་བཏང་སྟེ། གཞུང་གི་དབང་ཤུགས་ཁོ་ཚོའི་སྟངས་འཛིན་འོག་གནས་ཐབས་བྱས་ཡོད་སྟབས། ཨི་ཇིབ་མི་མང་དང་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་སྲིད་འཛིན་གསར་པ་འོས་འདེམས་བྱས་ཡོད་ཀྱང་དབང་ཆ་ཆེས་མཐོའི་དམག་དོན་ལྷག་ཁང་གི་སྟངས་འཛིན་འོག་གནས་སྲིད་པའི་དངངས་འཚབ་བྱེད་ཀྱི་ཡོད།

སྲིད་འཛིན་མཱོར་སེ་ཡི་བཀའ་ཁྱབ་ལྟར་དེ་རིང་ཕྱི་ཚེས་ ༡༠ ཉིན་གྲོས་ཚོགས་བསྡུ་སྐོང་བྱས་སྐབས། བར་བརྒལ་གཞུང་གིས་དམག་མི་འབོར་ཆེན་བཏང་སྟེ་གྲོས་ཚོགས་རཱ་བ་སྐོར་ཡོད་ཅིང་། སྐབས་དེར་ཡུལ་མི་སྟོང་ཕྲག་མང་པོ་གྲོས་ཚོགས་རཱ་བའི་མཐའ་ཁོར་དུ་འཛོམས་ཏེ་གྲོས་ཚོགས་ལ་སྲུང་སྐྱོབ་བྱས་ཡོད་པ་མ་ཟད། ཨི་ཇིབ་ཁ་ཆེ་སྤུན་ཟླ་ཚོགས་པས་མི་མང་ཁྲི་ཕྲག་མང་པོ་མཉམ་འཛོམ་གྱིས་སྲིད་འཛིན་གྱི་ཐག་གཅོད་ལ་རྒྱབ་སྐྱོར་དང་གྲོས་ཚོགས་བསྐྱར་གསོ་ཡོང་རྒྱུར་རམས་འདེགས་བྱ་དགོས་སྐོར་མང་ཚོགས་ལ་སྐུལ་སློང་བྱས་ཡོད་འདུག

ཨི་ཇིབ་སྲིད་འཛིན་དང་དམག་དོན་ལྷན་ཁང་བར་གྱི་རྩོད་ཉོག་ཐད་བྷེ་བྷེ་སེའི་གསར་འགོད་པ་ཇོན་ལཱའེ་ནེ་(Jon Leyne)ཡིས་བརྗོད་པ་ལྟར་ན། བདུན་ཕྲག་གཅིག་ལྷག་གི་གོང་སྲིད་འཛིན་གསར་པ་སྲིད་སྟེགས་སུ་བསླེབས་པ་ནས་ཨི་ཇིབ་ནང་གི་ཆབ་སྲིད་ཀྱི་རྙོག་གླེང་འཇམ་པ་ལྟ་བུའི་སྣང་ཚུལ་ཞིག་བྱུང་ཡོད་ཀྱང་། ཞི་འཇམ་གྱི་སྣང་ཚུལ་དེ་རྒྱུན་རིང་གནས་མ་ཐུབ་པར་གཟའ་ཉི་མིའི་ཉིན་སྲིད་འཛིན་གསར་པས་ཆེས་མཐོའི་དམག་དོན་ལྷན་ཁང་གི་ཐག་གཅོད་ལ་རྩིས་མེད་ཀྱིས་གྲོས་ཚོགས་བསྐྱར་གསོ་བྱ་དགོས་པའི་བཀའ་ཁྱབ་བཏང་རྗེས། བསྐྱར་དུ་དབང་ཤུགས་འཐབ་རྩོད་ཀྱི་མཁའ་དབུགས་རྣོ་ངར་ཅན་དུ་གྱུར་ཡོད་པ་དང་། ཆེས་མཐོའི་དམག་དོན་ལྷན་ཁང་གིས་སྲིད་འཛིན་མཱོར་སེ་ཡིས་ཁྲིམས་ལུགས་ལ་གཙི་སྲུང་བྱ་དགོས་པའི་ཉེན་བརྡ་བཏང་ཡོད་འདུག

ཐེངས་འདིར་མཱོར་སེ་ཡིས་ཆེས་མཐོའི་དམག་དོན་ལྷན་ཁང་དང་ཆེས་མཐོའི་ཁྲིམས་ཁང་གཉིས་ཀྱི་ཐག་གཅོད་རྩིས་མེད་བྱས་པ་དེས་ཕྱོགས་གཅིག་ནས་སྲིད་འཛིན་གྱིས་རང་གི་དབང་ཤུགས་ལ་རྩོད་ལེན་བྱས་པ་ཞིག་དང་། ཕྱོགས་གཞན་ཞིག་ནས་སྲིད་འཛིན་གསར་པ་དང་དམག་དོན་ལྷན་ཁང་པར་འགལ་ཟླ་འབྱུང་བའི་ཉེན་ཁ་ཞིག་འཕྲད་བཞིན་ཡོད་འདུག

སྲིད་འཛིན་གསར་པ་མཱོར་སེའི་མདུན་དུ་ལྷག་པའི་དཀའ་ངལ་ཁག་ནི། ཆེས་མཐོའི་དམག་དོན་ལྷན་ཁང་དང་དབང་ཆའི་འཐབ་རྩོད། གཉིས་པ་རྒྱལ་ཁོངས་ཆིག་སྒྲིལ་གྱི་དཀའ་ངལ། སྲིད་འཛིན་འོས་བསྡུའི་ཁྲོད་མི་མང་བརྒྱ་ཆ་ ༤༨ གྱིས་མཱུ་བྷ་རག་སྐབས་ཀྱི་སྲིད་བློན་ཤཱ་ཧྥེག་(Ahmed Shafiq) ལ་ཐོབ་པ་དེས་མི་མང་ས་ཡ་མང་པོས་མཱོར་སེ་ལ་རྒྱབ་སྐྱོར་མེད་པ་མཚོན་ཡོད། གསུམ་པ་ཨི་ཇིབ་ནང་གསར་བརྗེ་གྱེན་ལངས་བྱུང་རྗེས་ཡུལ་ཁྲིམས་འཐོར་ཏེ་རྐུན་མ་དང་ཇག་པ། ནག་ཚོང་རྒྱག་མཁན་མང་པའི་སྤྱི་ཚོགས་བདེ་འཇགས་ཀྱི་དཀའ་ངལ། བཞི་བ་ད་ཆར་ཨི་ཇིབ་ཀྱི་མི་འབོར་བརྒྱ་ཆ་  ༤༠ ཙམ་ཉམ་ཐག་(Below poverty line) ཡོད་སྟབས་དཔལ་འབྱོར་གྱི་དཀའ་ངལ། གཞན་ཨེ་ཛི་རལ་དང་ནུབ་ཕྱོགས་པར་ཕྱི་འབྲེལ་འཛུགས་རྒྱུ་སོགས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese