མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རིཊ་ཁ་ཆེ་ཚོའི་ཕེབས་བསུ།

བོད་ཀྱི་དུས་བབ།
༢༠༡༢/༠༧/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཉིན་འདི་གར་༧གོང་ས་མཆོག་ཇཱ་མུ་ཀཱ་ཤི་མིར་མངའ་སྡེའི་སི་རི་ནཱ་གྷར་གྲོང་ཁྱེར་དུ་ཆིབས་སྒྱུར་བསྐྱངས་ཏེ། ཡུལ་དེའི་བོད་རིགས་ཁ་ཆེ་བ་དང་བོད་མི་ཚོང་པ། དེ་བཞིན་བོད་རིགས་ཁ་ཆེའི་སློབ་གྲྭ་བཅས་སུ་མཛད་འཕྲིན་སྐྱོང་བཞིན་ཡོད་འདུག

རྒྱ་གར་བྱང་ཤར་ཇཱ་མུ་ཀཱ་ཤི་མིར་མངའ་སྡེའི་བློན་ཆེན་ལས་ཁུངས་དང་ས་གནས་བོད་རིགས་ཁ་ཆེའི་མཐུན་ཚོགས། བོད་རིགས་ཁ་ཆེའི་སློབ་གྲྭ་བཅས་ཀྱི་གདན་ཞུ་ལྟར། ཚེས་ ༡༢ ཉིན་གྱི་སྔ་དྲོར་༧གོང་ས་མཆོག་སི་རི་ནཱ་གྷར་གནམ་ཐང་དུ་ཞབས་སོར་འཁོད་ཡོད་འདུག་ལ། སྐབས་དེར་ཇཱ་མུ་ཀཱ་ཤི་མིར་མངའ་སྡེའི་བློན་ཆེན་བློན་ཆེན་ཨོ་མར་ཨབ་ཌའུ་ལཱ་མཆོག་དང་། ཡུལ་སྐོར་སྤྲོ་འཆམ་བློན་ཆེན་ངག་དབང་རིག་འཛིན་རྣམ་གཉིས་གཙོས་པའི་གྲོང་ཁྱེར་དའི་གནད་ཡོད་མི་སྣ་ཁག་གིས་ཕེབས་བསུའི་སྣེ་ལེན་གནང་ཡོད་འདུག

གྲོང་ཁྱེར་ནང་ཕེབས་སྐྱོད་སྐབས་ཁུལ་དེའི་བོད་རིགས་ཁ་ཆེ་མི་མང་དང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་ཁག དེ་བཞིན་ས་གནས་དེར་གནས་སྡོད་བོད་རིགས་ཚོང་པ་བཅས་ཀྱིས་དགའ་སྡད་སྤྲོ་གསུམ་གྱིས་ཕེབས་སུ་ཞུས་ཡོད་འདུག  དེ་རིང་ཕྱི་ཚེས་ ༡༣ དང་ ༡༤ ཉིན་སི་རི་ན་གྷར་རྟེན་གཞི་བྱས་པའི་བོད་རིགས་ཁ་ཆེའི་གཞིས་ཆགས་ལ་གཟིགས་སྐོར་དང་བོད་རིགས་ཁ་ཆེ་རྒན་གྲས་རྣམས་ལ་མཇལ་ཁ། དེ་བཞིན་བོད་རིགས་ཁ་ཆེའི་སློབ་གྲྭར་ཆིབས་སྒྱུར་གྱིས་གསུང་བཤད་གནང་རྒྱུ་བཅས་ཀྱི་མཛད་རིམ་ཡོད་འདུག

བོད་མིའི་རང་དབང་གི་རྩོམ་སྒྲིག་པ་སྐལ་བཟང་མཁས་གྲུབ་ལགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། བོད་རིགས་ཁ་ཆེའི་སློབ་གྲྭ་དེར་འཛིན་རིམ་དང་པོ་ནས་བཅུ་པའི་བར་ཡོད་པ་དང་། དབྱིན་ཡིག་དང་ཨུར་ཏུའི་སྐད་ཡིག ཀ་ཤི་མིར་སྐད་ཡིག བོད་ཡིག་བཅས་སློབ་ཁྲིད་གནང་གི་ཡོད་འདུག འཛིན་རིམ་དང་པོ་ནས་བདུན་པའི་བར་བོད་ཡིག་སློབ་ཁྲིད་གནང་བཞིན་ཡོད་ཅིང་། དེར་སློབ་ཕྲུག་ ༧༥ དང་བོད་ཡིག་དགེ་རྒན་ ༡ བཅས་ཡོད་འདུག སྤྱིར་བོད་ཀྱི་སྐད་ཡིག་ནི་སྐད་ཡིག་གསུམ་པའི་ངོ་བོར་འཁྲིད་བཞིན་ཡོད་པ་དང་། སློབ་གྲྭ་ཁྱོན་ཡོངས་སུ་སློབ་ཕྲུག་ ༥༥༠ དང་། དགེ་ལས་གྲངས་ ༣༠ ཙམ་ཡོད་འདུག

༧གོང་ས་མཆོག་དེ་སྔོན་ཕྱི་ལོ་ ༡༩༧༥ དང་ ༡༩༨༨ ཐེངས་གཉིས་ལ་ཕེབས་ཡོད་པ་དང་། ད་ལོ་ ༢༠༡༢ ལོར་ཕེབས་པ་འདི་ནི་ཐེངས་གསུམ་པ་དེ་ཆགས་ཀྱི་ཡོད་འདུག

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

ཉན་ཞིབ་འཚོགས་བཞིན་པའི་རྣམ་པ། དཔལ་ལྡན་རྒྱལ་གྱི་པར།
Mobile App

རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་བརྗེད་མི་ཉན་པའི་ཐད་ཉན་ཞིབ་ཅིག་འཚོགས། 

སྐར་མ ༡༤ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠

མཆན། 2

  1. gyurmey says:
    ལོ་ 14 སྔོན།

    ཁྱེད་ཚོས་རང་ཉིད་ཀྱི་གོམས་གཤིས་རྣམས་རྒྱུན་མཐུད་ནས་མ་ཉམས་པར་སྲུང་སྐྱོབ་བྱེད་པར་དངོས་གནས་ཡག་པོ་རེད། དེ་ལྟར་མུ་མཐུད་ནས་བྱོས།

    Reply
  2. gyurmey says:
    ལོ་ 14 སྔོན།

    བོད་རིགས་ཁ་ཆེ་བ་ཚོར་བཀྲ་ཤིས་བདེ་ལེགས་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese