མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧམ་བཤད་མ་རེད་དཱ།

བོད་ཀྱི་དུས་བབ།
༢༠༡༢/༠༧/༢༠
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༥༦༡ སྟེང་གི་རྩོམ་སྒྲིག་པའི་གཏམ།

སྔོན་ཆད་བོད་ནང་གི་ཕ་མ་སྤུན་མཆེད་དང་དགའ་ཉེ་གྲོགས་པོ་ཚོར་འབྲེལ་བ་མཐུད་རྒྱུ་ལོ་བརྒྱའི་ནང་དུ་ལན་གཅིག་ཙམ་ཡིན། སྐབས་དེར་ཕན་ཚུན་སྒེར་གྱི་གནས་ཚུལ་དང་སེམས་གཏམ་བཤད་རེས་ཉན་རེས་ཀྱི་དུས་ཚོད་ཡག་ཤོས་དེ་ཡང་ཆགས་ཡོད། རིམ་གྱིས་བརྡ་འཕྲིན་བརྒྱུད་ལམ་ཇེ་བདེར་སོང་བ་དང་བསྟུན་ཏེ་བོད་ནང་ལ་འབྲེལ་གཏུག་ཀྱང་ཇེ་མང་དུ་ཕྱིན། བོད་ནང་འབྲེལ་གཏུག་ཇེ་མང་དང་མཉམ་དུ་སྒེར་དོན་ཁ་བརྡ་ཇེ་ཉུང་དང་སྤྱི་དོན་གླེང་མོལ་ཇེ་མང་ནས་ཇེ་ཟབ་ཏུ་ཕྱིན་སོང་། ཕར་ཕྱོགས་ལ་བཤད་རྒྱུ་དང་སྟོན་རྒྱུ་གཉིས་ཀ་འདུག་ལ། ཤོད་བཞིན་པའི་བོད་སྐད་ཀྱང་གཙང་མ་དག་མ་རེད། དེས་ང་ཚོ་ཕྱི་ལོགས་སུ་སྡོད་མཁན་ཚོ་ངོ་ཚ་ཁ་སྐྱེངས་བཟོས་པ་ཐེངས་གཅིག་མིན་ལ། མནར་གཅོད་འགྲམ་ལྕག་བཞུས་པའང་ཉུང་ཉུང་མིན།    

    ལྷག་པར་དུ་ན་ནིང་དང་ད་ལོར་ཁ་པར་དང་གློག་ཀླད་སོགས་ལས་བོད་ནང་གི་བོད་མི་ཚོར་ཁ་བརྡ་བྱེད་སྐབས། ང་ཚོར་དོགས་མ་བདེ་བ་དང་གསལ་བཤད་ལན་འདེབས་མ་རྙེད་པ། ཡང་ན་ཚིག་གཅིག་གཉིས་ཤིག་གིས་ར་སྤྲོད་གསལ་པོ་མི་ཆགས་པ་སོགས་ཀྱི་གདོང་ཐུག་ཡང་ཡང་རྒྱག་གི་འདུག ཁོང་ཅག་དང་ཁ་བརྡ་མགོ་བཙུགས་མ་ཐག ད་ལྟ་བོད་རྒྱའི་གནད་དོན་ག་འདྲ་ཆགས་ཡོད་པ་རེད། ཕྱི་སྡོད་བོད་མི་ཚོས་ཅི་ཞིག་བྱེད་ཀྱི་ཡོད། བཀའ་བློན་ཁྲི་པ་མཆོག་དང་བཙན་བྱོལ་བོད་གཞུང་གིས་ག་རེ་གནང་གི་འདུག་ཅེས་དྲིས་ཡོང་གི་འདུག འདི་བོད་ཕྱི་ལོགས་སུ་སྡོད་མཁན་ཚོར་མཚོན་ན་བོང་བུ་དར་ཐོག་ཏུ་འདེད་པ་དང་ཀུན་ནས་མཚུངས། མི་མང་ཚོགས་སར་རང་སྐྱོན་ངོས་ལེན་བྱེད་བཅུག་པ་དང་གཉིས་སུ་མེད།

    དྲི་བ་འདི་དག་མགོ་མ་འཚོས་པའི་སྐད་ཆ་མ་རེད་ལ། ཧམ་པ་ཆེ་དྲགས་པ་དེ་བས་ཀྱང་མ་རེད། དྲི་བ་འདི་དག་གི་རྒྱབ་ཏུ་ཁོང་ཅག་གིས་བོད་ཕྱི་ལོགས་སུ་འཆང་བའི་རེ་བ་ཞིག་དང་ཡིད་ཆེས་ཤིག་སྦེད་ཡོད། སེམས་ཤུགས་ཤིག་མཛའ་བརྩེ་ཞིག་སྐུང་ཡོད། གཞིས་སྲུང་སྤུན་ཟླའི་ཡིད་ཆེས་དང་སེམས་ཤུགས་འདི་ང་ཚོས་མུ་མཐུད་དུ་ཉར་ཐུབ་དགོས། འདི་ང་ཚོའི་རང་དབང་འཐབ་རྩོད་ཀྱི་སྟོབས་ཤུགས་ཡིན། འོན་ཀྱང་བོད་ཕྱི་ལོགས་ནས་མང་ཚོགས་ཀྱིས་མར་མེ་ཁྲོམ་སྐོར་རེ་དང་མཆོད་འབུལ་སྨོན་ལམ་རེ་བྱེད་པ་དང་། གཞུང་ཕྱོགས་ནས་གསར་འགོད་གསལ་བསྒྲགས་རེ་དང་ཕྱི་མིར་ཐུག་འཕྲད་རེ་བྱས་ཏེ། ཉི་མ་འཕུད་ཐབས་དང་མི་ཚེ་སྐྱེལ་ཐབས་བྱས་བསྡད་ན། རྩ་དོན་འཐབ་རྩོད་མདུན་སྐྱོད་མི་ཐུབ་ལ། གཞིས་སྲུང་སྤུན་ཟླའི་རེ་བ་ཡང་མི་འགྲུབ། 

            ཕྱི་ཕྱོགས་ན་ང་ཚོས་ནམ་རྒྱུན་འདི་འདྲ་ཞིག་ཤོད་ཀྱི་ཡོད། ང་ཚོ་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཡིན། རང་དབང་སླར་གསོའི་ཆེད་མིིའི་ལུང་པར་ཡོང་བ་ཡིན། ང་ཚོས་བོད་པའི་སྐད་ཡིག་རིག་གཞུང་ཉམས་གསོ་དང་གོང་སྤེལ་གཏོང་གི་ཡོད་ཟེར། མི་ལོ་ལྔ་བཅུ་འཁོར་པའི་བཙན་བྱོལ་ལོ་རྒྱུས་ལ་ཕྱི་མིག་ཅིག་ལྟོས་དང་། ང་ཚོར་རང་དབང་སླར་གསོའི་ཐོག་གྲུབ་འབྲས་ཅི་ཞིག་སྟོན་རྒྱུ་ཡོད། སྐད་ཡིག་རིག་གཞུང་གོང་སྤེལ་གྱི་མཚོན་དོན་གང་ཞིག་འཇོག་རྒྱུ་ཡོད། ཐ་ན་ཁ་སང་དེ་རིང་གི་རང་ལུས་མེར་བསྲེགས་ལས་འགུལ་ཐད་དུའང་ང་ཚོས་ཅི་ཞིག་སྒྲུབ་བཞིན་ཡོད། བརྡ་འཕྲིན་བརྒྱུད་ལམ་ད་དུང་ཉིན་རེ་བཞིན་སྟབས་ཇེ་བདེར་འགྲོ་ངེས་ཡིན། བོད་ཕྱི་ནང་གི་བར་ཐག་ཇེ་ཉེ་དང་བློ་ཐག་ཇེ་རིང་དུ་འགྲོ་ཉེན་འདུག སྒུག་ནས་སྡོད་དང་། བོད་ནས་མུ་མཐུད་དུ་གཅིག་ལས་གཅིག་ལྷག་གི་ཛ་དྲག་གི་གནས་ཚུལ་འུ་ཅག་གི་ཨམ་ཅོག་ནང་བརྫང་ནས་ཡོང་གི་རེད།

འབྲེལ་ཡོད་གསར་འགྱུར།

Mobile App

མགོ་ལོག་དར་ལག་རྫོང་ཐོག་ཏུ་མཉམ་ལས་ཁང་ཞིག་གསར་འཛུགས།

ཆུ་ཚོད་ ༡༤ སྔོན་ལ།
བོད་ནང་གི་དཔོན་རིགས་ཆེ་གྲས་བརྒྱད་ལ་ཞིབ་བཤེར་བྱེད་ཀྱིན་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༡༡།༣
Mobile App

བོད་ནང་གི་དཔོན་རིགས་ཆེ་གྲས་བརྒྱད་ལ་ཞིབ་བཤེར་བྱེད་ཀྱིན་འདུག

ཆུ་ཚོད་ ༡༥ སྔོན་ལ།
པར་རྒྱལ་ལོ་ལགས་ཀྱི་ངོ་དེབ་ལས་བླངས།
Mobile App

རྒྱ་ནག་གི་བྱེད་སྟངས་དེ་ལ་གདོང་ལེན་བྱ་བའི་ཆོད་སེམས་བརྟན་པོ་ཡོད་ཟེར།

ཆུ་ཚོད་ ༡༦ སྔོན་ལ།
པར་མིས་བཟོས་རིག་ནུས་ཀྱི་བཟོས།
Editorials

ད་ཕ་མ་ཚོའི་སྒང་ལ་བབས་འདུག

ཆུ་ཚོད་ ༡༦ སྔོན་ལ།
Advertisement for App

རྡོར་གདན་འདས་མཆོད་སྨོན་ལམ་ཆེན་མོ་སྐབས་༢༣ པའི་གསལ་བསྒྲགས།

༢༠༢༦/༡༡/༠༢
འབྲུག་དགེ་ལེགས་ཕུག་གི་མཆོད་རྟེན་བརྒྱ་དང་བརྒྱད། པར་ 108 Stupas ཞེས་པའི་ངོ་དེབ་ལས་བླངས།
Mobile App

འབྲུག་རྒྱལ་ཁབ་ཀྱིས་མཆོད་རྟེན་བརྒྱ་དང་བརྒྱད་བཞེངས།

༢༠༢༦/༡༡/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese