མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བུད་མེད་འཕྲོད་བསྟེན་ཟབ་སྦྱོང་།

བོད་ཀྱི་དུས་བབ།
༢༠༡༢/༠༧/༢༠
Share on FacebookShare on TwitterShare on EmailShare on Whatsapp

བོད་ནང་གི་སྲིན་མོ་བུད་མེད་དང་བྱིས་པའི་ཞབས་འདེགས་ཚོགས་པས། མདོ་སྨད་བླ་བྲང་བསང་ཆུང་རྫོང་དུ་བུད་མེད་ཀྱི་འཕྲོད་བསྟེན་རྒྱུན་ཤེས་སྐོར་ལ་ཟབ་སྦྱོང་དང་སྨན་སྦྱིན་གྱི་བྱ་འགུལ་སྤེལ་འདུག

ཉེ་ཆར་ནུབ་བྱང་མི་རིགས་སློབ་ཆེན་གྱི་རྒན་དཔལ་མོ་ལགས་གཙོས། སྲིན་མོ་བུད་མེད་དང་བྱིས་པའི་ཞབས་འདེགས་ཚོགས་པའི་ཚོགས་མི་བརྒྱད་ཀྱིས། ཉིན་གསུམ་ལྷག་གི་རིང་མདོ་སྨད་བསང་ཆུ་རྫོང་བསང་ཁོག་དང་རྒན་གྱ་ཡུལ་ཚོ་བཅས་ཀྱི་བུད་མེད་ ༡༠༠ ལྷག་ལ་མ་བུའི་བདེ་སྲུང་དང་། མངལ་ལྡན་མའི་སྤྱོད་ལམ་དང་ཟས་གོས་བསྟེན་ཚུལ་ཐད་ཀྱི་འཛེམ་བྱ། དུས་རྒྱུན་འཚོ་བའི་ཁྲོད་འབྱུང་སླ་བའི་མོ་ནད་ལ་ཇི་ལྟར་མཉམ་འཇོག་དང་གཙང་སྤྲ་བྱེད་ཚུལ། ཨེ་ཙི་སོགས་ཉེན་ཁ་ཆེ་བའི་མཚན་མའི་འགོས་ནད་སྣ་ཚོགས་ཀྱི་འབྱུང་རྐྱེན་དང་། འགོས་ནད་དེའི་རིགས་སྔོན་འགོག་བྱེད་ཐབས་བཅས་ཀྱི་འཕྲོད་བསྟེན་ཤེས་བྱའི་ཟབ་སྦྱོང་སྤྲད་ཡོད་པ་མ་ཟད།  རྒྱ་སྒོར་ ༢༥༠༠ ལྷག་གི་སྨན་དང་གྱོན་གོས་སོགས་མཁོ་སྤྲོད་གནང་ཡོད་འདུག

ཐེངས་འདིའི་ཟབ་སྦྱོང་དང་སྨན་སྦྱིན་གྱི་འགྲོ་སོང་མཐའ་དག མཚོ་སྔོན་གངས་ཅན་ཡུལ་སྐོར་ཀུང་ཟི་གཙོས་ལྷག་བསམ་ཅན་གྱི་བོད་མི་ཁག་ཅིག་གིས་ནར་གཏོར་བྱས་པ་ཡིན་འདུག་ལ།  ཟབ་སྦྱོང་འདིའི་མགོ་འཇུག་བར་གསུམ་དུ་བསང་ཆུ་རྫོང་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ས་གནས་དཔོན་རིགས། ལས་བྱེད་བཅས་ཀྱི་མཐུན་འགྱུར་རོགས་རམ་གནང་ཡོད་འདུག

སྲིན་མོ་བུད་མེད་དང་བྱིས་པའི་ཞབས་འདེགས་ཚོགས་པ་འདི་ནི། བོད་ཆོལ་ཁ་གསུམ་གྱི་བུད་མེད་ཁོ་ནས་གྲུབ་པའི་ཚོགས་པ་ཞིག་ཡིན་ཞིང་། ཚོགས་པ་འདིས་འདས་པའི་ལོ་ ༣ རིང་བོད་ཁུལ་གྱི་ས་གནས་མང་པོའི་ནང་གཞི་རིམ་རོང་འབྲོག་བུད་མེད་ཚོར་འཕྲོད་བསྟེན་རྒྱུན་ཤེས་སྐོར་གྱི་ཟབ་སྦྱོང་ཐེངས་མང་སྤྲད་དེ། བོད་པའི་བུད་མེད་ཚོར་རང་ལུས་བདེ་སྲུང་གི་འདུ་ཤེས་ཆགས་ཐབས་ལ་འབད་པ་བྱས་ཡོད་པ་མ་ཟད། སློབ་གྲྭར་འགྲོ་བཞིན་པའི་བྱིས་པ་༢༧ ལ་རོགས་སྐྱོར་སྦྱིན་བདག་ཐབས་འཚོལ་བྱས་ཏེ་སློབ་ཡོན་རོགས་རམ་བྱེད་བཞིན་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

རྩམ་པ་རང་གིས་བཟས་ནས་ལག་པ་གཞན་ལ་ཕྱིས།

ཆུ་ཚོད་ ༡༨ སྔོན་ལ།
Mobile App

རྒྱ་གཞུང་གིས་བཅའ་སྡོད་སློབ་གྲྭའི་ནང་བོད་ཕྲུག་ས་ཡ་གཅིག་བཅུགས་ཟིན་པ།

ཆུ་ཚོད་ ༢༠ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་བ་ཞིག་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་མཛད།

༢༠༢༣/༠༩/༣༠
Front Slider

འབུམ་རམས་པ་རྡོ་རྗེ་སྐྱབས་ལགས་སུ་བཅར་འདྲི།

༢༠༢༣/༠༩/༣༠
Baumgarten/Getty Images
Mobile App

རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་གསར་ཁང་མང་པོར་གནོན་ཤུགས་སྤྲོད་ཀྱིན་འདུག

༢༠༢༣/༠༩/༢༩
Mobile App

སྲིད་སྐྱོང་མཆོག་ནས་བོད་ཀྱི་བདེན་མཐའ་གསལ་ན་བོད་ཀྱིས་རྒྱ་དཀར་ནག་བར་གྱི་ཟམ་པ་ལྟ་བུ་བྱེད་ཐུབ་སྐོར་གསུངས།

༢༠༢༣/༠༩/༢༩

མཆན། 1

  1. མངའ་རིས་ཕོ་ཉ། says:
    ལོ་ 11 སྔོན།

    ལས་འགུལ་དེ་རིགས་རྒྱབ་སྐྱོར་དང་རྒྱུན་སྐྱོང་ཡག་པོ་ཡོང་བའི་སྨོན་འདུན་ཡོད་ལྷག་པར་དུ་བོད་ནང་སྲིན་བུ་འཁྲུག་པའི་ནད་གཞི་སྐོར་ལ་གོ་རྟོགས་ངེས་པར་དུ་སྤེལ་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist