མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་དཔོན་བསྐོ་འཐེན་གྱི་འགྱུར་ལྡོག

བོད་ཀྱི་དུས་བབ།
༢༠༡༢/༠༧/༢༠
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་ལིས་ཀྲན་ཧྲུའུ་ལས་གནས་གཞན་དུ་གཏོང་རྒྱུ་ཡིན་པ་བསྒྲགས་ཏེ་ལས་མཚམས་བཞག་ཡོད་ལ། དེ་ནི་ཧུའུ་ཞིས་གཉིས་ཀྱི་ཕྱོགས་མཐུན་མི་སྣ་བསྐོ་འཐེན་གྱི་འགག་རྩ་ཞིག་ཆགས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་རྒྱ་ནག་ཀུའེ་ཀྲིག་ཞིང་ཆེན་གྱིས་ཚོགས་འདུ་ཞིག་བསྐངས་ཏེ།   ཚོགས་ཐོག་ཏུ་རྒྱ་ནག་དབུས་གཞུང་གི་ཐག་གཅོད་ལྟར། ལིས་ཀྲན་ཧྲུའུ་ཡིས་ད་ལྟའི་ཀུའེ་ཀྲིག་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་དང་རྒྱུན་ལས། འཐུས་མི་བཅས་ཀྱི་ལས་འཁུར་མཚམས་བཞག་སྟེ།  ལས་གནས་གཞན་པར་གོ་སྒྲིག་བྱ་རྒྱུ་ཡིན་པ་བསྒྲགས་འདུག 

མིང་གསལ་འདོན་བྱས་མེད་པའི་འབྲེལ་ཡོད་མི་སྣ་གཉིས་ཀྱིས་རོའུ་ཌིར་གསར་ཁང་ལ་བརྗོད་པ་ལྟར་ན། ད་ལྟ་ལོ་ ༦༡ ཡིན་པའི་ལིས་ཀྲན་ཧྲུའུ་ནི་རྒྱ་ནག་དབུས་གཞུང་སྒྲུབ་ཁང་གི་དྲུང་ཆེར་བསྐོ་འཆར་ཡིན་འདུག ཡང་འབྲེལ་ཡོད་མི་སྣ་ཁག་གིས་ལིས་ཀྲན་ཧྲུའུ་རྒྱ་གཞུང་དབུས་རྩ་འཛུགས་སྡེ་ཁག་གི་མགོ་གཙོར་བསྐོ་འཆར་ཡིན་པ་དང་། རྩ་འཛུགས་སྡེ་ཁག་ནི་རྒྱ་གཞུང་དཔོན་རིགས་བསྐོ་འཐེན་ཐད་སྟངས་འཛིན་གྱི་དབང་ཤུགས་ཡོད་པའི་འགག་རྩའི་ལས་གནས་ཤིག་ཆགས་ཡོད་པར་བརྗོད།

རྒྱ་གཞུང་སྐབས་བཅོ་བརྒྱད་པའི་ཚོགས་ཆེན་སྔོན་གྱི་ས་གནས་ཞིང་ཆེན་ ༢༣ དང་། རང་སྐྱོང་ལྗོངས་ ༥ ། ཐད་གཏོགས་གྲོང་ཁྱེར་ ༤ བཅས་ཀྱི་མཐོ་རིམ་དཔོན་རིགས་བསྐོ་འཐེན་གྱི་ལས་གཞི་དེ། འདས་པའི་ཟླ་ ༩ ལྷག་གི་དུས་ཡུན་རིང་ནང་ཁུལ་འདེམས་སྒྲིག་བྱས་ཏེ། ཉེ་ཆར་ཕྱི་ཟླ་ ༧ ཚེས་ ༣ ཉིན་མཇུག་བསྡུས་ཡོད་པ་རེད།

སྲིད་དོན་དབྱེ་ཞིབ་པ་དག་གིས་ལིས་ཀྲན་ཧྲུའུ་ནི་ཧུའུ་ཅིན་ཐའོ་དང་ཞིས་ཅིན་ཕེན་གཉིས་ལ་འབྲེལ་བ་ལེགས་པོ་ཡོད་སྟབས། ཧུའུ་ཞིས་ཤོག་ཁག་གཉིས་ཀྱིས་དང་ལེན་བྱེད་བདེ་བའི་མི་སྣ་ཞིག་ཆགས་ཡོད་པ་དང་། གནས་ཚུལ་འདིའི་རྒྱབ་ལྗོངས་གཙོ་བོ་ནི་ཧུའུ་ཡི་གཙོ་འཁོར་དུ་གླེང་བཞིན་པའི་ཅིན་ཅིས་ཧྭ་སྐབས་རྗེས་མའི་རྒྱུན་ལས་ཁྲོད་འགྲོ་ཐུབ་མིན་དེ་ཡིན་ལ། ཉེ་སྔོན་གསར་ལམ་ཁག་ཏུ་ཅིན་དང་པའོ། ཀྲུའུ་གསུམ་ལྐོག་འབྲེལ་ཡོད་པའི་གནས་ཚུལ་ཕྱིར་ཁྱབ་པ་དེས། དོན་གྱིས་ཅིན་ཅིས་ཧྭ་ཡི་ད་ལྟའི་དབང་ཤུགས་དང་། སྐབས་རྗེས་མིའི་རྒྱ་གཞུང་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་ཁྲོད་ཁོ་སླེབས་སྲིད་པའི་རྣམ་འགྱུར་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་འདུག

ལོ་སྔོན་མའི་ཕྱི་ཟླ་ ༡ ཚེས་ ༡༧ ཉིན་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་རྒྱ་དྲ་བའི་སྟེང་། ཟླ་དེའི་ཕྱི་ཚེས་ ༡༣ ཉིན་ཀུའེ་ཀྲིག་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་ལིས་ཀྲན་ཧྲུའུ་ཡིས་དགུན་འཁྱག་གི་གྲང་ངར་ཁྲོད། ཡུན་ནན་དང་ཀུའེ་ཀྲིག་མཐའ་མཚམས་ཝུན་མཱན་རི་ཁུལ་དུ་ཡོད་པའི་དབུལ་ཕུངས་གྲོང་ཚོ་ཡཱིས་ནཱ་རུ་བསྐྱོད་དེ། ཉིན་གཉིས་རིང་ཞིང་དབུལ་ཁྱིམ་ཚང་དུ་ཞག་སྡོད་དང་ཞིང་གྲོང་མང་ཚོགས་ཀྱི་ཟ་མ་ཟས་ཤིང་། དབུལ་ཕུངས་མི་མང་གི་འཚོ་བར་རྒྱུས་ལོན་བྱས་སྐོར་གྱི་དྲ་ངོས་ཤོག་གྲངས་ ༡༠ ཅན་གྱི་དམིགས་བསལ་གསར་འགྱུར་རྒྱས་པ་ཞིག་སྤེལ་ཏེ། ལིས་ཀྲན་ཧྲུའུ་མི་མང་ཁྲོད་དྲིལ་བསྒྲགས་ཡོང་ཐབས་བྱས་མྱོང་ཡོད་པ་རེད།

ད་ཡོད་རྒྱ་གཞུང་དབུས་དམར་ཤོག་འཐུས་མི་དང་རྗེས་སྣོན་འཐུས་མི་ཁྱོན་བསྡོམས་ ༣༥༠ ཡོད་པའི་ནང་ནས། འཐུས་མི་ ༢༠༠ ལྷག་རྒན་ཡོལ་འགྲོ་དགོས་ལ།  དབུས་ཆབ་སྲིད་ལྷན་ཁང་གི་དམར་ཤོག་འཐུས་མི་ ༢༥ ཁྲོད་ནས་མི་ ༡༧ སྐབས་བཅོ་བརྒྱད་པའི་ཚོགས་ཆེན་སྔོན་དུ་རྒན་ཡོལ་བྱ་དགོས་པ་མ་ཟད། སྐབས་རྗེས་མའི་རྒྱ་གཞུང་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་གྲས་སུ།  ད་ཡོད་རྒྱུན་ལས་ཞིས་ཅིན་ཕེན་དང་ལི་ཁི་ཆང་གཉིས་མ་གཏོགས་གཞན་ཚང་མ་རྒན་ཡོལ་འགྲོ་དགོས་པ་ཆགས་ཡོད།  

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Volker Türk, High Commissioner for Human Rights, welcomes the journalist at the Palais Wilson. 17 October 2022. UN photo by Violaine Martin
Mobile App

གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྩིས་མེད་གཏོང་བའི་སྲིད་ཇུས་རྣམས་མཚམས་འཇོག་དགོས་པ་ནན་བརྗོད་གནང་།

སྐར་མ ༤༨ སྔོན་ལ།
མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས། དྲ་ལམ་གྱི་པར། ༢༠༢༦།༦།༡༨
Mobile App

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༠ སྔོན་ལ།
རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༦/༢༢
ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩

མཆན། 3

  1. འདབ་པ་ཚེ་དབང་མགོན་པོ། says:
    ལོ་ 14 སྔོན།

    དེ་རིང་ཁ་སང་དྲ་ངོས་གང་སར་རྒྱ་དཔོན་མཐོ་རིམ་མི་སྣ་ཚོ་ནང་འཁྲུགས་བྱུང་ན་བོད་ཀྱི་གནད་དོན་དེ། སྐྱ་རེངས་ཀྱི་དུས་བཟང་ཞིག་ཤར་ནས་རྣམ་ལྡན་གྱི་སྐྱེ་བོ་མཐའ་དག་མུན་པའི་གནས་ལས་ཐར་བར་འདོད་མཁན་ཤ་སྟག་ཏུ་སྣང་། དེ་ནི་འབོད་མེད་ལྷུན་གྱིས་གྲུབ་པའི་དགོས་འདུན་ཞིག་དང་། རོ་མྱོང་མི་ཐུབ་པའི་གཡུར་ཟའི་འབྲས་བུ་ཞིག་ཡིན་པ་སོམ་ཉི་ཅི་ཡོད། མ་ཟད་མཐོ་རྒྱལ་ཁབ་ཆེན་པོ་ཨ་རི་དང་། དམའ་གཉོམ་ཆུང་དུ་གནས་པའི་བོད་མི་གཙོས་པའི། རང་དབང་ལ་དགའ་བའི་མི་རིགས་མཐའ་དག་གི་རེ་འདུན་ཡང་དེ་ཉིད་ཡིན། འདིའི་མིག་དཔེ་གཟས་ས་ནི་དེ་སྔོན་ཨུ་རུ་སུའི་འཕོ་འགྱུར་ལ་བལྟས་ནས་མི་རྣམས་ཀྱིས་རེ་བསྒུག་བྱེད་བཞིན་ཡོད། འོན་ཀྱང་དོན་ངོ་མ་བསམས་ན་ནི་ཁག་པོ་ཞིག་རེད། ནམ་ཞིག་རྒྱ་ནག་འདི་ནང་འཁྲུག་བྱུང་ནའང་བོད་ལ་ཕན་པའི་རྒྱལ་ཁབ་ཅིག་གྱུར་རྒྱུ་སྟེ་དེ་བས་ཁག་ཙམ་ཡིན། དེ་སྔོན་མན་ཇུའི་རྒྱལ་རབས་སྟེ་སུན་ཙོམ་ཧྲིན་གྱིས་མགོ་སྟེང་བསློགས་ནས་མི་སེར་གྱི་རྒྱལ་ཁབ་དེ་བཙུགས་པ་རེད། རྗེས་སུ་མི་སེར་རྒྱལ་ཁབ་ནང་ལ་འཕོ་འགྱུར་ཕྱིན་སྐབས་མན་ཇུའི་མི་རིགས་ལ་ཕན་ཐོགས་གང་ཡང་བྱུང་མེད། ཡང་ན་མང་གཙོ་ཆགས་ན་ཕན་ཐོགས་ཡོད་ཅེས་བརྗོད་ན། དེ་སྔོན་སྐབས་སུ་རྒྱ་གར་གྱི་མངའ་སྡེའི་ནང་གསེས་པཱ་འཇའ་ཕིས་རང་བཙན་དགོས་ཟེར་ཏེ་ངོ་རྒོལ་དང་འཐབ་རྩོད་བྱས་པ་རེད། སྐབས་དེར་རྒྱ་གར་གྱི་སྲིད་འཛིན་ཨིན་ཌ་གྷན་དི་རེད། མོས་དམག་མི་བཏང་པའི་ལོ་རྒྱུས་ཚབས་ཆེན་ཡོད་པ་ལས་པཱ་འཇའ་ཕིར་ཕན་ཐོགས་དང་རྒྱལ་ཁ་ཐོབ་པའི་ལོ་རྒྱུས་གང་ཡང་བྱུང་མེད། རྒྱ་གར་འདི། དེའི་སྐབས་སུ་ནས་མང་གཙོ་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད་རང་ཉིད་རང་བཙན་ཐོབ་པའི་མི་རིགས་ཤིག་ཡིན། ཡང་ན་རྒྱ་ནག་འདི་མང་གཙོ་འགྱུར་ཚེ་འགྲོ་བ་མིའི་ཐོབ་ཐང་དང་ཧྭམ་གྱི་མི་རིགས་འདྲ་མཉམ་སོགས་གྱུར་ཏེ། བོད་མི་རྣམས་ལ་དཀའ་ངལ་མེད་པར་ཆགས་རྒྱུ་རེད་ཅེས་བརྗོད་ན་དེ་བས་ངེས་པ་མེད། རྒྱ་གར་ནང་དུ་ལ་དྭགས་ཀྱི་མི་རིགས་དང་། ཁྱི་ཤའི་མི་རིགས་དག་ལ་ཕན་ཐོགས་ཇི་ཙམ་ཡོད་པ་ང་ཚོས་མཐོང་གསལ་ཡིན། མ་ཟད་ཨ་རིའི་གདོད་མའི་མི་སེར་དེ་གནའ་དུས་ནས་ཡུལ་མི་ཡིན་ནའང་དེ་ཙམ་གྱི་ཕན་ཐོགས་དང་ཁེ་བཟང་ཡོད་པ་མཐོང་ཨེ་སོང་། རྒྱ་གར་དང་ཨ་རི་གཉིས་ཀ་མང་གཙོའི་རྒྱལ་ཁབ་ཅིག་རེད། དེས་ན་ང་ཚོའི་མི་རིགས་འདི་ནི་ཆེས་དུས་ཡིན་གང་འཚམ་ནས་རྗེས་ལུས་སུ་ཐེབས་སྟབས་ད་ཆར་གང་འདྲ་བྱས་ན་ཡང་ནུས་པ་ཐོན་རྒྱུ་ཁག་པོ་ཡིན། ཡིན་ནའང་ངས་ལྷག་བསམ་མེད་པར་ཁ་ནང་གང་དྲན་ཞིག་བཤད་པ་རེད་ཅིག་སོམས་ཤིག མ་ཟད་ངས་ཆེས་མཐའ་མའི་སྐད་ཆ་ཞིག་བཤད་ན་ང་ཚོར་དགོས་པ་སློབ་སྦྱོང་དེ་རེད། འདི་ང་ཚོ་བསླུ་མི་ཡོང་ལ། ད་ལྟའི་ཆར་འདི་ལས་ལྷག་པ་ཞིག་ཡེ་ནས་མ་མཐོང་སོང་། ང་ཚོས་རྒྱ་ནག་གི་འཕོ་འགྱུར་རྐྱང་རྐྱང་བསྒུགས་ཏེ་བསྡད་ན་ཉིན་ཞིག་གང་ཡང་སླེབ་མཁན་མེད་པར་ཁེ་རྐྱང་དུ་ལྷག་སྲིད།

    Reply
  2. ཐོ་རེངས། says:
    ལོ་ 14 སྔོན།

    ཧ་ཧ་ མངའ་རིས་ཕོ་ཉ་ལགས་ཀྱི་གསུངས་ནང་བཞིན་ཡིན་སྲིད་པ་རེད།

    Reply
  3. མངའ་རིས་ཕོ་ཉ། says:
    ལོ་ 14 སྔོན།

    རྒྱ་དཔོན་ནང་འཁྲུག་བྱུང་ན་༼བཀང་ཐང་ལས་༽བལ་ཡུལ་རྒྱ་རྫོང་རྣམས་སུ་འཁྲུག་པར་བྱེད། བོད་ལ་སྐྱིད་པའི་ཉི་མ་ཅུང་ཟད་འཆར། སྤྱོད་ངན་རང་གི་བྱས་ནས་དུས་ངན་ཟེར། དུས་ནི་མི་འགྱུར་མི་རྣམས་འགྱུར་བ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese