མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སུའུ་ཀེ་ལ་ཨ་རིའི་གསེར་གྱི་རྟགས་མ་འབུལ་འཆར།

བོད་ཀྱི་དུས་བབ།
༢༠༡༢/༠༧/༢༡
Share on FacebookShare on TwitterShare on EmailShare on Whatsapp

འབར་མའི་དམངས་གཙོ་དོན་གཉེར་བ་ལྕམ་ཨང་སན་སུའུ་ཀེ་ཨ་རིར་མགྲོན་འབོད་བྱས་ཡོད་པ་མ་ཟད། ཁོ་མོར་ཨ་རིའི་གྲོས་ཚོགས་གསེར་གྱི་རྟགས་མའི་གཟེངས་རྟགས་མཐོ་ཤོས་དེ་འབུལ་རྒྱུ་ཡིན་འདུག

ཉེ་ཆར་ཨ་རིས་འབར་མའི་དམངས་གཙོ་དོན་གཉེར་པ་ལྕམ་ཨང་སན་སུའུ་ཀེ་ཨ་རིར་གཟིགས་སྐོར་དུ་མགྲོན་འབོད་བྱས་ཡོད་པ་ལྟར། ལྕམ་ཨང་སན་སུའི་ཀེ་འབྱུང་འགྱུར་ཕྱི་ཟླ་ ༩ ནང་ཨ་རིར་གཟིགས་སྐོར་དུ་འགྲོ་གཏན་འཁེལ་ཡོད་འདུག་ལ།  སྐབས་དེར་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེགས་རྟགས་ (the Congressional Gold Medal) དེ་ཁོང་མོར་འབུལ་འཆར་ཡོད་པ་མ་ཟད། ཨ་རིའི་ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་ཨ་ཊི་ལན་ཊེཀ་ལྷན་ཚོགས་(Atlantic Council) ཀྱིས་ཀྱང་ཁོང་ལ་འཛམ་གླིང་མི་སེར་(Global Citizen) གཟེངས་རྟགས་ཞེས་པ་དེ་འབུལ་རྒྱུ་ཡིན་འདུག

ཨ་རིའི་གྲོས་ཚོགས་གསེར་གྱི་རྟགས་མ་ནི་ཨ་རིའི་ནང་གི་ཆེ་བསྟོད་གཟེངས་རྟགས་ཚད་མཐོ་ཤོས་དེ་ཡིན་པ་དང་། ༢༠༠༨ ལོར་ཨ་རིའི་གྲོས་ཚོགས་ནང་རྟགས་མ་དེ་ལྕམ་ཨང་སན་སུའུ་ཀེ་ལ་འབུད་རྒྱུའི་ཐག་གཅོད་བྱུང་ཡོད་ཀྱང་། སྐབས་དེར་ཁོ་མོ་བཟང་བཙོན་དུ་བཅུག་ཡོད་སྟབས་རྟགས་མ་ལེན་ཐུབ་མེད་པ་དང་། ཐེངས་འདི་ནི་ལྕམ་ཨང་སན་སུའུ་ཀེ་ལོ་ ༢༠ རྗེས་སུ་ཐེངས་དང་པོར་ཨ་རིར་ཕྱོགས་སྐྱོད་བྱེད་ཀྱི་ཡོད་ཅིང་། སྐབས་དེར་དངོས་སུ་ཁོ་མོར་ཨ་རིའི་གྲོས་ཚོགས་གསེར་གྱི་རྟགས་མ་དེ་འབུལ་འཆར་ཡིན་འདུག

ཐེངས་སྔོན་མའི་ཨ་རིའི་གྲོས་ཚོགས་གསེར་གྱི་རྟགས་མ་དེ་ ༢༠༠༧ ལོར་༧གོང་ས་མཆོག་ལ་ཕུལ་ཡོད་པ་རེད། ཉེ་ཆར་ལྕམ་ཨང་སན་སུའུ་ཀེ་ཉིན་ ༡༧ རིང་ཡུ་རོབ་ཁུལ་དུ་ཕྱོགས་སྐྱོད་གཟིགས་སྐོར་དུ་ཕྱིན་སྐབས། དེ་སྔོན་ཁོ་མོར་ ༡༩༩༡ ལོའི་འཛམ་གླིང་ཞི་བདེ་གཟེངས་རྟགས་ཐོབ་པ་དེ་ནོར་ཝའི་རྒྱལ་ས་ཨོ་སོ་ལོ་ནས་དངོས་སུ་འབུལ་བཞེས་གནང་ཡོད་པ་རེད།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༧ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༨ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༡༢ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 2

  1. ཡུལ་གྱར་བ། says:
    ལོ་ 14 སྔོན།

    ཤར་ཁུག་ལག་ཏང་ཡོན་ཞིག་ཏུ་སོང་། ཨ་རིའི་ལངས་ཕྱོགས་དང་སྐུ་ངལ་དག་ངོས་འཛིན་དང་བསམ་ཤེས་ག་ལ་ཐུབ། ཨ་རིས་ལུང་པ་གཅིག་གིས་འཛམ་གླིང་མགོ་རྟིང་ག་ལ་བརྒྱུར་ཐུབ། ཨང་སང་སུ་ཀེ་བཙོན་དུ་ཚུད་པ་ནས་ཨ་རིས་ཐབས་ཤེས་ཡོད་དགུ་སྟོན་ཡོད་ཀྱང་རྒྱ་འདྲེ་གུང་ཁྲན་གྱི་རྒྱབ་སྐྱོར་དང་ཐང་སིན་དམར་པོའི་སྲིད་གཞུང་སྡུག་རྩུབ་ཅན་གཉིས་ཀྱི་འོག་ནས་ལས་སླ་བོས་གྲུབ་འགྲུབ་མ་བྱུང་ཡང་ད་ལྟ་སུ་ཀེ་མཛུམ་མུལ་མུལ་གྱིས་འཛམ་གླིང་འདིར་གདོང་མདོག་གསར་པ་ཞིག་སྟོན་རྒྱུ་བྱུང་བ་འདི་མོ་རང་གིས་སྙིང་སྟོབས་ཆེན་པོས་རྩོད་ལེན་དང་ཨ་རི་གཙོས་ནུབ་ཕྱོགས་ཡུལ་གྲུས་རྒྱབ་སྐྱོར་ལ་བརྟེན་ནས་བྱུང་བ་གསལ་བཞིན་དུ་ཁྱེད་ཉོབ་བཞིན་པ་འདིས་ཅི་ཞིག་མཚོན་ནམ། སྐར་ལྔའི་དར་དམར་ལ་དོ་ཕོག་ཅུང་ཟད་ཐེབ་པས་ལོས་ཡིན། ཕྱི་ནས་རྒྱ་དམར་དམར་པོས་རྩུབ་སྤྱོད་ཀྱིས་བཅོམ་ཞིང་། །ནང་ནས་ཁུག་རྟས་མཐུན་སྒྲིལ་གཏོར་གཤིགས་ལ་བྲེལ་བས། །ཁ་བ་བོད་པ་ཚང་གི་ལས་དབང་ལ་བསམ་ན། །རྒྱལ་གཅེས་དཔའ་བོའི་རེ་འདུན་ཇི་འདྲས་སེ་སྒྲུབ་ཐུབ། སྐྱོ་བ་ལ།

    Reply
  2. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    མིའི་དཀའ་ལས་རྒྱབ་ནས་གནས་ཚད་ཚད་ངེས་ཅན་དུ་སླེབས་ཡོད་སྐབས། ཨ་རི་གཞུང་གིས་སོ་སོའི་གཞུང་དེ་ཞེ་དྲག་དྲང་བདེན་ཞི་བདེར་དགའ་བ། གཉོམ་ཆུང་མཐའ་ནས་སྐྱོར་མཁན། བཙན་པོ་གཉའ་ནས་ནོན་མཁན་ཡིན་མདོག་མདོག་ཙམ་དུ་མ་ཟད། འཛམ་གླིང་རྒྱལ་ཁབ་ཚང་མའི་བདེ་དོན་ལ་ལྟ་རྟོགས་བྱ་མཁན་ཞིག་ཡིན་བསམས་པ་འདི་དག་ནི་ཞིབ་ཏུ་བསམ་བློ་བཏང་ན། སྣང་བ་འགྲོ་བོ་ཞིག་མ་རེད།

    ལས་འབྲས་དང་ཡག་བཙོག བཟང་ངན། མཛངས་བླུན་ཟེར་བ་སོགས་ཀྱང་ཁེ་ཕན་རིང་ལུགས་ཀྱི་རྒྱ་རུ་ཚུད་པ་ལྟ་བུའི་ཚོར་བ་ཞིག་སྟེར་གྱི་འདུག་པས། སྟོབས་ཆེན་འདི་ཚོས་མི་རིགས་ཉམས་ཆུང་རྣམས་གསོད་པ་དང་གཉོར་རྒྱུ་ཟེར་བ་དེ་བཤད་ཚོད་མི་ཐིག་པ་ཞིག་མ་རེད་དམ། ཡ་མཚན།

    ཁ་སང་ཕྱི་སྲིད་བློན་ཆེན་ལྕམ་སུང་ལ་འཐམས་ནས་ཞེ་དྲག་བརྩེ་བ་སྟོན་གྱི་འདུག འཛམ་བུ་གླིང་འདི་ལ་ཉོབ་ཉོབ་ཅིག གཞན་སུ་གང་ལའང་ཉོབ་ས་མ་རེད།

    འབྱོར་ཚེ་ཉེ་བའི་ས་ནས་ཉེ་སེམས་ཀྱིས་སྐྱོང་ཞིང།།
    རྒུད་ཚེ་བྲག་ཁུང་སྦུག་ནས་ཚོར་མེད་ཀྱིས་སྡོད་པའི།།
    སྐྲ་སེར་སྤྲེའུའི་རིགས་ཀྱི་བྱེད་སྟངས་ལ་བསམས་ན།།
    འབར་མ་བོད་པ་ལ་སོགས་སྙིང་རྗེ་ཡི་ཡུལ་རེད།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese