མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡིག་སྒྱུར་ཡག་པོ་ཡོད་མཁན་ཚོར་གཞུང་སྒེར་ཚང་མས་རོགས་རམ་བྱོས།

བོད་ཀྱི་དུས་བབ།
༢༠༡༢/༠༧/༢༧
Share on FacebookShare on TwitterShare on EmailShare on Whatsapp


ངྷ་ས་བོད་ཀྱི་དཔེ་མཛོད་ཁང་གིས་འདས་པའི་ལོ་ངོ་ ༧ ཙམ་རིང་། བོད་རིཊ་མཐོ་རིམ་སློབ་མ་གཙོས་ཡིག་སྒྱུར་ལས་ཀར་དོ་སྣང་ཡོད་མཁན་ ༢༡༠ ཙམ་ལ་ཡིག་སྒྱུར་ཟབ་སྦྱོང་སྤྲད་ཡོད་འདུག་ལ། ཟབ་སྦྱོང་ལས་གཞི་དེ་བོད་མིའི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་ནུབ་ཕྱོཊ་རིག་གསར་ནང་འདྲེན་ཆེད་ཡིན་འདུག

ལོ་ལྟར་ངྷ་ས་བོད་ཀྱི་དཔེ་མཛོད་ཁང་གིས་བཙན་བྱོལ་བོད་རིཊ་མཐོ་རིམ་སློབ་མ་གཙོས་དོན་གཉེར་ཅན་ ༣༠ རེ་ལ་བཞུཊ་སྒར་དུ་དུས་ཡུན་ཟླ་ངོ་གསུམ་ཙམ་རིང་། ཡིག་སྒྱུར་དང་འབྲེལ་བའི་ཐོག་ཟབ་སྦྱོང་ཞིག་གོ་སྒྲིག་ཞུ་བཞིན་ཡོད་ཅིང་། ད་ལོ་ནི་ཡིག་སྒྱུར་ཟབ་སྦྱོང་ཐེངས་བདུན་པ་དེ་ཆགས་ཡོད་འདུག འདི་ལོའི་ཟབ་སྦྱོང་དེ་ཕྱི་ཟླ་ ༧ ཚེས་ ༢ ཉིན་ནས་ཕྱི་ཟླ་ ༩ ཚེས་ ༢༨ བར་གངས་སྐྱིད་དཔེ་མཛོད་ཚོཊ་ཁང་དུ་འཚོཊ་བཞིན་ཡོད་པ་དང་། ཐེངས་འདིའི་ཟབ་སྦྱོང་སྐབས་བོད་ཀྱི་དཔེ་མཛོད་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་གཙོས། ཡིག་སྒྱུར་བ་བསྟན་འཛིན་ཚེ་དཔག་དང་ཆུང་ཚེ་རིང་། དགེ་བཤེས་བློ་བཟང་བརྩོན་འགྲུས། ན་ག་སངས་རྒྱས་བསྟན་དར། ལྕམ་ལིན་ཌ་ (Ms. Linda)།  བསྟན་འཛིན་སྨོན་ལམ་ལཊ་བཅས་ཀྱིས། ནང་པའི་ལྟ་གྲུབ་དང་ཡིག་སྒྱུར། བོད་ཡིག དབྱིན་ཡིག་སོཊ་བསླབ་གཞི་འདྲ་མིན་ཐོག་ཟབ་ཁྲིད་གནང་བཞིན་ཡོད་འདུག

བོད་ཀྱི་དཔེ་མཛོད་ཁང་གིས་གོ་སྒྲིག་ཞུ་བཞིན་པའི་ཡིག་སྒྱུར་ཟབ་སྦྱོང་ལས་གཞི་དེ་ནི། དཔེ་མཛོད་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་སྣེ་ཁྲིད་འོག་ ༢༠༠༦ ལོར་ཐོག་མར་གསར་འཛུཊ་གནང་བ་ཞིག་དང་། ལས་གཞི་དེའི་དམིཊ་ཡུལ་གཙོ་བོ་བོད་ཀྱི་ཐུན་མོང་མིན་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་། དེང་དུས་ཚན་རིག་དང་བཟོ་ལས་རིག་རྩལ་སློབ་སྦྱོང་བྱས་ཏེ་བོད་ཀྱི་ཤེས་ཡོན་གནས་སྟངས་ཡར་རྒྱས་གཏོང་ཆེད་དུ་ཡིན་འདུག

ཡིག་སྒྱུར་ཟབ་སྦྱོང་གི་ལས་གཞི་དེའི་ཐད་དཔེ་མཛོད་འགན་འཛིན་དགེ་བཤེས་ལྷག་རྡོར་ལཊ་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། ཡིག་སྒྱུར་ཟབ་སྦྱོང་དེ་ནི་འདས་པའི་ལོ་མང་རིང་༸གོང་ས་མཆོག་གིས་གསུང་སྒྱུར་ཞུས་པའི་ཉམས་མྱོང་ལས་བསླབ་བྱ་བླངས་ཏེ་མགོ་འཛུཊ་གནང་བ་ཞིག་དང་། ཟབ་སྦྱོང་དེ་ནི་བོད་པའི་སྤྱི་ཚོཊ་ཁྲོད་ཀྱི་གཞོན་སྐྱེས་ཚོར་ཡིག་སྒྱུར་ལས་རིཊ་ཐོག་དོ་སྣང་ཡོང་ཐབས་དང་། ཡིག་སྒྱུར་གཙོས་ནང་པའི་ལྟ་གྲུབ་དང་བོད་ཡིག དབྱིན་ཡིག་བཅས་ཁྲིད་སྤེལ་བྱ་རྒྱུར་དམིཊ་པ་ཞིག་ལས་ལོ་ཙཱ་བ་སྐྱེད་སྲིང་བྱ་རྒྱུའི་དོན་དུ་མིན་སྐོར་བརྗོད་སོང་།

དགེ་བཤེས་ལྷག་རྡོར་ལགས་ཀྱིས་མུ་མཐུད་བརྗོད་ན། བོད་ཀྱི་དཔེ་མཛོད་ཁང་གིས་འདས་པའི་མི་ལོ་ ༧ ཙམ་རིང་བཙན་བྱོལ་བོད་རིཊ་མཐོ་རིམ་སློབ་མ་དང་། དགོན་སྡེ་ཁག་དང་ཚོཊ་པ་ཁག་གི་སློབ་མ། ལག་འཁྱེར་མེད་ཀྱང་ཤེས་ཚད་ཡོད་པའི་མི་སྒེར་བ། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིཊ་དང་ཕྱི་རྒྱལ་བ་བཅས་ཁྱོན་མི་ ༢༡༠ ཙམ་ལ་ཡིག་སྒྱུར་སྐོར་གྱི་ཟབ་སྦྱོང་སྤྲད་ཡོད་ཅིང་། དེ་དག་ཁྲོད་དབུས་བོད་མིའི་སྒྲིག་འཛུཊ་ཀྱི་ལས་ཁུངས་ཁག་དང་བོད་ཀྱི་དཔེ་མཛོད་ཁང་གཙོས། གཞུང་འབྲེལ་མིན་པའི་ཚོཊ་པ་ཁག་ཏུ་ཡིག་སྒྱུར་ལས་དོན་ཐོག་སྲི་ཞུ་སྒྲུབ་མཁན་གང་འཚམ་བྱུང་ཡོད་ལ། དཔེ་མཛོད་འཛིན་སྐྱོང་ཚན་པས་ཡིག་སྒྱུར་ཟབ་སྦྱོང་ནང་ཞུཊ་པའི་སློབ་མ་རྩེ་གྲས་ཁག་ཅིག་ལ་སྐབས་བསྟུན་ཡིག་སྒྱུར་ཀྱི་ལས་ཀ་གོ་སྒྲིག་དང་། ཁོང་ཚོའི་བོད་བསྒྱུར་ཞུས་པའི་བརྩམས་ཆོས་ཁག་པར་སྐྲུན་འགྲེམས་སྤེལ་ཞུ་བཞིན་ཡོད་འདུག

དཔེ་མཛོད་ཁང་གི་ཡིག་སྒྱུར་ཟབ་སྦྱོང་ལས་འཆར་དང་ཟབ་ཞུཊ་སློབ་མ་འདེམས་སྒྲུག་གནང་ཕྱོཊ་ཡིག་ཆའི་ནང་འཁོད་དོན་ལྟར་ན། ཟས་དོད་དང་སྡོད་ཁང་འགྲོ་སོང་དཔེ་མཛོད་ཀྱིས་ནར་གཏོང་གནང་བའི་མཐོ་རིམ་སློབ་ཕྲུག་ ༡༥ དང་། འགྲོ་སོང་སློབ་མ་རང་ངོས་ནས་གཏོང་དགོས་པའི་གཞུང་འབྲེལ་མིན་ཚོཊ་པ་ཁག་གི་སློབ་ཕྲུག་དང་མི་སྒེར་བ། ཧི་མ་ལ་ཡའི་རི་རྒྱུད་ཀྱི་སློབ་ཕྲུག་དང་ཕྱི་རྒྱལ་བ་བཅས་ ༡༥ དང་ཁྱོན་སློབ་མ་ ༣༠ ཙམ་ཡོད་འདུག

ཟབ་སྦྱོང་ནང་ཞུཊ་མཁན་སློབ་མ་ཚོར་སྔོན་འགྲོའི་ཆ་རྐྱེན་འགའ་ཚང་དགོས་པ་ནི། ཁྲིམས་མཐུན་དུས་འགྱངས་ཞུས་པའི་སྐྱབས་བཅོལ་ལག་འཁྱེར་དང་། ཉེ་བའི་གཙུག་ལག་རབ་འབྱམས་པའམ་འཛིན་རིམ་བཅུ་གཉིས་ཀྱི་ཤེས་ཚད། ལས་ཀ་བྱེད་མུས་ཡིན་ཚེ་དགག་བྱ་མེད་པ། བོད་དབྱིན་གཉིས་ཐོག་རྩོམ་ཡིག་ཡིག་འབྲུ་ ༤༠༠ འབྲི་རྒྱུ། ཚོཊ་པ་ཁག་དང་མི་སྒེར་ཡིན་ན། ནང་ཆོས་ཤེས་ཚད་དང་ལས་ཀའི་ཉམས་མྱོང༌། གྲུབ་འབྲས་བཅས་ལ་བལྟ་རྒྱུ། ཕྱི་རྒྱལ་བ་ཡིན་ཚེ་ནང་ཆོས་ཤེས་ཚད་དང་དབྱིན་བོད་གཉིས་ཐོག་རང་རྐྱ་འཕར་བ་དགོས། དུས་ཡུན་ཟླ་གསུམ་གྱི་ཡིག་སྒྱུར་ཟབ་སྦྱོང་འགྲུབ་རྗེས། བོད་དབྱིན་གཉིས་ཀྱི་རྨང་གཞི་ལེཊ་པོ་ཡོད་པའི་སློབ་ཕྲུག་རྩེ་གྲས་རེ་ཟུང་ལ་དཔེ་མཛོད་ཀྱིས་ལས་ཀ་གོ་སྒྲིག་དང་། གཞན་རྣམས་སོ་སོའི་རང་ཁོངས་སུ་ལོག་དགོས་ཀྱི་ཡོད་འདུག

གསར་འགོད་པས་དགེ་བཤེས་ལྷག་རྡོར་ལཊ་སུ་ཡིག་སྒྱུར་ལས་གཞི་དེ་གལ་ཆེན་ཞིག་ཏུ་བརྩི་དགོས་དོན་གང་ཡིན་སྐོར་དྲིས་པར། ད་ལྟ་བོད་པ་ཚོར་འདོད་པ་ཡོད་མེད་ལ་མ་ལྟོས་པར། འཛམ་གླིང་ཤེས་རིག་མཉམ་དུ་སྡོད་དགོས་པ་དང་བསྡུར་དགོས་པའི་དུས་ལ་བསླེབས་ཡོད། བོད་པའི་ཆོས་དང་རིག་གཞུང་གཞན་ལ་མགོ་སྒུར་མ་དགོས་པ་ཞིག་ཡོད་ཀྱང་། དེང་དུས་རིག་གསར་ནང་ང་ཚོས་རྗེས་ལུས་ཐེབས་ཡོད་པ་དེར་ངོས་ལེན་བྱ་དགོས་པ་རེད། བོད་ཡིག་ནང་ཆབ་སྲིད་དང་དཔལ་འབྱོར་སོཊ་རིག་གསར་མང་པོ་ཞིག་བསྒྱུར་རྒྱུར་ལྷག་ཡོད་སྟབས། བོད་མི་སུ་ཡིན་རུང་སོ་སོའི་སྐད་ཡིག་རྒྱལ་སྤྱིའི་སྡིངས་ཆའི་ཐོག་བསླེབ་ཐུབ་ཆེད། རིག་གསར་ནང་འདྲེན་བྱ་རྒྱུར་ཚོཊ་པ་ཞིག་ལ་སྒུག་བསྡད་པ་མ་ཡིན་པར་ཚོཊ་སྒེར་ཚང་མས་ཤུཊ་རྒྱག་དགོས་ཀྱི་འདུག མ་གཞི། ཡིག་སྒྱུར་ཟེར་བ་མ་ཡིག་དང་བུ་ཡིག་གཉིས་ཀྱི་སྐད་ཆ་བཤད་ཀྱི་ཡོད། དེ་གཉིས་ཀར་གང་འཚམ་གྱི་གནས་ཚད་མཐོན་པོ་མེད་ན། འགྱུར་འཁྱ་རེ་ཁྱོར་རེ་ཡོང་སྲིད་ཀྱང་ཚད་ལྡན་ཡོང་གི་མ་རེད། སྔ་མོའི་ལོ་ཙཱ་བ་ཚོས་ཡིག་སྒྱུར་ཐོག་དཀའ་ལས་ཆེན་པོ་བརྒྱབ་ཡོད་པ་ལྟར། དེའི་ཐོག་རང་ཉིད་ལ་ཆོད་སེམས་དང་བློས་གཏོང་ཆེན་པོ་ཞིག་དགོས་པ་རེད། ཡིག་སྒྱུར་ཐོག་ཆོད་སེམས་གཏན་པོ་ཡོད་ཀྱང་དཔལ་འབྱོར་དཀའ་ངལ་ཡོད་མཁན་ཚོར། གཞུང་དང་ཚོཊ་པ་ཁག་གིས་རོགས་རམ་གནང་རྒྱུ་གལ་ཆེན་རེད་ཅེས་བརྗོད་སོང་།

ཟབ་སྦྱོང་ནང་ཞུཊ་མཁན་དབུས་སྨན་རྩིས་ཁང་གི་སྨན་རྩིས་ཉམས་ཞིབ་པ་བསྟན་འཛོམས་པ་ལགས་ཀྱིས་བརྗོད་དོན། ང་རང་གིས་སྨན་རྩིས་ཉམས་ཞིབ་སྡེ་ཚན་དུ་ལས་ཀ་བྱེད་ཀྱི་ཡོད། ང་ཚོས་བསྔོ་སྨན་ལ་ཉམས་ཞིབ་བྱས་ཏེ་དུས་དེབ་རེ་འདོན་དགོས་པ་རེད། དེབ་དེ་དབྱིན་ཡིག་ཏུ་བསྒྱུར་དགོས་སྟབས། ང་ལ་བསྒྱུར་མ་ཐུབ་པའི་དཀའ་ངལ་འཕྲད་ཀྱི་འདུག ཡིག་སྒྱུར་ཚད་ལྡན་དགོས་ན་སྐད་ཡིག་གཉིས་ལ་ཡག་པོ་དགོས་པ་རེད། དེའི་སྟབས་ཀྱིས་ང་རང་ཟབ་སྦྱོང་འདིར་སྐད་ཡིག་ཡར་རྒྱས་གཏོང་གི་ཡོང་བ་ཡིན་ཞེས་བརྗོད།

ཟབ་སྦྱོང་ནང་ཞུཊ་མཁན་སྐུ་ཞབས་འཇམ་དབྱངས་གྲཊ་པ་ལགས་ཀྱིས་བརྗོད་དོན། ང་རང་ཡིག་སྒྱུར་གྱི་ལས་ཀ་བྱེད་མཁན་ཞིག་ཡིན། ཐེངས་འདིའི་ཟབ་སྦྱོང་བརྒྱུད་ང་ལ་ཡིག་སྒྱུར་སྐོར་གྱི་ཉམས་མྱོང་མང་པོ་ཞིག་རག་སོང་། ཟབ་སྦྱོང་འདིས་མ་འོངས་པའི་ཡིག་སྒྱུར་གནང་ཕྱོགས་ཐོག་གདེང་ཚོད་ཆེན་པོ་ཞིག་སྐྱེས་སོང་ཞེས་བརྗོད་སོང་།  

 

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 6

  1. Dawai Shonu says:
    ལོ་ 14 སྔོན།

    ཟླ་བ་གཉིས་གསུམ་ཡིག་སྒྱུར་ཟབ་སྦྱོང་སྤྲད་ནས་ཡིག་སྒྱུར་བཟོ་ཐུབ་ཡས་ཡོང་མི་སྲིད་པ་རེད། ཕན་ཆུང་ཆུང་ཞིག་ཡོང་སྲིད་ཀྱང་དོན་དངོས་སུ་ཕན་མི་ཡོང། ཡིག་སྒྱུར་བ་ཚད་ལྡན་ཆགས་པ་ལ་ཚད་ལྡན་ཡིག་སྒྱུར་མང་ཙམ་ལྟ་ཀློག་ཡག་པོ་བྱེད་དགོས། ཕྱི་རྒྱལ་མཁས་དབང་ཁ་ཤས་བོད་དབྱིན་ཡིག་སྒྱུར་གྱི་བྱ་བ་ལ་ཧ་ཅང་ཡག་པོ་དེ་འདྲ་ཡོད་རེད། ཁོང་ཚོ་ལ་སྐད་ཆ་དྲིས་དགོས་ལ་ཁོང་ཚོས་སྒྱུར་བཞག་པའི་དེབ་ཀློག་དགོས་པ་རེད། ཁོང་ཚོས་གང་འདྲ་སེ་སྒྱུར་འདུག་བལྟ་དགོས། སོ་སོ་སོས་དོ་སྣང་དང་བརྩོན་འགྲུས་བྱེད་དགོས།

    Reply
  2. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    ཡག་པོ་རེད། ལས་དོན་འདི་སྔ་མོ་ཞིག་ཏུ་མཐོང་སོང་། འདི་ནི་གཙོ་བོ་དགེ་བཤེས་ལྷག་རྡོར་གྱིས་བྱས་རྗེས་རེད། འདི་ནི་དོན་དམ་པར་བོད་མི་རིགས་ལ་དུང་ཞེན་ཡོད་པའི་རྟགས་མཚན་རེད། སྤྱི་ཚོགས་ནང་དུ་མགོ་སྟོང་ཀླད་མེད་ལས་མགོ་ཡོད་ཀླད་སྐྱོན་ཉེན་ཁ་ཆེ།

    Reply
  3. ལུང་རྟོགས། says:
    ལོ་ 14 སྔོན།

    གཞོན་སྐྱེས་མགོ་སྟོང་འདི་ཚོ་དབྱིན་ཡིག་ལས་བོད་ཡིག་ལ་དོ་སྣང་ཡོད་ནི་མ་རེད། སྐད་ཡིག་གཉིས་ཀའི་ཤེས་ཚད་ཡག་པོ་མེད་ན་ཡིག་སྒྱུར་བ་ཡག་པོ་ཞིག་ཇི་ལྟར་ཡོང་ཐུབ།

    Reply
  4. སྦྲ་དཔལ་ལྡན། says:
    ལོ་ 14 སྔོན།

    འདས་པའི་མི་ལོ་འདི་དག་གི་རིང་དུ་བོད་ཀྱི་དཔེ་མཛོད་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་གཞོན་སྐྱེས་ཚོར་ཡིག་སྒྱུར་གྱི་ཟབ་སྦྱོང་ཅི་ཙམ་ཞིག་སྤྲད་ཡོད་པར་ཚང་མས་མཁྱེན་གསལ་རེད། འོན་ཀྱང་གཞོན་སྐྱེས་དེ་ཙམ་མཚར་ལོངས་བྱུང་ཐུབ་མེད་ནོ་གཞོན་སྐྱེས་ཚོའི་སྐྱོན་ཆ་ཞིག་མིན་ནམ།

    Reply
  5. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ལོ་ཙཱ་བ་ཡག་ཤོས་ཤིག་ཆགས་ན་མཁས་པ་དགའ་ཞིག་ཡིན། ང་ཚོར་ལོ་ཙཱ་བ་ཧ་ཅང་མཁོ། ཕྱི་གླིང་ན་ཡང་བོད་པ་ལོ་ཙཱ་བ་ཉུང་གི སྐད་སྒྱུར་ཡིག་སྒྱུར་ལེགས་པོ་ཐུབ་མཁན་ཞིག་ཡིན་ན་བྱ་བ་ཡག་པོ་རག་གི་འདུག བོད་པ་གཞོན་སྐྱེས་དབྱིན་སྐད་ཡག་ཙམ་ཡོད་པ་ཚོར་བོད་སྐད་དང་བོད་ཀྱི་རིག་གཞུང་གི་ཤེས་ཚད་སྐྱོ་ཞིང། བོད་ཡིག་ཡག་པོ་ཤེས་མཁན་ཚོར་ཡང་ལྕེ་གཞན་པ་ཞིག་ཐོགས་དཀའ་སེ་འདུག དེ་བས་ཕྱི་རྒྱལ་ན་ཡོད་པ་ཚོས་ལོ་ཙཱ་བའི་ལས་མང་ཙམ་བྱེད་རྒྱུར་དམིགས་ཡུལ་བཟུང་ན་རེ་བ་འདུག

    Reply
  6. གོང་དཀར་ངག་རྣམ། says:
    ལོ་ 14 སྔོན།

    ཟབ་སྦྱོང་ནང་གོ་སྐབས་འཐོབ་མཁན་ཚོས་ཟླ་བ་གསུམ་གྱི་གོ་སྐབས་ལེན་ཐུབ་པ་ཙམ་མིན་པར། གཙོ་བོ་གཞན་གྱིས་ཅི་ཟེར་འདི་ཟེར་ལ་མ་ལྟོས་པར་བློ་ཁོག་ཆེན་པོས། ལས་དོན་བྱེད་རྒྱུ་དེ་རེད།
    ལྷག་པར་ཡིག་སྒྱུར་གྱི་ལས་ཀར་སྤྲོ་བ་ཡོད་མཁན་ཚོས་རང་ཉིད་ཀྱིས་བྱེད་སྙིང་འདོད་པའི་ལས་ཀ་དེ་སྒུག་བསྡད་རྒྱུ་ཡོད་མ་རེད།
    ཕྱོགས་གཞན་ཞིག་ནས་བལྟས་ན་ཡིག་སྒྱུར་གྱི་ལས་ཀ་འདི་ནི་གཅིག་ཤེས་ཀུན་གྲོལ་གྱི་ལམ་ཁ་ཞིག་རེད།
    སྤྱིར་བཏང་མི་ཚོས་དཀའ་ཚེགས་དང་། གལ་གནད་དུ་ལྟ་བའི་ཤེས་ཡོན་མང་པོ་ཞིག་འདིའི་ཐོག་ནས་ཞོར་དུ་འགྲུབ་ཀྱི་ཡོད། ཤུགས་རྒྱོབས་ཨཨཨཨཨཨཨ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese