མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དོ་ནུབ་ཨོ་རྩེད་དབུ་འབྱེད་གནང་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༡༢/༠༧/༢༧
Share on FacebookShare on TwitterShare on EmailShare on Whatsapp


དོ་ནུབ་དབྱིན་ཡུལ་གྱི་ཆུ་ཚོད་
༩ པའི་སྟེང་རྒྱལ་ས་ལོན་ཌོན་དུ་འདི་ལོའི་རྒྱལ་སྤྱིའི་ཨོ་རྩེད་འགྲན་ཚོགས་ཀྱི་དབུ་འབྱེད་མཛད་སྒོ་དངོས་སུ་དབུ་འབྱེད་གནང་རྒྱུ་རེད།

ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་གྱི་དགོང་མོའི་དབྱིན་ཡུལ་གྱི་ཆུ་ཚོད་ ༩ སྟེང་། ༢༠༡༢ ལོའི་འཛམ་གླིང་ཨོ་རྩེད་འགྲན་ཚོགས་(Olympic games )ཐེངས་ ༣༠ པ་དེ་དབྱིན་ཡུལ་རྒྱལ་ས་ལན་ཌོན་དུ་དངོས་སུ་དབུ་འབྱེད་བྱ་རྒྱུ་ཡིན་པ་དང་། ཟླ་འགའི་གོང་འཛམ་གླིང་ཨོ་རྩེད་དཔལ་འབར་དེ་གྷི་རེ་སི་(Greece)ནས་མགོ་འཛུགས་ཀྱིས་རྒྱལ་ཁབ་དང་གྲོང་ཁྱེར། ས་གནས་ཁག་བརྒྱ་ཕྲག་ནང་སྐོར་སྐྱོད་ཀྱིས་དབྱིན་ཡུལ་རྒྱལ་ས་ལོན་ཌོན་དུ་འབྱོར་ཡོད་པ་དང་། དོ་ནུབ་དབྱིན་ཡུལ་གྱི་ཆུ་ཚོད་ ༩ སྟེང་ཨོ་རྩེད་གླིང་གའི་དཔལ་འབར་སྟེགས་བུའི་སྟེང་གི་མཆོད་གོང་ནང་མེ་ལྕེ་སྒྲོན་པ་དང་དུས་མཉམ། དབྱིན་ཇིའི་རྒྱལ་མོ་སྐུ་ཕྲེང་གཉིས་པ་ (Elizabeth II  Alexandra Mary)མཆོག་གིས་རྒྱལ་སྤྱིའི་ཨོ་ལིམ་ཕིག་ལུས་རྩེད་འགྲན་ཚོགས་ཐེངས་ ༣༠ པ་དངོས་སུ་དབུ་འབྱེད་གནང་བའི་ཁྱབ་བསྒྲགས་གཏམ་བཤད་བྱ་རྒྱུ་ཡིན་འདུག

འཛམ་གླིང་ཨོ་རྩེད་དངོས་སུ་དབུ་འབྱེད་ཁྱབ་བསྒྲགས་བྱས་རྗེས་དབྱིན་ཇིའི་རིག་གཞུང་རང་བཞིན་གྱི་འཁྲབ་སྟོན་དང་རོལ་དབྱངས་སྣ་ཚོགས་འཁྲབ་སྟོན་གྲུབ་མཚམས་སུ། ཨོ་རྩེད་འགྲན་ཚོགས་ཀྱི་ཕ་ཡུལ་གྷི་རེ་སི་སྣེ་དྲངས་ཏེ། རྩེད་འགྲན་ཁྲོད་མཉམ་ཞུགས་བྱེད་མཁན་འཛམ་གླིང་རྒྱལ་ཁབ་ཁག་གི་སྐུ་ཚབ་དབྱིན་ཡིག་གི་གསལ་བྱེད་ཨང་རིམ་ལྟར་ཨོ་རྩེད་གླིང་གའི་ཐང་ཆེན་དུ་སོ་སོའི་རྒྱལ་ཁབ་ཀྱི་རྒྱལ་དར་འཕྱར་ཏེ་རུ་བསྒྲིག་རྒྱུ་ཡིན་པ་དང་། ཐེངས་འདིའི་ཨོ་རྩེད་འགྲན་ཚོགས་ནང་རྒྱལ་ཁབ་ ༢༠༤ ནས་རྩེད་འགྲན་པ་ ༡༠༠༠༠ ལྷག་མཉམ་ཞུགས་བྱས་ཡོད་འདུག

ད་ལོའི་དབྱིན་ཡུལ་ཨོ་རྩེད་འགྲན་ཚོགས་སྟེང་། རྒྱལ་ཁབ་ཁག་འདྲ་མིན་གྱི་བརྙན་འཕྲིན་ཁང་ ༢༨༠༠ ཙམ་དང་གསར་འགོད་པ་ ༢༠༠༠༠ ལྷག་འབྱོར་ཏེ་ཐོ་འགོད་བྱས་ཡོད་པ་དང་། བརྒྱུད་ལམ་འདྲ་མིན་བརྒྱུད་འཛམ་གླིང་མི་མང་ཐེར་འབུལ་ ༤ ཙམ་ལ་གཟིགས་འབུལ་ཞུ་ཐུབ་པར་ཚོད་དཔག་བྱེད་ཀྱི་ཡོད་འདུག

རྩེད་རིགས་ཆེད་མཁས་པ་དག་གིས། འདི་ལོའི་ཨོ་རྩེད་འགྲན་ཚོགས་ཀྱི་རྩེ་ཕུལ་གསེར་གྱི་རྟགས་མ་གཙོ་བོ་ཨ་རི་དང་རྒྱ་ནག རཱ་ཤི་ཡ་གསུམ་གྱི་བར་འགྲན་རྩོད་ཆེན་པོ་ཡོང་རྒྱུ་ཡིན་པ་དང་། རྩེད་འགྲན་ཚོགས་ཡུལ་གྱི་ཆ་ནས་དབྱིན་ཡུལ་གོང་གི་རྒྱལ་ཁབ་གསུམ་གྱི་གྲས་སུ་ཚུད་ཐུབ་པའི་རེ་བ་ཆེན་པོ་ཡོད་ཚུལ་ཚོད་དཔག་བྱེད་ཀྱིན་ཡོད།  

དབྱིན་ཡུལ་དུ་འཚོགས་བཞིན་པའི་ཨོ་རྩེད་འགྲན་ཚོགས་ཀྱི་བྱུང་སོང་དངུལ་རྩིས་ཐད། དབྱིན་ཇིའི་སྲིད་བློན་ཌ་ཝེ་ཌི་ལགས་ཀྱིས་ “འདི་ལོའི་ཨོ་རྩེད་ཀྱི་སྤྱིའི་འགྲོ་གྲོན་དབྱིན་སྒོར་ཐེར་འབུམ་ ༩ ཙམ་གནས་ཀྱི་ཡོད་ཀྱང་། ཨོ་རྩེད་ལས་དབྱིན་ཡུལ་ལ་དབྱིན་སྒོར་ཐེར་འབུམ་ ༡༣ ཙམ་གྱི་ཁེ་བཟང་འཐོབ་རྒྱུ་ཡིན་པར་ཚོད་དཔག་བྱེད་ཀྱི་ཡོད་”ཅེས་བརྗོད་འདུག

ད་ལྟ་མུ་མཐུད་བཞིན་པའི་དེང་རབས་ཨོ་རྩེད་འགྲན་ཚོགས་འདི་ནི་ཕྱི་ལོ་ ༡༨༩༦ བསྐྱར་འཛུགས་བྱས་པ་ཞིག་ཡིན་ཞིང་། དེ་ནི་ཐོག་མར་ཕྱི་ལོ་ ༣༩༤ ལོར་གནའ་བོའི་རྒྱལ་ཁབ་གྷི་རེ་སིའི་ཨོ་རྩེད་འགྲན་ཚོགས་བར་མཚམས་ཆད་དེ། ལོ་ངོ་ ༡༥༠༠ ལྷག་ཕྱིན་པའི་རྗེས་སུ་བསྐྱར་གསོ་བྱུང་པ་ཞིག་དང་། ཐེངས་འདི་ནི་དབྱིན་ཡུལ་དུ་ཚོགས་ཐེངས་གསུམ་པ་དེ་ཆགས་ཡོད་འདུག  

མཛད་སྒོ་དབུ་འབྱེད་ཀྱི་དུས་ཚོད་ཏག་ཏག་ནི། དབྱིན་ཡུལ་གྱི་ཕྱི་ཚེས་ ༢༧ ཉིན་གྱི་དགོང་དྲོའི་ཆུ་ཚོད་ ༩ པ། རྒྱ་གར་གྱི་ཕྱི་ཚེས་ ༢༧ ཉིན་གྱི་མཚན་རྒྱབ་ཆུ་ཚོད་ ༡།༣༠ པ། བོད་ནང་ཕྱི་ཚེས་ ༢༨ ཉིན་གྱི་ཐོ་རངས་ཆུ་ཚོད་ ༤ པ། ཨ་རིར་ཕྱི་ཚེས་ ༢༧ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༤ པ། ཨོ་སི་ཊི་ལི་ཡའི་ཕྱི་ཚེས་ ༢༨ ཉིན་གྱི་ཐོ་རངས་ཆུ་ཚོད་ ༦ བཅས་སུ་འཁེལ་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

ཆུ་ཚོད་ ༡༠ སྔོན་ལ།
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

ཆུ་ཚོད་ ༡༤ སྔོན་ལ།
In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧

མཆན། 5

  1. ཡུལ་གྱར་བུ། says:
    ལོ་ 14 སྔོན།

    དྲྭ་གྲོགས་ཚོས་འོ་རྩེད་འགྲན་བསྡུར་ཐད་གཏོང་བྱེད་སའི་དྲྭ་བྱང་ཤེས་ན་འདིར་མཆན་དུ་འགོད་རོགས།

    Reply
  2. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ལྟད་མོ་ངོ་མཚར་ཆེ། འགྲན་རྩོད་འཇིགས་སྣང་ཆེ། རྒྱལ་ཕམ་སེམས་ཁུར་ཆེ། ཆེ་བ་རྣམ་གསུམ་ཡིན།
    ཆུང་བ་རྣམ་གསུམ་གང།

    Reply
  3. ཇོ་རུ་ཚེ་རིང་། says:
    ལོ་ 14 སྔོན།

    བོད་རིགས་བུ་མོ་ཨེ་མ་སྒྲོལ་མ་གཡུ་ཐོགས་ལགས་ཀྱང་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་མིག་མངས་རྩེད་འགྲན་རུ་མིའི་ནང་དུ་བདམས་ཐོན་གྱིས། ལོན་ཊོན་ཨོ་རྩེད་ལ་ཞུགས་བཞིན་ཡོད་ཚོད་འདུག

    Reply
  4. དོན་འགྲུབ་བཀྲ་ཤིས། says:
    ལོ་ 14 སྔོན།

    ༼ བོད་པའི་བུ་མོ་གཉིས་མཐོང་ཨེ་བྱུང ༽
    བགྲང་བྱ་ ༡༦༡༨ ལྷག་གི་ལོ་རྒྱུས་ལྡན་པའི་ཨོ་ལིམ་པིག་རྩེད་འགྲན་ཟེར་བ་འདིར། བོད་དང་བོད་མི་ཚོར་འབྲེལ་བ་ཙམ་ཡང་མེད་པར་མི་ངོ་ ༡༦༡༨ ཙམ་ཕྱིན། དེ་རིང་གཞི་ནས་འབྲེལ་བ་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་སྤོབས་པ་དང་། རེ་བ་ཆེན་པོ་བྱེད་ཆོག་པའི་དུས་ཚོད་ཅིག་ཤར།

    དེ་ནི་ད་ལོའི་ལོན་ཌོན་ཨོ་རྩེད་འགྲན་ཚོགས་ཀྱི་འདུར་རྒྱུགས་རྩེད་འགྲན་ཁྲོད་ཕ་ཡུལ་མཚོ་སྔོན་འདབ་བཞི་ནས་ཡིན་པའི་བོད་པའི་བུ་མོ་ཆོས་དབྱངས་སྐྱིད་མཉམ་ཞུགས་བྱེད་ཀྱི་ཡོད་ལ། གྱད་རྩལ་འཇུ་རེས་རྩེད་འགྲན་ཁྲོད་ཕ་ཡུལ་གོང་པོ་ཉིང་ཁྲི་ནས་ཡིན་པའི་བུ་མོ་ཤི་ལོག་སྒྲོལ་མ་མཉམ་ཞུགས་བྱེད་ཀྱི་ཡོད།

    འོན་ཀྱང་རེ་དོགས་གཞན་ཞིག་ཡོད་པ་ནི། ཁོང་མོ་གཉིས་ཐེངས་འདིའི་རྩེད་འགྲན་ནང་ཞུགས་རྒྱུའི་ནུས་པ་དང་ཆ་རྐྱེན་ཚང་མ་འཛོམས་ཡོད་པ་མ་ཟད། དེ་སྔོན་རྒྱ་ནག་གི་ཞིང་ཆེན་རིམ་པའི་འདེམ་སྒྲུག་སྐབས་ལེགས་འདེམས་བྱུང་ཡོད། འོན་ཀྱང་དེ་རིང་དངོས་སུ་ལོན་ཌོན་རྩེད་འགྲན་སྟེང་ཞུགས་པར་རྒྱ་གཞུང་གིས་བར་ཆད་འདྲ་བཟོས་ཨེ་ཡོད།

    Reply
  5. ཤག་སྒང་པ། says:
    ལོ་ 14 སྔོན།

    གནས་ཚང་རྒྱ་གར་ལ་གསར་གྱི་རྟགས་མ་མང་དུ་འཐོབ་པར་ཤོག

    ཨ་རིས་རྒྱ་ནག་གི་ཁ་གཏད་བཅོག་པར་ཤོག

    ཡོ་རོབ་ཕྱོགས་ལའང་རྒྱལ་ཁའི་རྟགས་མ་མང་ཙམ་ཐོབ་ནས་རྒྱ་ནག་ལ་འཇིགས་པའི་འགྲན་སེམས་སློང་ཐུབ་པར་ཤོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese