མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

འབུམ་སྡེ་ལར་མེ་ལྕེ་སྐོར་སྐྱོད།

བོད་ཀྱི་དུས་བབ།
༢༠༡༢/༠༧/༢༧
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་འཁྲིད་པའི་བདེན་པའི་མེ་ལྕེ་ཨ་རུ་ནཱ་ཅལ་མངའ་སྡེའི་འབུམ་སྡེ་ལར་སྐོར་སྐྱོད་བྱས་འདུག

ཉེ་ལམ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་འཁྲིད་པའི་བདེན་པའི་མེ་ལྕེ་དེ་རྒྱ་གར་གྱི་ས་གནས་ཁག་འདྲ་མིན་ནང་སྐོར་སྐྱོད་བྱེད་བཞིན་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་རྒྱ་གར་བྱང་ཤར་ཁུལ་གྱི་མེ་ལྕེ་སྐོར་སྐྱོད་དེ་ཨ་རུ་ནཱ་ཅལ་མངའ་སྡེའི་བསྟན་འཛིན་སྒང་གཞིས་ཆགས་ནས་འབུམ་སྡེ་ལ་ཁ་འཐོར་བོད་མིའི་གཞིས་ཆགས་ལ་རྩིས་སྤྲོད་གནང་ཡོད་འདུག་ལ།  ཉིན་དེར་འབུམ་སྡེ་ལ་ཁ་འཐོར་བོད་མིའི་ས་གནས་མགོ་འཛིན་ལས་ཁུངས་དང་རང་བདེན་ཚོགས་ཆུང་གི་ལས་དྲུང་གཙོས། ས་གནས་ཀྱི་ལས་བྱེད་དང་མི་མང་གིས། བདེན་པའི་མེ་ལྕེ་དང་ལྷན་དུ་ྋགོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དང་། བོད་དང་རྒྱ་གར་གྱི་རྒྱལ་དར། ནང་པའི་ཆོས་དར་སོགས་མཉམ་འཁྱེར་གྱིས་འབུམ་སྡེ་ལ་ཐུབ་མཆོག་དགའ་ཚལ་གླིང་དགོན་པར་འཛོམས་ཡོད་པ་དང་། དེར་མི་མང་གིས་ལྷ་བསང་བཏང་བ་དང་མཇལ་དར་བསྒྲོན་འབུལ་གནང་ཡོད་པ་མ་ཟད། འབུམ་ལ་བསྟན་སྒང་ས་གནས་མགོ་འཛིན་རྡོ་རྗེ་རིག་འཛིན་ལགས་ཀྱིས་དེར་ཡོད་མི་མང་ལ་བདེན་པའི་མེ་ལྕེ་སྐོར་སྐྱོད་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་ཀྱང་གནང་འདུག

ཕྱི་དྲོ་ཆུ་ཚོད་༤།༣༠ ཐོག་སེར་སྐྱ་མི་མང་ ༣༠༠ ལྷག་གི་སྣེ་འཁྲིད་དེ་དགོན་པ་ནས་ལམ་ཐག་ཀེ་ལོ་མུ་ཊར་ ༤ ཙམ་གྱི་རིང་གོམ་བགྲོད་དང་ཡིག་ཆ་འགྲེམས་སྤེལ་གནང་ཡོད་ཅིང་།  དགོང་དྲོ་ཆུ་ཚོད་ ༧ པར་དགོན་པའི་མདུན་ཐང་དུ་འཛོམས་ཏེ་མར་མེ་ཁྲོམ་སྐོར་དང་༸རྒྱལ་བའི་ཞབས་བརྟན་གསོལ་འདེབས། བདེན་ཚིག་སྨོན་ལམ་གསུང་འདོན། མཚན་རྟགས་བསྡུ་རུབ་བཅས་གནང་ཡོད་འདུག

ཐེངས་འདིའི་རྒྱ་གར་བྱང་ཤར་ཁུལ་གྱི་བདེན་པའི་མེ་ལྕེ་སྐོད་སྐྱོད་དེ་འབུམ་སྡེ་ལ་དང་བསྟན་འཛིན་སྒང་བཅས་སུ་སྐོར་སྐྱོད་དང་མཚན་རྟགས་བསྡུ་རུབ་གནང་གྲུབ་རྗེས། མོན་རྟ་དབང་ཁུལ་ཏུ་སྐོར་སྐྱོད་བྱ་འཆར་ཡོད་ཀྱང་། ཆར་ཞོད་ཀྱི་དབང་གིས་འགྲོ་ལམ་འགག་ཡོད་པ་དང་། འབྲེལ་ཡོད་རྫོང་དཔོན་གྱིས་ཆོག་མཆན་བཀའ་འཁྲོལ་མ་ཐོབ་པའི་དབང་གིས་འགྲོ་ཐུབ་མི་འདུག་ལ། དེ་རིང་ཕྱི་ཚེས་ ༢༧ ཉིན་བདེན་པའི་མེ་ལྕེ་ཏེ་ཛུ་ས་གནས་མགོ་འཛིན་ལ་རྩིས་སྤྲོད་ཀྱིས་ས་གནས་སུ་སྐོར་སྐྱོད་དང་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་སྤེལ་གྱི་ཡོད་འདུག

 གསར་འགོད་པ། དོན་གོ

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist