མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངག་དབང་ནོར་འཕེལ་ལཊ་གཞིས་རྩེ་གཉའ་ལམ་ནས་རེད།

བོད་ཀྱི་དུས་བབ།
༢༠༡༢/༠༧/༢༩
Share on FacebookShare on TwitterShare on EmailShare on Whatsapp


ཟླ་སྔོན
་མའི་ཕྱི་ཚེས་ ༢༠ ཉིན་ཡུལ་ཤུལ་རྫ་སྟོད་གྲོང་བརྡལ་དུ་བོད་མི་ན་གཞོན་གཉིས་ཀྱིས་དུས་གཅིག་ལ་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་ཅིང་། མི་དེ་གཉིས་ལས་རང་ལོ་ ༢༢ ཡིན་པའི་ངག་དབང་ནོར་འཕེལ་ཞུ་བ་ཨ་མདོ་རྔ་པ་ནས་ཡིན་པའི་གནས་ཚུལ་འཐོན་ཡོད་ཀྱང་། ད་ལྟ་གསར་དུ་གནས་ཚུལ་ཐོན་པ་ལྟར་ན། ཁོང་ཨ་མདོ་རྔ་པ་ནས་མིན་པར་བོད་ལྗོངས་གཞིས་ཀ་རྩེ། གཉའ་ལམ་རྫོང་མིན་པོ་ཞང་ཁྲི་འདུ་སྡེ་བ་ནས་ཡིན་པ་གསལ་ཁ་བྱུང་ཡོད།   

དེང་སྐབས་རྒྱ་གར་ངྷ་རམ་ས་ལར་གནས་སྡོད་ཉེ་སྔོན་རང་ལུས་མེར་བསྲེགས་གཏོང་མཁན་ངག་དབང་ནོར་འཕེལ་ལགས་ཀྱི་ཨ་ཕའི་སྤུན་ཆུང་བ་བསྟན་འཛིན་འཕེལ་རྒྱས་ཞུ་བ་ཞིག་གིས་ངོ་སྤྲོད་གནང་བ་ལྟར་ན། ༢༠༠༨ ཟླ་ ༡༡ པའི་ནང་ངག་དབང་ནོར་འཕེལ་ལགས་ཕ་ཡུལ་དང་ཁ་བྲལ་ཡོད་ཅིང་། སྐབས་དེ་ནས་བཟུང་ནང་མི་གཉེན་འབྲེལ་ཚོས་རྒྱུན་རིང་པོར་ཁོའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་ཀྱང་། ལོ་གཉིས་ཀྱི་རྗེས་སུ་ནང་ལ་ཁ་པར་ཐེངས་གཅིག་འབྱོར་ཏེ། ཁོང་ཁམས་ཕྱོགས་སུ་ཡོད་པ་དང་སྐུ་གཟུགས་བདེ་ཐང་ཡིན་པ་མ་ཟད། མི་འགྱང་བར་ཕྱིར་ཕ་ཡུལ་དུ་ཡོང་རྒྱུ་ཡིན་ཚུལ་སོགས་བརྗོད་ཡོད་འདུག

གནས་ཚུལ་ཁོ་སྤྲོད་པས་བརྗོད་དོན། “དེ་རིང་ཞོགས་པར་ངས་ཕ་ཡུལ་དུ་ཁ་པར་བཏང་སྟེ་ཕུ་བོ་ད་ལྟ་གར་ཡོད་དང་བདེ་འཚམས་བྲིས་སྐབས། ཕུ་བོ་ལྷག་པ་དོན་འགྲུབ་ད་ལྟ་མདོ་སྨད་མཚོ་སྔོན་ཞང་ཆེན་གྱི་སྨན་ཁང་ཞིག་ཏུ་ཡོད་པ་དང་། ཁོང་གིས་བུ་ངག་དབང་ནོར་འཕེལ་ཁམས་ཕྱོགས་ནས་བོད་དོན་ཆེད་རང་ལུས་མེར་བསྲེགས་བཏང་རྗེས་ད་ལྟ་ཟི་ལིང་གི་སྨན་ཁང་ཞིག་ཏུ་སྨན་བཅོས་བྱེད་ཀྱི་ཡོད་པར་ཐུག་འཕྲད་དུ་ཕྱིན་སོང་ཟེར” ཅེས་བརྗོད་འདུག  

དེ་སྔོན་ངག་དབང་ནོར་འཕེལ་གྱིས་རང་གི་གྲོགས་པོ་ཞིག་ལ་གལ་དེ་ཁོང་བསྡད་མ་བསྡད་ཀྱི་གནས་ཚུལ་འདྲ་བྱུང་ཚེ་ཁོའི་ནང་མི་ལ་ལན་ཞིག་བསྐྱལ་རོགས་ཞེས་བརྗོད་ཡོད་སྟབས། གྲོགས་པོ་དེས་ངག་དབང་ནོར་འཕེལ་གྱི་ནང་དུ་ཁ་པར་བཏང་སྟེ་གནས་ཚུལ་བཤད་ཡོད་འདུག ཕ་ལྷག་པ་དོན་འགྲུབ་རང་གི་བུ་ལ་ཐུགས་འཕྲད་དུ་ཟི་ལིང་ལ་ཕྱིན་སྐབས། ཐོག་མར་དམག་མིས་ཐུག་བཅུག་མེད་ཀྱང་། ལྷག་པ་དོན་འགྲུབ་ཀྱིས་རང་གི་བུ་ངག་དབང་ནོར་འཕེལ་ཕ་ཡུལ་དང་ཁ་བྲལ་དེ་ལོ་མང་ཕྱིན་པ་དང་། ཁོས་རང་ལུས་མེར་བསྲེགས་བཏང་བ་ནང་མིར་འབྲེལ་བ་གང་ཡང་མེད་སྐོར་སོགས་བརྗོད་མཐར་ཕ་བུ་གཉིས་ཐུག་བཅུག་ཡོད་འདུག སྐབས་དེར་ངག་དབང་ནོར་འཕེལ་གྱིས་སྐད་ཆ་ཚིག་ཁ་ཤས་ཙམ་བཤད་ཐུབ་ཡོད་ཀྱང་། གཟུགས་པོའི་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཏེ་དབུགས་མ་ཆད་པ་ཙམ་ཆགས་ཡོད་འདུག

བསྟན་འཛིན་འཕེལ་རྒྱས་ལགས་ཀྱིས་བརྗོད་པ་ལྟར་ན། ཁོང་ཚོ་སྤུན་མཆེད་གསུམ་ཡོད་པའི་ནང་ནས་ཕུ་བོ་ལྷག་པ་དོན་འགྲུབ་སྤུན་ཆེ་ཤོས་ཡིན་ཞིང་། ཁོང་གི་བཟའ་ཟླའི་མིང་ལ་ཚེ་རིང་དབྱངས་ཅན་ཟེར་གྱི་ཡོད་ཚུལ་སོགས་བརྗོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཀྱི་འགྲེམས་སྟོན་ཁང་ཁག་གིས་འགྲེམས་སྟོན་བྱེད་ཕྱོགས་སྐོར་ལ་གྲོས་བསྡུར་གནང་།

ཆུ་ཚོད་ ༡༠ སྔོན་ལ།
བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་ལས་ཁུར་དམ་འབུལ་ཕུལ།  བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༡༨
Mobile App

བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་དམ་བཅའ་ཕུལ། 

ཆུ་ཚོད་ ༡༤ སྔོན་ལ།
Mobile App

ཨ་མའི་དུས་ཆེན་ཉིན་མོར་ཨ་མར་ཕྱིར་དྲན་གསོན་པོ་ཞིག

༢༠༢༦/༠༥/༡༧
Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

༢༠༢༦/༠༥/༡༥
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

༢༠༢༦/༠༥/༡༥
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

༢༠༢༦/༠༥/༡༥

མཆན། 6

  1. རྡོ འཇམ་ཚུལ། says:
    ལོ་ 14 སྔོན།

    རྒྱལ་གཅེས་པ་ངག་དབང་ནོར་འཕེལ་ལགས་ཨ་མདོ་རྔ་བ་ནས་ཡིན་རབས་ཀྱི་གསར་འགྱུར་ཐོག་མར་སྤྲད་མཁན་ནི་སེར་བྱེས་ལྡན་མ་ཁང་ཚན་གྱི་གྲྭ་བློ་བཟང་སངས་རྒྱས་ཟེར་བ་དེ་རེད་འདུག རྒྱུ་མཚན་ནི། སྤྱི་ལོ་༢༠༡༢་ཟླ་༦་ཚེས་༢༠་ཉིན་གྱི་ ཁ་བརྡ་དྲ་ཚིགས་སུ་འདི་ལྟར་བཀོད་འདུག ༼བོད་ཀྱི་དུས་བབ་དྲ་ཚིགས་ནས་འདྲེན་བཀོད་ཞུས།༽དེ་རིང་ཕྱི་དྲོ་་ཁམས་ཡུལ་ཤུལ་ཁུལ་རྫ་སྟོད་གྲོང་རྡལ་དུ་བོད་མི་གཉིས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་འདུག རྒྱ་གར་ལྷོ་ཕྱོགས་སེར་བྱེས་ལྡན་མ་ཁང་ཚན་གྱི་གྲྭ་བློ་བཟང་སངས་རྒྱས་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། དེ་རིང་ཕྱི་ཚེས་ ༢༠ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་༣།༣༠ ཐོག་རང་ལོ་ ༢༢ ཡིན་པའི་ངག་དབང་ནོར་འཕེལ་དང་། རང་ལོ་ ༢༤ ཡིན་པའི་བསྟན་འཛིན་མཁས་གྲུབ་གཉིས་ཀྱིས་ཁམས་ཡུལ་ཤུལ་རྫ་སྟོད་གྲོང་རྡལ་དུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་འདུག
    དེ་རིང་ཕྱི་དྲོ་ཁམས་ཡུལ་ཤུལ་ཁུལ་རྫ་སྟོད་གྲོང་རྡལ་དུ་བོད་མི་གཉིས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་འདུག རྒྱ་གར་ལྷོ་ཕྱོགས་སེར་བྱེས་ལྡན་མ་ཁང་ཚན་གྱི་གྲྭ་བློ་བཟང་སངས་རྒྱས་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། དེ་རིང་ཕྱི་ཚེས་ ༢༠ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་༣།༣༠ ཐོག་རང་ལོ་ ༢༢ ཡིན་པའི་ངག་དབང་ནོར་འཕེལ་དང་། རང་ལོ་ ༢༤ ཡིན་པའི་བསྟན་འཛིན་མཁས་གྲུབ་གཉིས་ཀྱིས་ཁམས་ཡུལ་ཤུལ་རྫ་སྟོད་གྲོང་རྡལ་དུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་འདུག གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ངག་དབང་ནོར་འཕེལ་ནི་ཨ་མདོ་རྔ་བ་རྫོང་གི་ཡིན་འདུག་ལ། ཕ་མིང་ལ་ལྷག་པ་དོན་འགྲུབ་དང་ཨ་མའི་མིང་ལ་ཚེ་རིང་དབྱངས་ཅན་འབོད་ཀྱི་ཡོད་འདུག ལོ་ཤས་གོང་རྫ་སྟོད་དུ་ཡོང་སྟེ་བསྡད་ཡོད་འདུག ཅེས་བཀོད་འདུག་གོ།
    རྟོག་པ་ཞིག་ལ་ཐོག་མའི་གསར་འགྱུར་མཁོ་སྤྲོད་པ་ཁོས་རྒྱལ་གཅེས་པ་ཁོང་གི་དགུང་ལོ་དང་ཡབ་ཡུམ་གཉིས་ཀྱི་མཚན་སོགས་ནོར་འཁྱུགས་མ་བྱུང་བར་ས་གནས་འགོད་ནོར་ཐེབས་དགོས་པ་རྟོག་པའི་གནས་ཞིག་ཏུ་མ་སེམས་མཐུ་མེད་དུ་ཆགས་སོང་།

    Reply
  2. བཙན་པོའི་བུ། says:
    ལོ་ 14 སྔོན།

    གསར་འགོད་པའི་གལ་ཆེའི་འགན་འཁྲི་གཙོ་བོ་དེ་གནས་ཚུལ་མ་འགོད་གོང་ལ་རྟག་དཔྱད་ཞིབ་འཇུག་བྱ་དགོས་པ་རེད། ད་རེས་ཀྱིས་གནས་ཚུལ་དེའི་ཐོག་ནས་ང་ཚོའི་གསར་འགོད་པའི་གནས་ཚད་གསལ་སྟོན་བྱས་སོང་བ་རེད། མ་འོངས་པར་རྟོགས་ཙམ་ཟབ་ཟབ་གནང་ན་ཡག་པོ་ཡོད་ངེས་རེད།

    Reply
  3. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    འདི་ནི་གསར་འགོད་ལས་རིགས་ཐོག་ལ་སློབ་སྦྱོང་དང་སྦྱོང་བརྡར་གྱིས་སྟོང་པའི་བོད་པའི་གསར་འགོད་པ་ཚོར་བརྡ་ལན་ཞིག་སྤྲོད་བཞིན་ཡོད། ཡང་སྙིང་གསར་འགྱུར་ཐོག་མ་མཁོ་སྤྲོད་བྱེད་མཁན་དེས་དེ་ལྟར་ཕོད་པ་ཞེ་དྲག་རེད། ཕྱིན་ཆད་གཟབ་རོགས།

    Reply
  4. མི་རྟག་པས་ཟིན་པའི་ཤ་རུས says:
    ལོ་ 14 སྔོན།

    ང་རང་གིས་དངོས་སུ་མཐོང་ན་མ་གཏོགས་ད་དངོས་གནས་གསར་འགོད་ཁང་ལ་ཡང་ཡིད་ཆེས་མེད་པ་ཆགས་སོང་།

    Reply
  5. dawa choedak says:
    ལོ་ 14 སྔོན།

    བོད་རྒྱལ་ལོ། །

    Reply
  6. སྙིང་མིག says:
    ལོ་ 14 སྔོན།

    རྗེས་སོར་གསར་འགོད་པ་ཚོས་གཟབ་ཙམ་མཛད་རོགས་ཨ། འདི་དག་ནོར་ནས་རྒྱང་སྒྲོགས་བྱས་པ་ནི་ཕང་བ་ཞིག་རེད། འོན་ཀྱང་འདིའང་བདེན་པ་ཡིན་མིན་ད་དུང་དཔྱད་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese