མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བསམ་བློ་བརྗེ་རེས་དང་སྤོབས་པ་མཉམ་སྐྱེད།

བོད་ཀྱི་དུས་བབ།
༢༠༡༢/༠༧/༣༠
Share on FacebookShare on TwitterShare on EmailShare on Whatsapp

གཟའ་སྤེན་པའི་ཉིན་སུད་སི་གནས་སྡོད་དང་བླངས་བོད་མི་ཁག་ཅིག་གིས་གོ་སྒྲིག་འོག ༼བསམ་བློ་བརྗེ་རེས་དང་སྤོབས་པ་མཉམ་སྐྱེད༽ ཅེས་པའི་བགྲོ་གླེང་ཐེངས་གཉིས་པ་ཛོ་རིག་གྲོང་ཁྱེར་དུ་ཚོགས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༨ ཉིན་སུད་སི་གནས་སྡོད་བོད་མི་དཀོན་མཆོག་བཀྲ་ཤིས་དང་ཀླུ་རྒྱལ་དོན་གྲུབ་གཉིས་གཙོས། དང་བླངས་བོད་མི་ཁག་ཅིག་གིས་གོ་སྒྲིག་འོག ༼བསམ་བློ་བརྗེ་རེས་དང་སྤོབས་པ་མཉམ་སྐྱེད༽ ཅེས་པའི་བགློ་གླེང་ཐེངས་གཉིས་པ་ཛོ་རིག་གྲོང་ཁྱེར་གྱི་ཝོ་ཁི་ཞའོ་སི་  (vokshaus ) ཞེས་པའི་ཚོགས་ཁང་དུ་ཚོགས་ཡོད་པ་དང་། བགྲོ་གླེང་སྟེང་བོད་མི་གཞོན་སྐྱེས་ ༣༠ མ་ཟིན་འདུ་འཛོམས་ཀྱིས། རྒྱ་གཞུང་གིས་བོད་མིའི་སྐད་ཡིག་རྩ་མེད་དུ་གཏོང་རྒྱུའི་སྲིད་ཐད་ཀྱི་སེམས་འཚབ་དང་། འཛམ་གླིང་རྒྱལ་ཁབ་འདྲ་མིན་དུ་ཡོད་པའི་རང་དབང་ལུང་པའི་བོད་མི་ཚོས། སྐད་ཡིག་ཇི་ལྟར་སྲུང་སྐྱོབ་བྱ་དགོས་མིན། མི་རིགས་སྲུང་སྐྱོབ་བྱ་ཐབས། བོད་ཀྱི་རིག་གཞུང་ལ་ངོས་འཛིན་གང་འདྲ་ཡོད་མེད།  རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་གདོང་ལེན་དང་། འཐབ་རྩོད་ཀྱི་ལས་འགུལ་སྤེལ་ཐབས་བཅས་ཀྱི་ཐོག་གཏམ་བཤད་དང་དྲི་བ་དྲིས་ལན་གནང་ཡོད་འདུག

༼བསམ་བློ་བརྗེ་རེས་དང་སྤོབས་པ་མཉམ་སྐྱེད་༽ཅེས་པའི་བགློ་གླེང་དེའི་དམིགས་ཡུལ་གཙོ་བོ། སློབ་གསོའི་རྒྱབ་ལྗོངས་དང་ཁོར་ཡུག་མི་འདྲ་བའི་ནང་འཚར་ལོངས་བྱུང་བའི་བོད་ཀྱི་གཞོན་སྐྱེས་བར་བསམ་བློ་བརྗེ་རེས་བྱས་ཏེ། མ་འོངས་བོད་ཀྱི་མདུན་ལམ་ཐད་ནུས་ཤུགས་མཉམ་སྤུངས་བྱ་རྒྱུ་དང་། འཛམ་གླིང་རྒྱལ་ཁབ་འདྲ་མིན་ནང་འཚར་ལོངས་བྱུང་བའི་གཞོན་སྐྱེས་ཚོར་བོད་ཀྱི་རིག་གཞུང་གི་བག་ཆགས་འཇོག་ཐབས། བོད་ཕྱི་ནང་གཉིས་ཀྱི་གཞོན་སྐྱེས་ཚོ་རྡོག་རྩ་ཆིག་སྒྲིལ་དང་ནུས་པ་མཉམ་སྤུངས་བྱ་རྒྱུ་བཅས་ལ་དམིགས་པ་ཞིག་ཡིན་འདུག

༼ བསམ་བློ་བརྗེ་རེས་དང་སྤོབས་པ་མཉམ་སྐྱེད༽ ཅེས་པའི་བགྲོ་གླེང་ཐེངས་དང་པོ་དེ་ཕྱི་ཟླ་ ༦ པའི་ཚེས་ ༢༢ ཉིན་ཚོགས་ཡོད་ཅིང་། སྐབས་དེར་གཞོན་སྐྱེས་ ༣༨ ལྷག་གིས་༼ ཐོབ་ཐང་དང་འོས་འགན༽ ཞེས་པའི་བརྗོད་གཞིའི་འོག བཙན་བྱོལ་བོད་མིའི་ཐོབ་ཐང་དང་ལས་འགན་གང་ཡིན་དང་། མ་འོངས་པར་རང་ངོས་ནས་ལས་འགན་ཇི་ལྟར་བསྒྲུབ་མིན།  ཛོ་རིག་མེ་འཁོར་འབབ་ཚུགས་སུ་ཤོ་དང་རྒྱན་འཛུགས་བྱེད་ཀྱིན་པ་དེས་མི་རིགས་གཞན་ལ་བག་ཆགས་གང་འདྲ་འཇོག་གི་ཡོད་མེད། མི་སྒེར་གྱི་ངོས་ནས་བོད་པའི་སྤྱི་ཚོགས་ལ་ལས་དོན་གང་འདྲ་བསྒྲུབ་མིན་དང་བསྒྲུབ་ཐབས་བཅས་ཀྱི་ཐོག་གྲོས་བསྡུར་གནང་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༡༢ སྔོན་ལ།
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

ཆུ་ཚོད་ ༡༥ སྔོན་ལ།
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

༢༠༢༦/༠༣/༣༡
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠

མཆན། 3

  1. མི་རྟག་པས་ཟིན་པའི་ཤ་རུས says:
    ལོ་ 14 སྔོན།

    དངོས་གནས་བགྲོ་གླེང་ཡག་པོ་གནང་འདུག་ཐུགས་རྗེ་ཆེ་། བསམ་བློ་བརྗེ་རེས་དང་སྤོབས་པ་མཉམ་སྐྱེད་ཀྱི་བགྲོ་གླེང་གི་ལེགས་ཆ་དེ་ཚོ་ང་ཚོ་ལ་སྙིང་ནས་བརྩེ་བའི་གྲོགས་མཆོག་ཏང་ཨུ་ཡོན་ལྷན་ཁང་གི་ཚོགས་མི་རྣམས་ཀྱིས་ལེན་ཚར་འདུག། ང་རང་ཚོ་བོད་པ་ཚོས་ལས་འགུལ་སྤེལ་ཚུལ་ལ་བལྟས་ན་དགོད་བྲོ་བ་ཅན་ཞིག་རེད་འདུག་ཧ་ཧ་ཧ་ཧ་

    Reply
  2. བཟོད་པ་ལྷ་རྩེ། says:
    ལོ་ 14 སྔོན།

    བོད་མི་རིགས་འདི་ནི་བགྲོ་གླེང་ལ་མི་དགའ་ཞིང་། སྤྲོ་སྐྱིད་གཏོང་རྒྱུར་ཤིན་ཏུ་དགའ་བའི་མི་རིགས་ཤིག་ཡིན། གཟིགས་དང་བགྲོ་གླེང་དང་པོར་གཞོན་སྐྱེས་གྲངས་ ༣༨ བགྲོ་གླེང་གཉིས་པར་གཞོན་སྐྱེས་གྲངས་ ༣༠ ཐམ་པ། བགྲོ་གླེང་གསུམ་པ་དང་བཞི་པར་ད་དུང་མི་གྲངས་ཇེ་ཉུང་དུ་འགྲོ་རྒྱུ་གཏན་འཁེལ་རེད། འོན་ཀྱང་སྤྲོ་སྐྱིད་ཞིག་ལ་ཆ་བཞག་ན་ཐེངས་དང་པོ་ལས་ཐེངས་གཉིས་པ་མི་གྲངས་མང་བ་དང་དེ་བས་ཀྱང་དེང་གསུམ་པ་དང་བཞི་པར་ལྡབ་གྱུར་གྱི་མི་མང་ཇེ་མང་དུ་འགྲོ་བཞིན་པའི་གནས་སྟངས་དེ་ཚོ་དྲན་དུས་སེམས་ལ་ཚོར་བ་གང་འདྲ་ཞིག་འདུག་གམ་གསུངས་དང་། འོན་ཀྱང་བགྲོ་གླེང་གོ་སྒྲིགས་གནང་མཁན་གྱི་ལྷག་བསམ་དང་ལ་རྒྱ་ལ་གུས་བསྐུར་དང་ཆེད་བསྟོད་ཞུ་འོས་པ་ཞིག་ཡིན།

    Reply
  3. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    བཟང་ངོ། བགྲོ་གླེང་གི་གཏམ་བཤད་ཁག་ལ་ཇི་ལྟར་ལྟ་ཉན་ཐུབ་བམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese