མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤེས་ཡོན་སྲིད་བྱུས་ཀྱི་རྨི་ལམ།

བོད་ཀྱི་དུས་བབ།
༢༠༡༢/༠༧/༣༡
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༥༦༢ སྟེང་གི་རྩོམ་སྒྲིག་པའི་གཏམ།

གདན་ས་ཁག་ཏུ་གྲྭ་རྒྱུན་ཇེ་ཉུང་དུ་འགྲོ་བཞིན་ཡོད་པའི་གླེང་སློང་ཞིག་སྔོན་མ་ནས་ཡོད། ད་ལྟ་གནས་སྟངས་དེ་ཧ་ཅང་མངོན་གསལ་ཆགས་ཏེ་བོད་མི་དང་བོད་མི་མ་ཡིན་པ་བརྒྱ་ཆ་བསྡུར་ཚད་ལོངས་པ་ཞིག་ཆགས་སོང་། གནས་ཚུལ་འདི་ལས་གསར་པ་གཞན་ཞིག་ནི། ཉེ་བའི་ལོ་འགའི་ཚུན་ལ་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་སློབ་ཕྲུག་ཇེ་ཉུང་དུ་འགྲོ་མགོ་ཚུགས་ཡོད། སྤྱིར་གྲངས་ཚད་དང་སྤུས་ཚད་གཉིས་ལས་སྤུས་ཚད་གཙོ་མོད། གྲངས་ཚད་མེད་ན་སྤུས་ཚད་ཀྱི་འབྱུང་ཁུངས་ཀྱང་མེད་འགྲོ་བ་ལྟོས་གྲུབ་ཡིན།

    ང་ཚོས་གསལ་བོ་ཤེས་དགོས་པ་ཞིག་ནི། བཙན་བྱོལ་བོད་མིའི་སྤྱི་ཚོགས་རྩ་གཏོར་དུ་གཏོང་རྒྱུ་དེ་རྒྱ་གཞུང་གི་མིག་འབེན་ཡིན། དམིགས་ཡུལ་དེ་འགྲུབ་ཆེད་སྔ་ཕྱི་བར་གསུམ་དུ་ལྐོག་ཇུས་སྣ་ཚོགས་འཐེན་ཡོད། ལོ་གཉིས་གསུམ་གོང་ནས་རྒྱ་གཞུང་གི་འདྲེ་ལག་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ནང་རྐྱོང་མགོ་བརྩམས་ཏེ། བྱིས་པ་སྐོར་ཞིག་གི་རྒྱབ་ཀྱི་དཔེ་ཁུག་དང་ལག་གི་སྨྱུ་གུ་ཕྲོགས་ཏེ་ཕྱིར་ཁྲིད་སོང་། ཉེ་ལམ་ལྷ་ས་སྲིད་གྲོས་ནང་ཆེད་དུ་རྐུབ་སྟེགས་བཞག་སྟེ་ཕྱི་ཕྱོགས་ཀྱི་བོད་མི་བསླུ་འགུག་གི་རྒྱ་རྙི་བཙུགས་ཡོད། 

    བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ནང་སློབ་ཕྲུག་ཇེ་ཉུང་དུ་འགྲོ་བཞིན་པར་རྒྱུ་རྐྱེན་གཙོ་བོ་གསུམ་ཡོད། དང་པོ། ཞི་རྒོལ་ཆེན་མོའི་རྗེས་བོད་ཡུལ་སྟོད་སྨད་བར་གསུམ་རྒྱ་དམག་གིས་ལེབ་གནོན་བྱས། ལག་འཁྱེར་འཐུས་ཚང་མེད་ན་རང་ས་རང་ཡུལ་ནས་ཀྱང་འགུལ་སྐྱོད་རྒྱག་འཇུག་གི་མེད། མཆོད་མཇལ་གནས་སྐོར་དུ་འགྲོ་བར་ཡང་ཁྲིམས་མཐུན་ཡིག་ཆ་མང་པོ་བཟོ་དགོས། གཉིས་པ། བཙན་བྱོལ་ནས་ཕྱིར་བཙན་འོག་ཏུ་ལོག་མཁན་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། གདན་ས་ཁག་དང་སློབ་གྲྭ་ཁག་གི་སློབ་གཉེར་བ་མང་པོ་ཞིག་ཕྱིར་བོད་དུ་ལོག་གི་ཡོད། ལྡི་ལི་རྒྱ་ནག་གཞུང་ཚབ་སྒོ་ཁར་ཉིན་མཚན་གཉིས་ཀར་བོད་དུ་ལོག་བྱེད་ཀྱི་ལག་འཁྱེར་ལེན་མཁན་བང་སྒྲིག་བསྡད་ཡོད། གསུམ་པ། རྒྱ་གཞུང་གིས་ལོ་ངོ་བཅུ་ཕྲག་གོང་ནས་སློབ་གསོའི་ལས་དོན་ཐོག་ཤུགས་རྒྱག་མགོ་ཚུགས་ཡོད། བོད་ཐེ་བའི་གྲངས་ཉུང་མི་རིགས་ས་ཁུལ་དུ་ལོ་དགུའི་འོས་འགན་སློབ་གསོ་རིན་མེད་ཐོག་སྤྲོད་བཞིན་ཡོད། གྲོང་གསེབ་ཀྱི་ཕྲུ་གུ་དག་ཀྱང་བཙན་གྱིས་འཁྲིད་ཡོང་ནས་གཅིག་གྱུར་སློབ་གྲྭར་འཇུག་གི་ཡོད།

    ན་ནིང་དང་ད་ལོར་བཙན་བྱོལ་ནང་གསར་འབྱོར་རྐྱང་པ་སློབ་འཇུག་བྱེད་སའི་སློབ་གྲྭ་ཁག་ཅིག་ཀྱང་སྟོང་པ་ཆགས་གྲབས་ཡོད། ཧི་མ་ལ་ཡའི་རི་རྒྱུད་ཀྱི་བཀའ་དྲིན་ལ་ད་སྔ་སློབ་གྲྭ་སྒོ་རྒྱག་དགོས་པའི་གནས་ཚུལ་བྱུང་མེད་མོད། སློབ་ཕྲུག་མང་ཆེ་བའི་བཞིན་མདངས་གཞན་དུ་འགྱུར་ཚར་ཡོད་ལ། བོད་སྐད་ལས་ཧིན་སྐད་ལ་བག་ཆགས་མཐུག་པ་དང་། བོད་ཡིག་ལས་དབྱིན་ཡིག་ལ་སྤྲོ་བ་ཆེ་བའི་ཕྲུ་གུ་མང་པོ་ཞིག་འཚར་ལོངས་འབྱུང་བཞིན་ཡོད། འདི་བོད་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཀྱི་དམིགས་རྣམ་སྐྱོང་སྟངས་གཞན་ཞིག་ཡིན་སྲིད་མོད། ཤེས་ཡོན་སྲིད་བྱུས་གསར་པའི་དགོངས་དོན་མངོན་འགྱུར་ལ་ལམ་ཐག་རྦད་དེ་ཇེ་རིང་དུ་ཕྱིན་སོང་།

            རྒྱ་གཞུང་གིས་བོད་ནང་གི་བོད་ཕྲུག་ཚོར་ཤེས་ཡོན་རིན་མེད་ཐོག་སྤྲོད་ཐུབ་ན། ང་ཚོས་བཙན་བྱོལ་ནས་སོ་སོའི་ཕྲུ་གུར་ཅིའི་ཕྱིར་ཤེས་ཡོན་རིན་མེད་ཐོག་སྤྲོད་མ་ཐུབ་པ་རེད། ཕར་ཕྱོགས་ཀྱི་རྔ་རྡུང་སྟངས་ལ་གཞིགས་ཏེ་ཚུར་ཕྱོགས་ནས་བྲོ་འཁྲབ་སྟངས་ཤིག་ཡོད་དགོས། ངྷ་རམ་ས་ལ་གཡས་གཡོན་དང་ས་གནས་གཞིས་ཆགས་ཁག་ནང་། བོད་པ་རང་གི་བྱིས་པར་སློབ་ཡོན་མཐོན་པོ་ལེན་པ་དང་ཆ་རྐྱེན་མང་པོ་བགྲང་སྟེ། ཕ་མ་ཉམ་ཐག་ཚོའི་ཕྲུ་གུ་སློབ་གྲྭར་འཇུག་ཐུབ་ཀྱི་མེད་པ་འདི་དག་སློབ་འཇུག་བྱས་ཏེ་ཤེས་ཡོན་རིན་མེད་ཐོག་སྤྲད་ན་ངོ་མཚར་མི་ཆེ་འམ།།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༡༠
བསམ་ཚུལ།

བོད་ཀྱི་དཔའ་རྒོད་རང་བཙན་བློ་དགའ་ལས་འཕྲོས་པའི་རྗེས་དྲན།

༢༠༢༦/༠༧/༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

༢༠༢༦/༠༧/༠༩
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

༢༠༢༦/༠༧/༠༩
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

༢༠༢༦/༠༧/༠༩
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

༢༠༢༦/༠༧/༠༩

མཆན། 1

  1. ཁ་བཏགས་དཀར་པོ། says:
    ལོ་ 14 སྔོན།

    ༄། རྒྱ་ནག་གཞུང་གིས་བོད་ནང་ཤེས་ཡོན་རིན་མེད་བཏང་ཏེ་ཕྱི་ཚུལ་ནས་བོད་མིའི་ཞིང་འབྲོག་ཉམས་ཐག་གི་སློབ་གསོར་མཐོང་ཆེན་བྱེད་ཁུལ་ཡིན་ཀྱང་། དོན་དངོས་སུ་བོད་རང་སྐྱོང་ལྗོངས་ནས་འགོ་བཙུགས་ཏེ་ལོ་ངོ་བཅུ་ལྷག་ཕྱིན་པའི་སློབ་གྲྭའི་སློབ་གཞི་རྒྱ་ཡིག་ཅན་དུ་གྱུརཏེ་བོད་མི་རིགས་རྩ་མེད་བཟོ་བའི་སྲིད་བྱུས་ཀྱི་ཆ་ཤས་ཞིག་ཡིན་པ་ང་ཚོས་ཤེས་ཐུབ། ལས་དོན་དེ་ཚོའི་མྱོང་བའི་གྲུབ་འབྲས་ལ་བལྟས་ཏེ་མཚོ་སྔོན་ཕྱོགས་སུའང་སློབ་གཞི་རྒྱ་ཡིག་ཅན་གྱུར་ཏེ་བོད་མི་རིགས་ཀྱི་བསམ་བློ་དེ་མེད་པ་བཟོ་བར་ད་དུང་གང་འདྲ་བྱེད་དགོས་སྙམ་པ་འདི་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese