མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་གི་འདོད་མོས་ལྟར་ལས་ཀ་གོ་སྒྲིག་ཞུ་བའི་རེ་བ་ཡོད།

བོད་ཀྱི་དུས་བབ།
༢༠༡༢/༠༧/༣༡
Share on FacebookShare on TwitterShare on EmailShare on Whatsapp


བཀའ་ཤག་གི་དགོངས་དོན་ལྟར་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་གཙོ་འགན་འོག འཛིན་རིམ་ ༡༢ ནས་མཐོ་རིམ་གཙུག་ལག་རམས་འབྱམས་པའི་བར་གྱི་སློབ་ཐོན་པ་ ༤༠ ཙམ་ལ། འདི་ལོའི་ལས་བྱེད་གསར་བསྡུའི་སྤུས་ཚད་ཇེ་ལེགས་སུ་གཏོང་ཕྱིར་ཟླ་ ༥ རིང་ས་རཱ་མཐོ་སློབ་ཏུ་ཟབ་སྦྱོང་ཞིག་སྤྲོད་བཞིན་འདུག

དབུས་བོད་མིའི་སྒྲིག་འཛུགས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་གོ་སྒྲིག་འོག ཕྱི་ཟླ་ ༧ ཚེས་ ༡ ནས་འབྱུང་འགྱུར་ཕྱི་ཟླ་ ༡༡ བར་ས་རཱ་མཐོ་སློབ་ཏུ་བཀའ་ཤག་གསར་པའི་དགོངས་དོན་བཞིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་སྤྱིའི་སྤུས་ཚད་ཡར་རྒྱས་གཏོང་ཕྱིར། བོད་རིགས་སློབ་ཐོན་པ་ ༤༠ ཙམ་ལ་འདི་ལོའི་གཞུང་ཞབས་གསར་བསྡུའི་ཆེད་ཟབ་སྦྱོང་སྤྲོད་བཞིན་ཡོད་པའི་སྐབས་དང་བསྟུན་འདི་གའི་གསར་འགོད་པས་ཟབ་ཞུགས་སློབ་མ་ཁག་ཅིག་དང་། ས་རཱ་མཐོ་སློབ་ཀྱི་སློབ་སྤྱི། འདེམས་བསྐོ་ལྷན་ཁང་གི་འགན་འཛིན་སོ་སོར་ཟབ་སྦྱོང་དང་འབྲེལ་བའི་སྐོར་ལ་བཅར་འདྲི་ཞུས་ཡོད། 

ཕྱི་ཚེས་ ༢༥ ཉིན་གསར་འགོད་པ་ཆེད་དུ་འདེམས་བསྐོ་ལྷན་ཁང་དུ་བཅར་སྐབས། འདེམས་བསྐོ་ལྷན་ཁང་གི་འགན་འཛིན་འཇམ་དཔལ་ཆོས་བཟང་ལགས་ཀྱིས་ཟབ་སྦྱོང་པ་འདེམས་སྒྲུག་བྱེད་སྟངས་ངོ་སྤྲོད་གནང་དོན། འདི་ལོའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་གསར་བསྡུའི་ཚུད་རྒྱུགས་ཆེད་ཟླ་ ༥ རིང་གི་ཟབ་སྦྱོང་ལ་མཉམ་ཞུགས་སྟེང་ཚུད་རྒྱུགས་གཏོང་པའམ། ཟབ་སྦྱོང་ནང་མ་ཞུགས་ཀྱང་ཐད་ཀར་ཚུད་རྒྱུགས་གཏོང་ཆོག་པ་བཅས་དང་། ཚུད་རྒྱུགས་ནང་ཞུགས་འདུན་ཡོད་རིགས་ཚོས་ཕྱི་ཟླ་ ༥ པའི་ཚེས་ ༣༡ གོང་འདེམས་བསྐོ་ལྷན་ཁང་ལ་སྙན་ཞུ་འབུལ་དགོས་ཞེས་ཕྱི་ཟླ་ ༣ ཚེས་ ༢༡ ཉིན་གསལ་བསྒྲགས་སྤེལ་ཡོད་པ་ལྟར། སྙན་ཞུ་འབུལ་མཁན་ ༢༤༠ བྱུང་ཡོད་པ་ལས་མི་ ༩ ལ་ཆ་རྐྱེན་ཚང་མེད་པ་དང་། ཟབ་སྦྱོང་འདེམས་སྒྲུག་གི་ངག་རྒྱུགས་ནང་ཞུགས་རྒྱུར་ཆ་རྐྱེན་ཚང་མཁན་ ༢༣༡ བྱུང་ཡོད་ཀྱང་། དངོས་གཞིའི་ངག་རྒྱུགས་སྐབས་སློབ་མ་ ༡༦༤ ལས་བྱུང་མེད་པ་དང་། དེ་དག་ཁྲོད་ཀྱི་སློབ་མ་ ༧༣ གྱིས་ངག་རྒྱུགས་འཕྲོད་ཡོད་སྟབས། ངག་རྒྱུགས་འཕྲོད་མཁན་ལས་བརྒྱ་ཆ་རྩེ་བཏོག་ ༤༠ ལ་ཟབ་སྦྱོང་སྤྲོད་ཀྱི་ཡོད་ཅིང་། གཞན་ལྷག་མ་ ༣༦ ཙམ་སྒུག་ཐོའི་མིང་གཞུང་ནང་བཞག་ཡོད་འདུག གོང་གི་དུས་ཆད་ནང་སྙན་ཞུ་འབུལ་མཁན་ཁྲོད་ཟབ་སྦྱོང་ལ་མ་ཞུགས་པར་ཐད་ཀར་ཚུད་རྒྱུགས་གཏོང་གི་ཡིན་ཟེར་མཁན་གཉིས་གསུམ་ཞིག་ལས་བྱུང་མེད་པ་དང་། མཐའ་མའི་གཞུང་ཞབས་ཚུད་རྒྱུགས་སྐབས་ད་སྔ་སྙན་ཞུ་ཕུལ་ཟིན་པའི་རིགས་མ་གཏོགས་འཛུལ་ཞུགས་བྱ་མི་ཆོག་པ་བཟོས་འདུག

ད་སྔ་སྐབས་སོ་སོའི་གཞུང་ཞབས་ཀྱི་ས་མིག་དང་གནས་རིམ་གཏན་འཁེལ་ཐོག་གཞུང་ཞབས་གསར་བསྡུའི་ཚུད་རྒྱུགས་གཏོང་རྒྱུའི་གསལ་བསྒྲགས་སྤེལ་རྗེས། སྙན་ཞུ་འབུལ་མཁན་ཁྲོད་ཀྱི་ཆ་རྐྱེན་ཚང་མཁན་ཚོས་སོ་སོའི་འདོད་མོས་ལྟར་གནས་རིམ་སོ་སོའི་ས་མིག་ལ་ཚུད་རྒྱུགས་གཏོང་ཆོད་པ་མ་ཟད། འཛིན་རིམ་ ༡༢ ཐོན་མཁན་ཚོས་འགན་འཛིན་སྡེ་ཚན་དང་ལས་བྱེད་སྡེ་ཚན་གཉིས་ལས་ལས་བྱེད་སྡེ་ཚན་ནང་ཚུད་རྒྱུགས་གཏོང་ཆོག་གི་ཡོད་ཀྱང་། ཐེངས་འདིའི་ཐོག་མའི་གསལ་བསྒྲགས་ནང་མཐོ་སློབ་ཐོན་མཁན་ཚོས་སྙན་ཞུ་འབུལ་ཆོག་ཅེས་བསྒྲགས་ཡོད་པའི་ཐད་གསར་འགོད་པས་བཀའ་འདྲི་ཞུས་པར། འཇམ་དཔལ་ཆོས་བཟང་ལགས་ཀྱིས་ “བཀའ་ཤག་གིས་ཐེངས་འདིའི་ཚུད་རྒྱུགས་ནང་མཐོ་སློབ་ཐོན་མཁན་རྐྱང་དགོས་པའི་བཀའ་གནང་ཡོད་ཀྱང་། སྒྲིག་གཞིའི་ནང་འཛིན་རིམ་ ༡༢ ཐོན་མཁན་ཚོ་ཚུད་རྒྱུགས་ནང་ཞུགས་ཆོག་པ་གསལ་ཡོད་ཚུལ་ཞུས་པ་ཡིན། གསལ་བསྒྲགས་ནང་མཐོ་སློབ་ཐོན་མཁན་ཞེས་བཀོད་ཡོད་ཀྱང་། འཛིན་རིམ་ ༡༢ ཐོན་མཁན་ཚོར་གོ་སྐབས་ཡོད་རེད། ཐེངས་འདིའི་ཟབ་སྦྱོང་ནང་འཛིན་རིམ་ ༡༢ ཐོན་པའི་སློབ་མ་གཅིག་ཡོད་”ཅེས་བརྗོད་བྱུང་། ཡང་ཁོང་ལ་ད་ལྟའི་ཆར་དབུས་བོད་མིའི་སྒྲིག་འཛུགས་ནང་ལས་བྱེད་ས་མིག་ག་ཚད་ཅིག་ཡོད་མེད་དྲིས་པར་ཁོང་གིས་ “ ད་ལྟའི་ཆར་ལས་བྱེད་གསར་བསྡུའི་ས་མིག་ ༦༠ ཡས་མས་ཤིག་ཡོད་པ་རེད། ཡིན་ནའང་ཡིག་རྒྱུགས་དངོས་གཞིའི་བར་ཕྲན་བུ་ཡར་མར་འགྱུར་བ་འགྲོ་སྲིད་པ་རེད” ཅེས་བརྗོད་བྱུང་།

མཐའ་མའི་ཚུད་རྒྱུགས་དང་ལས་གནས་བསྐོ་བཞག་ཇི་ལྟར་བྱ་རྒྱུའི་སྐོར་དྲིས་པར་ཁོང་གིས། མཐའ་མའི་ལས་བྱེད་གསར་བསྡུའི་ཚུད་རྒྱུགས་ཚང་མར་གཅིག་གྱུར་བཏང་ཐོག རྒྱུགས་འབྲས་བརྒྱ་ཆའི་མཐོ་དམན་ལྟར་ལས་བགོས་བསྐོ་བཞག་བྱ་རྒྱུ་ཡིན་པ་དང་། མཐའ་མའི་ཚུད་རྒྱུགས་ཁྲོད་འཛིན་རིམ་ ༡༢ ཐོན་མཁན་སློབ་མ་ཞིག་མཐོ་རིམ་གཙུག་ལག་རབ་འབྱམས་པ་(M.Ph) ཐོན་མཁན་ཞིག་ལས་བརྒྱ་ཆ་མཐོ་བ་རག་ཡོད་ཚེ། རྒྱུགས་འབྲས་བརྒྱ་ཆ་མཐོ་བ་ལེན་མཁན་འཛིན་རིམ་ ༡༢ ཐོན་པའི་སློབ་མ་གང་དེའི་ལས་བྱེད་ཀྱི་གནས་རིམ་མཐོ་རིམ་གཙུག་ལག་རབ་འབྱམས་པ་ཐོན་མཁན་ལས་མཐོ་བར་བསྐོ་སྲིད་སྐོར་བརྗོད་བྱུང་།

ཡང་ཁོང་གིས་བརྗོད་པ་ལྟར་ན། ད་སྔའི་སྲི་ཞུ་ལས་བྱེད་གསར་བསྡུའི་ནང་གནས་རིམ་དམའ་བ་ལས་བྱེད་སྡེ་ཚན་དང་གནས་རིམ་མཐོ་བ་འགན་འཛིན་སྡེ་ཚན་གཉིས་ཡོད་པ་ལས། ལས་བྱེད་སྡེ་ཚན་ནང་ཚུད་ཟིན་རྗེས་ལོ་ག་ཚོད་ཕྱིན་ཡང་གླ་ཕོགས་ལས་གནས་རིམ་འཕར་རྒྱུ་མེད་ཀྱང་། ད་ལོ་ནས་ལས་བྱེད་སྡེ་ཚན་ནང་ཚུད་ཀྱང་གནས་རིམ་འཕར་རྒྱུ་ཡོད་པ་དང་། ད་སྔ་བོད་མིའི་སྒྲིག་འཛུགས་ལས་བྱེད་གསར་བསྡུའི་ནང་ཚུད་རྗེས་ལས་བགོས་གང་ལ་བྱས་པའི་ལས་ཁུངས་དེར་ཟླ་ ༦ རིང་ཚོད་ལྟའི་ཐོག་འདུག་དགོས་ཀྱང་། ད་ལོ་ནས་ལས་བྱེད་དུ་ཚུད་པ་རྣམས་ཀྱི་ཚོད་ལྟའི་ཟླ་ ༦ དེ་དབུས་བོད་མིའི་སྒྲིག་འཛུགས་ནང་ཟླ་ ༣ དང་། ས་གནས་གཞིས་ཆགས་གང་རུང་ནང་ཟླ་ ༣ བཅས་ཚོད་ལྟའི་ཟླ་ ༦ ཚང་རྗེས་གཏན་འཇགས་ལས་བྱེད་དུ་བསྒྱུར་དགོས་པ་སོགས་ཀྱི་འགྱུར་པ་བཏང་ཡོད་འདུག

    ཕྱི་ཚེས་ ༢༤ ཉིན་གསར་འགོད་པ་ས་རཱ་མཐོ་སློབ་ཏུ་ཕྱིན་ཏེ་ཟབ་སྦྱོང་བ་ཁག་ཅིག་དང་གླེང་མོལ་བྱེད་སྐབས། བྷང་ལོར་(Bangalore) ནས་གློག་ཀླད་སྟེང་གཙུག་ལག་རམས་འབྱམས་པ་(MCA)ཐོན་མཁན་བསྟན་འཛིན་མཆོག་ལྡན་གྱིས་ “ང་ཚོ་སོ་སོའི་ཆེད་སྦྱོང་དང་འབྲེལ་བ་ཡོད་པའི་ལས་གནས་ཤིག་ཏུ་བསྐོ་བཞག་མ་བྱས་ཚེ། གཅིག་ནས་སོ་སོའི་ནུས་པ་འདོན་མི་ཐུབ་པ་དང་། གཉིས་ནས་རང་ཉིད་ཀྱི་འདོད་མོས་དང་མི་འཐུན་པས། ལོ་གཅིག་གཉིས་སོང་རྗེས་ལས་ཀ་གཡུགས་ནས་འགྲོ་བཞག་གི་རེད”ཟེར། 

གཞན་མཱ་ནེ་པལ་གཙུག་ལག་སློབ་ཆེན་(Manipal University) ནས་སྨན་ཞབས་ཐོན་མཁན་བུ་མོ་ངག་དབང་བསྟན་འཛིན་གྱིས་ “ནང་མིའི་འདོད་བློ་དང་སློབ་ཡོན་གྱི་གོ་སྐབས་འོག འཛིན་རིམ་ ༡༢ ཐོན་རྗེས་སྨན་ཞབས་སློབ་སྦྱོང་བྱས་དགོས་བྱུང་། མཐོ་སློབ་ལོ་རིམ་གཉིས་པར་བསླེབས་སྐབས་ངས་སོ་སོའི་སློབ་སྦྱོང་གི་གདམ་ཀ་དེ་ནོར་ཡོད་པ་ཤེས་བྱུང་། གཞུང་ཞབས་ནང་ཚུད་ཚེ་འཕྲོད་བསྟེན་ལས་ཁུངས་ནང་བཏང་པ་ཡིན་ན་སོ་སོའི་ནུས་པ་འདོན་ཐུབ་རྒྱུ་རེད། འོན་ཀྱང་། ལས་གནས་གཞན་ཞིག་ཏུ་བཏང་ཡང་གཞུང་ཞབས་ནང་ལས་ཀ་བྱ་འདོད་ཆེན་པོ་ཡོད་”ཟེར།

མཱ་ངྷི་རཱ་སི་གཙུག་ལག་སློབ་ཆེན་(Madras University) ནས་དཔལ་འབྱོར་རིག་པའི་སྟེང་མཐོ་རིམ་གཙུག་ལག་རམས་འབྱམས་པ་(M.Ph)ཐོན་མཁན་བསྟན་འཛིན་རྣམ་རྒྱལ་གྱིས་ “ངས་གདམ་ཀ་དང་པོ་དཔལ་འབྱོར་ལས་ཁུངས་བྲིས་ཡོད། ཡིན་ནའང་སོ་སོར་བོད་པའི་སྤྱི་ཚོགས་ནང་ཞབས་ཞུ་བསྒྲུབ་འདོད་ཆེན་པོ་ཡོད་སྟབས། ལས་ཁུངས་གཞན་པ་ཞིག་ཏུ་བཏང་ནའང་རིམ་གཞིན་འགྲིག་འགྲོ་ངེས་རེད་”ཅེས་བརྗོད་བྱུང་།

དེ་སྔོན་འདེམས་བསྐོ་ལྷན་ཁང་གིས་སྲི་ཞུ་ལས་བྱེད་གསར་བསྡུའི་ཟབ་སྦྱོང་སྐོར་གྱི་གསར་འགོད་གསལ་བསྒྲགས་སྤེལ་སྐབས། ཐེངས་འདིའི་ཟབ་སྦྱོང་གི་འགྲོ་གྲོན་ཆ་ཚང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གཏོང་རྒྱུ་ཡིན་པ་དང་། སྔོན་རྩིས་ལྟར་ན་ཟབ་སྦྱོང་ཐད་ཧིན་སྒོར་འབུམ་ ༢༥ ནས་ ༣༠ བར་འགྲོ་རྒྱུར་ཚོད་དཔག་བྱེད་ཀྱི་ཡོད་སྐོར་བརྗོད་ཡོད་པ་རེད།

 

གསར་འགོད་པ། བནྡེ་སྐྱབས།

བོད་ཀྱིད་དུས་བབ་ཚགས་པར་ལས་འདིར་བདམས་བཀོད་བྱས་པ་ཡིན།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༢༠ སྔོན་ལ།
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧
Close view of Chinese PLA combat helicopter in Tibet_January 05 2021
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དགོས་པའི་རེ་སྐུལ་ཞུས། 

༢༠༢༥/༠༦/༢༦
Mobile App

མི་འགྱངས་བར་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཚོགས་ཆེན་འཚོག་རྒྱུ་ཡིན་འདུག 

༢༠༢༥/༠༦/༢༦

མཆན། 2

  1. བྱམས་པ་རྒྱལ་མཚན says:
    ལོ་ 13 སྔོན།

    འདི་ཧ་ཅང་ཡག་པོ་འདུག གསར་དུ་ལས་གནས་ལ་ཞུགས་བཞིན་པའི་མི་བུ་དག་ལ་བཅར་འདྲི་བྱས་ན། གཅིག་ནས་མི་སོ་སོར་སེམས་ཤུགས་སྐྱེ་གི་རེད། སྤྱི་ཚོགས་རྗེས་མ་ཚོ་ལ་བློ་སྟོབས་འཕར་ཡོང་གི་རེད། དེར་བརྟེན་གསར་གནས་ཁག་གིས་སྤྱི་ཚོགས་ཀྱི་མི་སྣ་འདྲ་མིན་ལ་བཅར་འདྲི་བྱེད་དགོས་པ་གལ་ཆེན་ཡིན་པར་འདོད།

    Reply
  2. ཤིང་ལོ། says:
    ལོ་ 13 སྔོན།

    ཧ་ཅང་བཟང་གི། འདེམས་སྒྲིག་བྱེད་པའི་རྒྱུ་སྤུས་དག་ཚོད་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese