མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རྒན་རཀ་ར་བཀྲས་མཐོང་པའི་དྲང་གཏམ།

བོད་ཀྱི་དུས་བབ།
༢༠༡༢/༠༨/༠༢
Share on FacebookShare on TwitterShare on EmailShare on Whatsapp


ཕྱི་ལོ་
༢༠༡༢ ཟླ་ ༤ ཚེས་ ༢༠ ཉིན་གྱི་བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༥༥༢ སྟེང་གི་ཤོག་གྲངས་ ༦ པའི་ནང་། བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་ལ། ལམ་དབུ་མའི་མདུན་ལམ་སྐོར་ལ། བཀའ་ལན། “བོད་དེ་དང་པོ་སྲིད་པ་ཆགས་སྐབས་ནས་སྟོབས་ཆེན་རྒྱལ་ཁབ་རྒྱ་གར་དང་རྒྱ་ནག  ཨུ་རུ་སུ་སོག་པོ་བཅས་ཀྱི་བར་དུ་གནས་ཡོད་ཀྱང་། ༡༩༥༡ བར་བོད་ལ་སྟོབས་ཆེན་རྒྱལ་ཁབ་སུས་ཀྱང་ཆ་ཚང་དབང་བསྒྱུར་བྱས་པའི་ལོ་རྒྱུས་མེད་པར།” ཞེས་པ་ནས། “དབུ་མའི་ལམ་གྱི་སྲིད་བྱུས་ཀྱིས་རྒྱ་ནག་མང་གཙོའི་ལམ་ཕྱོགས་ཐོག་བསྐུལ་འདེད་གཏོང་ཐུབ་ཡོད།”

གསར་འགོད་པས། ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས་བོད་རྒྱའི་རྒྱལ་དར་འཁྱེར་ཏེ་ལས་འགུལ་སྤེལ་བཞིན་པ་གཟིགས་ཚུལ་དྲི་བཞུས་པར། བཀའ་ལན། “ང་ཚོས་ཁ་གཏད་བྱེད་སྐབས་མི་རིགས་ཤིག་གི་བརྩི་མཐོང་དང་མཚོན་རྟགས་ཡིན་པ་ཞིག་ལ་དམའ་འབེབས་བཏང་ན།” ནས་ “ རྒྱ་ནག་གི་རྒྱལ་དར་ལ་མེར་བསྲེགས་གཏོང་བ་དང་རྡོག་བརྫིས་བཏང་ན། དེ་བཟང་སྤྱོད་དང་མཐུན་པ་ཞིག་ལ་ངོས་འཛིན་ཞུ་གི་མེད།” ཅེས་གསུངས་འདུག་པ་ནི་སྐྱེས་བུ་དམ་པའི་བཀའ་ལོས་ཡིན། རང་རེའི་རྒྱལ་དར་ཆོས་སྲིད་གཉིས་ཀའི་མཚོན་དོན་ཡོད་པ་དེ་དང་། རྒྱ་དམར་གྱི་རྒྱལ་གླུའི་ཚིག་ལ་མི་མང་པོ་སྲོག་བཅད་པའི་ཁྲག་མདངས་ཡིན་ཟེར་བའི་རྒྱ་དམར་གྱི་དར་ཆ་མཉམ་འཁྱེར་བྱེད་རྒྱུ་དེ། བོད་པ་མི་མང་གི་བསམ་པའི་ཆེ་མཐོང་ལ་ཆ་འཇོག་ཏིལ་ཙམ་མེད་པའི་རང་རྟགས་སམ། ཡང་ན་སྐྱབས་བཅོལ་གཞུང་ལ་དགོངས་སྐོར་ཞུ་དགོས་པ་ཅིག་མིན་ནམ།

“ང་རང་སྒེར་ངོས་ནས་དེ་ལ་ངོ་རྒོལ་བྱ་འདོད་གང་ཡང་མེད། ངས་བལྟས་ན་ཁོ་རང་ལ་རྒྱབ་ལྗོངས་ཀྱི་དགོངས་པ་བཞེས་སྟངས་ཤིག་ཏན་ཏན་ཡོད་ཀྱི་རེད།” ཅེས་ཞེ་ས་དང་བཅས་གསུངས་པ་ལོས་བདེན། ཡིན་ན་ཡང་། རྒྱབ་ལྗོངས་ཀྱི་ཚིག་ལ་རེ་མ་དགོས་པའི་བོད་པའི་ངེས་ཚིག་མི་འདྲ་བ་ལྔ་དྲུག་ངེས་པར་ཡོད་ངེས། རྒྱ་གར་ནས་བཀའ་བསྟན་བཅོས་མང་པོ་དེ་ཙམ་བསྒྱུར་དུས་ཚིག་གི་ཕོངས་པ་བྱུང་ཚུལ་མཐོང་ཐོས་མེད་ངེས་ཡིན། ཡང་དབུ་མའི་ལམ་གྱི་སྲིད་བྱུས་ཀྱིས་རྒྱ་ནག་མང་གཙོ་ཅན་དུ་འགྱུར་བར་ཤུགས་རྐྱེན་ཐེབས་ཀྱི་ཡོད་མེད་དྲིས་པར། “རྒྱ་ནག་གི་མི་སུ་ལ་སྐད་ཆ་དྲིས་ན་ཡང་། བརྒྱ་ཆ་ ༩༠ ཙམ་གྱིས་བོད་ཁ་བྲལ་དུ་སོང་ན་འགྲིག་གི་མ་རེད་ཟེར་གི་རེད། རྒྱ་རིགས་མང་ཆེ་ཤོས་ཀྱིས་རྒྱ་བོད་གཉིས་མཉམ་འབྲེལ་ཐོག་སྡོད་དགོས་པ་རེད་ཟེར་གྱི་ཡོད།” གསུངས་འདུག་ཀྱང་། གོང་དུ་ནི་ “བོད་དེ་དང་པོ་སྲིད་པ་ཆགས་སྐབས་ནས་” ཞེས་པ་ནས་ “༡༩༥༡ བར་བོད་ལ་སྟོབས་ཆེན་རྒྱལ་ཁབ་སུས་ཀྱང་ཆ་ཚང་དབང་བསྒྱུར་བྱས་པའི་ལོ་རྒྱུས་མེད་པར་” ཞེས་པ་ནས། “བོད་ནི་དབུས་ཨེ་ཤ་ཡའི་གླིང་ཆེན་ནང་མི་ཚང་མས་ཞེད་སྣང་བྱ་སའི་སྟོབས་ཆེན་རྒྱལ་ཁབ་ཅིག་གི་ངོ་བོར་གནས་ཡོད་ཚུལ་དང་།” ཞེས་དང་། “འགྲོ་འགོན་ཆོས་རྒྱལ་འཕགས་པས་” ཞེས་པ་ནས་ “ཁྱིམ་མཚེས་རྒྱལ་ཁབ་ཚོས་དབང་བསྒྱུར་བྱས་པའི་གནས་སྟངས་བྱུང་མྱོང་མེད་པ་དང་། ” ཞེས་སོགས་བཀའ་གནང་བཞིན་དུ། “ད་བར་ང་རང་བོད་རྒྱ་ནག་དང་ཁ་བྲལ་ཏེ་རང་བཙན་བྱས་ན་འགྲིག་གི་རེད་ཟེར་མཁན་གཅིག་མ་གཏོགས་ཐུག་མ་སོང” ཞེས་སོགས་བཀའ་གནང་ན། ད་ཆ་མདོ་སྟོད་སྨད་ཀྱི་བོད་པ་ཕོ་མོ་ཁྱད་མེད་དང་། གཞོན་པ་ལོ་བཅུ་བདུན་བཅོ་བརྒྱད་ཙམ་ཡིན་པ་འགའ་ཤས་ནས་ཀྱང་རང་ཡུལ་རང་བཙན་གྱི་དོན་དུ། ལུས་སྲོག་ཕངས་མེད་དུ་བཏང་དང་གཏོང་བཞིན་པ་ལ། རྗེ་བཙུན་བྱམས་པ་མགོན་པོས། ༼ཆོས་ཀྱི་དོན་དུ་སྲོག་གཏོང་བ། ནས་ཕྱིར་མི་ལྡོག་པའི་རྟགས་དག་ཡིན།༽ ཞེས་པ་ལྟ་བུའི་གསུང་གིས་སེམས་གསོ་གཏོང་རྒྱུ་ཐུགས་ལ་མ་བབས་ན་ཡང་། བོད་པ་ལྷག་བསམ་ཅན་ཚོ་ཡི་ཐང་ཆད་འཇུག་པ་གནང་ན་སྐུ་སྡིག་མི་ཡོང་ངམ།

གུས་པས་དྲང་གཏམ་ཞིག་ཞུ་དགོས་བྱུང་དོན་ནི། ༸གོང་ས་སྐྱབས་མགོན་བཅུ་གསུམ་པས། བཀྲས་མཐོང་བུ་རིག་འཛིན་རྣམ་རྒྱལ་དཔའ་ཤོད་རཀ་རའི་སྐྱེ་སྲིད་དུ་ངོས་འཛིན་ན་འཐུས། ཞེས་ཕྱག་རྟགས་གནང་བ་བཞིན་ད་ལྟའང་མདོ་སྟོད་ཀྱི་ཁོངས་སུ་ཡོད་པས་མགྲིན་ཚབ་བྱས་ཏེ། མཐའ་དོན་ཞུ་རྒྱུ་ནི། མཛད་སྒོའི་གསུང་བཤད་དབུ་བཙུགས་སྐབས་ལ་ནི། སྲིད་པ་ཆགས་སྐབས་ནས་སྟོབས་ཆེན་རྒྱལ་ཁབ་རང་དབང་རང་བཙན་ཡིན་པ་དང་། ཡང་མཐའ་སྡོམ་དུ་ནི་རྒྱ་བོད་མཉམ་འབྲེལ་དུ་གནས་པ་མ་གཏོགས། ཁྱིམ་པ་ཕོ་མོ་ལྟར་ཁ་བྲལ་མི་ཆོག་ཅེས་བཀའ་ནན་གནང་ན། མང་གཙོའི་ཁས་ལེན་དམ་བཅའ་ལ་མི་གནོད་དམ། རབ་ཏུ་གུས་པའི་ཕྱག་བཅས།

བོད་རྒན་རཀ་ར་བཀྲས་མཐོང་པས། ༢༠༡༢ ཟླ་ ༦ ཚེས་ ༢༣ ལ། ཕུལ།

 

རྩོམ་སྒྲིག་པའི་མཆན། གོང་གི་རྩོམ་ཐུང་དེའི་མ་ཡིག་ནང་འཕྲིན་ཡིག་གི་ཚུལ་དུ་ཁ་བྱང་སོགས་མེད་པར་སྤེལ་འདུག་མོད། འདིར་དྲ་བའི་ཁ་བྱང་གི་ས་མིག་བསྐང་ཕྱིར་ཁ་བྱང་བཀོད་པ་ཡིན།

འབྲེལ་ཡོད་གསར་འགྱུར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་པར།
Mobile App

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་དབུ་འཛུགས་བྱས།  

ཆུ་ཚོད་ ༡༣ སྔོན་ལ།
 བོད་མིའི་སྒྲིག་འཛུགས་དཔལ་འབྱོལ་ལས་ཁུངས་ཀྱི་ལས་སྡོམ་སྐབས།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དང་བླངས་དཔྱ་དངུལ་གྱི་ཡོང་འབབ་ག་ཚོད་ཡིན་ནམ།

ཆུ་ཚོད་ ༡༥ སྔོན་ལ།
CPC Central Committee appoints new Party chiefs for Xizang, Gansu, Qinghai. Photo Edited by Tibettimes
Mobile App

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བར་དམར་ཤོག་དྲུང་ཆེ་གསར་པ་ཞིག་བསྐོས་འདུག

ཆུ་ཚོད་ ༡༩ སྔོན་ལ།
Four River, Six Ranges Movie
Mobile App

བལ་ཡུལ་གཞུང་གིས་གཞན་ཕན་ཁྱིམ་གསར་ལགས་འཛིན་བཟུང་དགོས་པའི་བཀའ་ཁྱབ་བསྒྲགས།

ཆུ་ཚོད་ ༢༠ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཉིན་ལྔ་པའི་སྐབས། བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས།
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་ལྔ་སྤྱི་མོས་གཏན་འབེབས་བྱུང་སོང་།

༢༠༢༦/༠༩/༢༡
ས་སྐྱ་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག
གསར་སྙིང་།

ས་སྐྱ་ ༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་བོད་ཀྱི་དུས་བབ་གསར་ཁང་དབུ་བརྙེས་ནས་བགྲང་བྱ་ ༣༠ འཁོར་བར་བསྩལ་གནང་མཛད་པའི་གསུང་འཕྲིན།

༢༠༢༦/༠༩/༢༡

མཆན། 2

  1. བཙན་པོའི་བུ། says:
    ལོ་ 14 སྔོན།

    རཀ་ར་རྒད་པོ་དེ་ད་ལྟ་གཞི་ནས་གཉིད་ལས་སད་པ་འདྲ། ཟམ་གདོང་རིན་པོ་ཆེ་བཀའ་ཁྲི་ནས་དགོངས་པ་ཞུས་ནས་ལོ་ངོ་གཅིག་ཙམ་འགྲོ་གྲབས་འདུག བོད་ནང་དཔའ་བོ་ཚོས་རང་སྲེག་གི་ལས་འགུལ་སྤེལ་ནས་ཀྱང་དུས་ཚོད་གང་ཙམ་ཕྱིན་སོང་། འོན་ཀྱང་རཀ་ར་རྒད་པོ་ད་ལྟ་གཞི་ནས་གཉིད་ལས་སད་པ་འདྲ།

    Reply
  2. གསེར་འབྲུག་སྡེར་ལྔ་ says:
    ལོ་ 14 སྔོན།

    འཁྲུལ་ཅིག་འཁྲུལ་ན་མཁས་པ་འཁྲུལ། ཞེས་པ་ལྟར་མཁས་པས་མཁས་ཉམས་བཏོན་ན་འདི་འདྲ་རེད། ནམ་མཁའ་མ་གཏོགས་ས་གཞི་མ་མཐོང་ཙང་བྱས་པ་རེད། རཀ་ར་རྒན་པོས་གསུངས་པ་དེ་དེ་བཞིན་ནོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese