མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བྱང་ཀོ་རེ་ཡའི་གནོད་ཐེབས་མི་མང་ལ་རོགས་སྐྱོར།

བོད་ཀྱི་དུས་བབ།
༢༠༡༢/༠༨/༠༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་ཚོགས་བཟའ་འབྲུ་རོགས་སྐྱོར་སྡེ་ཚན་གྱིས་བྱང་ཀོ་རེ་ཡའི་གནོད་ཐེབས་ས་ཁུལ་ཁག་གི་མི་མང་ཚོར་བཟའ་འབྲུའི་རོགས་སྐྱོར་ཐེངས་དང་པོ་བཏང་ཡོད་འདུག

ཁ་སང་ཕྱི་ཚེས་ ༣ ཉིན་རྒྱལ་ཚོགས་བཟའ་འབྲུ་རོགས་སྐྱོར་སྡེ་ཚན་གྱིས་སྤེལ་པའི་གནས་ཚུལ་ལྟར་ན། ཟླ་སྔོན་མའི་ནང་བྱང་ཀོ་རེ་ཡའི་ནང་ཆུ་ལོག་གིས་ཡུལ་མི་ ༡༡༩ ཙམ་རྐྱེན་འདས་སུ་བཏང་ཡོད་པ་དང་། ཡུལ་མི་ཁྲི་ ༨ ལྷག་ལ་སྡོད་གནས་མེད་པར་གྱུར་པའི་གནས་སྟངས་འོག  བྱང་ཀོ་རེ་ཡས་རྒྱལ་ཚོགས་ལ་བཟའ་འབྲུ་དང་སྨན་སྦྱོར། མཐུང་ཆུ་སོགས་ཀྱི་རོགས་སྐྱོར་ཡོང་པའི་རེ་འབོད་བྱས་པ་ལྟར། རྒྱལ་ཚོགས་ལྟ་ཞིབ་མི་སྣ་གནོད་ཐེབས་ས་ཁུལ་ཁག་ཏུ་གཟིགས་སྐོར་ཕྱིན་རྗེས་ཀྱི་སྙན་ཐོའི་ནང་། བྱང་ཀོ་རེ་ཡའི་མི་འབོར་ས་ཡ་ ༢༤ ནང་ནས་གསུམ་ཆ་གཉིས་ཙམ་ལ་བཟའ་འབྲུའི་དཀའ་ངལ་འཕྲད་ཀྱི་ཡོད་པ། ལྷག་པར་དུ་ཆུ་ལོག་གིས་གཏོར་སྐྱོན་ཕོག་ཡུལ་མི་མང་ཚོར་བཟའ་འབྲུའི་རོགས་སྐྱོར་དགོས་པ་ནི་ཛ་དྲག་ཏུ་གྱུར་ཡོད་ཚུལ་བཀོད་ཡོད་པས། ད་ཆར་གཙོ་བོ་གནོད་ཐེབས་ས་ཁུལ་ཁག་གི་མང་ཚོགས་ཚོར་ཛ་དྲག་ངང་གྲུ་ཐོག་བརྒྱུད་བཟའ་འབྲུ་སྐྱེལ་འདྲེན་བྱེད་བཞིན་ཡོད་འདུག

གཟའ་ཕུར་བའི་ཉིན་རྒྱལ་སྤྱིའི་རྒྱ་གྲམ་དམར་པོ་(Red Cross) རོགས་སྐྱོར་ཚོགས་པས་བརྗོད་པ་ལྟར་ན། ད་སྔ་རྒྱ་གྲམ་དམར་པོ་ཚུད་པའི་རྒྱལ་སྤྱིའི་རོགས་སྐྱོར་སྡེ་ཚན་ཁག་ཅིག་གིས་བྱང་ཀོ་རེ་ཡའི་གནོད་ཐེབས་མང་ཚོགས་ལ་རོགས་སྐྱོར་ཆེད། དངུལ་དངོས་ཀྱི་རོགས་སྐྱོར་ཞལ་འདེབས་བསྡུས་ཏེ་ད་ཆར་ཨ་སྒོར་ཁྲི་ ༣༠ ལྷག་བྱུང་ཡོད་པ་ཕར་གཏོང་བཞིན་ཡོད་འདུག

ཐེངས་འདིའི་བྱང་ཀོ་རེ་ཡའི་ཆུ་ལོག་གི་གནོད་འཚེ་ཚབས་ཆེ་ཤོས་ཐེབས་ཡུལ་ནི།བྱང་ཀོ་རེ་ཡའི་ཧྥི་ཡན་གྷན (Phyyongan) མངའ་སྡེ་ལྷོ་ངོས་ཀྱི་ཨན་ཇུ་གྲོང་ཁྱེར་དང་སོང་ཆོན་རྫོང་། དེ་བཞིན་ཁང་ཝོན་(Kangwon) མངའ་སྡེའི་ཆོན་ནའེ་རྫོང་ས་གནས་བཅས་ཡིན་འདུག

གསར་འགོད་པ། བནྡེ་སྐྱབས།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist