མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་དབྱངས་སྐྱིད་ཀྱིས་ཟངས་ཀྱི་རྟགས་མ་བླངས་སོང་།

བོད་ཀྱི་དུས་བབ།
༢༠༡༢/༠༨/༡༡
Share on FacebookShare on TwitterShare on EmailShare on Whatsapp

དོ་དགོང་འཛམ་གླིང་ལོན་ཊོན་ཨོ་རྩེད་ཀྱི་སྤྱི་ལེ་ ༢༠ ཅན་གྱི་བུད་མེད་འདུར་རྒྱུག་ཁྲོད། བོད་པའི་བུ་མོ་ཆོས་དབྱངས་སྐྱིད་ལགས་ཀྱིས་ཟངས་ཀྱི་རྟགས་མ་བླངས་སོང་། 

དོ་དགོང་རྒྱ་གར་གྱི་ཆུ་ཚོད་ ༩ ། ༣༠ སྟེང་ལོན་ཌོན་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ལས་སྤྱི་ལེ་ ༢༠ ཅན་གྱི་བུད་མེད་འདུར་རྒྱུག་འགྲན་བསྡུར་མགོ་འཛུགས་བྱས་ཤིང་། ཆུ་ཚོད་ ༡༡ མ་ཟིན་ཙམ་ལ་འགྲན་བསྡུར་མཇུག་སྒྲིལ་ཡོད་པ་དང་། བོད་རིགས་བུ་མོ་ཆོས་དབྱངས་སྐྱིད་ལགས་ཀྱིས་ཨང་གསུམ་པའི་རྒྱལ་ཁ་བླངས་ཏེ། འཛམ་གླིང་ཨོ་རྩེད་འགྲན་བསྡུར་ཁྲོད་ཟངས་ཀྱི་རྟགས་མ་ལེན་མཁན་བོད་རིགས་ལུས་རྩེད་པ་ཐོག་མ་དེ་ཆགས་ཡོད་པ་རེད།

དོ་ནུབ་ཀྱི་འགྲན་བསྡུར་ཁྲོད་ར་ཤི་ཡའི་བུ་མོ་(Lashimanova Elena)ལགས་སུ་ཨང་དང་པོ་གསེར་གྱི་རྟགས་མ་དང་། ར་ཤི་ཡའི་བུ་མོ་(Kaniskina Olga)ལགས་སུ་ཨང་གཉིས་པ་དངུལ་གྱི་རྟགས་མ། བོད་པའི་བུ་མོ་ཆོས་དབྱངས་སྐྱིད་ལགས་སུ་ཨང་གསུམ་པ་ཟངས་ཀྱི་རྟགས་མ་བཅས་ཐོབ་སོང་།

འདུར་རྒྱུག་སྤྱི་ལེ་ ༢༠ ཙམ་ལ་རྒྱུགས་ཡོད་པ་ལས་ཨང་དང་པོའི་མགྱོགས་ཚད་ཆུ་ཚོད་སྐར་མ་(1:25:2)ནང་མཐའ་མའི་ས་ཚིགས་སུ་བསླེབས་ཡོད་པ་དང་། ཨང་གཉིས་པ་(1:25.9)ནང་བསླེབས་ཡོད། ཨང་གསུམ་པ་(1:25:16)ནང་བསླེབས་ཏེ། ཨང་དང་པོ་དང་ཆོས་དབྱངས་སྐྱིད་ཀྱི་བར་སྐར་ཆ་ ༡༤ དང་། ཨང་གཉིས་པ་ཆོས་དབྱངས་སྐྱིད་ཀྱི་བར་སྐར་ཆ་ ༧ བཅས་ཀྱི་ཁྱད་ལས་ཤོར་མེད།  

ཐེངས་འདིའི་རྒྱུག་ལམ་གྱི་གཡས་གཡོན་དུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མང་པོས་བོད་ཀྱི་རྒྱལ་དར་དང་བོད་པའི་ཚིག་བརྗོད་འཁོད་པའི་ལ་བ་འདྲ་མིན་གྱོན་ཏེ། བུ་མོ་ཆོས་དབྱངས་སྐྱིད་ལ་དགའ་འབོད་ཞུས་ཡོད་པ་རྒྱ་གར་ནང་གི་བརྙན་འཕྲིན་(SPORTS)དང་། (STAR SPORTS)སོགས་བརྒྱུད་དེ་གསལ་བོར་མཐོང་ཐུབ་པ་མ་ཟད། རྒྱ་གར་ངྷ་རམ་ས་ལ་གཙོས་པའི་ས་གནས་ཁག་དང་། དེ་མིན་ཕྱི་རྒྱལ་ཡུལ་གྲུ་ཁག་བཅས་ཀྱི་བོད་མི་ཚོས་བརྙན་འཕྲིན་དང་དྲ་རྒྱ་སོགས་བརྒྱུད་དེ་བུ་མོ་ཆོས་དབྱངས་སྐྱིད་ཀྱི་འདུར་རྒྱུག་ལ་ལྟད་མོར་བལྟས་ཡོད་འདུག

བོད་རིགས་ལུས་རྩེད་པ་ཆོས་དབྱངས་སྐྱིད་ལགས་སུ། དེ་སྔོན་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་གིས་བཅར་འདྲིའི་སྐབས།  ཁོ་ མོས་ “ང་རང་བོད་རིགས་ཤིག་ཡིན་པའི་ངོས་ནས་འཛམ་གླིང་ཨོ་རྩེད་འགྲན་བསྡུར་ཁྲོད་ཞུགས་ཐུབ་པ་དེ་གཟི་བརྗིད་དུ་སེམས་ཀྱིན་ཡོད། ངས་གྲུབ་འབྲས་ལེགས་པོ་ཞིག་ལོན་ཐུབ་རྒྱུར་འབད་བརྩོན་གནང་གི་ཡིན། ” ཅེས་བརྗོད་ཡོད་པ་རེད།

རྒྱ་གར་ངྷ་རམ་ས་ལར་བརྙན་འཕྲིན་བརྒྱུད་བུ་མོ་ཆོས་དབྱངས་སྐྱིད་ཀྱི་འདུར་རྒྱུག་འགྲན་བསྡུར་ལ་ལྟ་མཁན་ཞིག་ལ་ཚོར་བ་ཅི་བྱུང་བཅར་འདྲི་ཞུས་པར། “ངོ་མ་དགའ་བོ་བྱུང་སོང་། བཤད་མི་ཤེས་པའི་དགའ་སྤྲོ་ཞིག་སྐྱེས་སོང་། ངྷ་རམ་ས་ལའི་ཟ་ཁང་མང་ཆེ་བའི་ནང་བོད་མི་མང་པོ་འཛོམས་ཏེ་བརྙན་འཕྲིན་ལ་ལྟ་བཞིན་འདུག མོ་ལ་ཨང་དང་པོ་ཐོབ་མ་ཐག་ཚང་མས་སྐད་བརྒྱབ་སོང་། གཞས་གཏོང་གི་འདུག ཡིན་ནའང་མོ་ལ་བྱ་དགའ་ཐོབ་ཚར་བའི་རྗེས་ལ་བསམ་བློ་བཏང་ན། སེམས་ལ་དགའ་བ་དང་མཉམ་དུ་སྐྱོ་བ་ཞིག་ཀྱང་སྐྱེ་ཡོང་གི་འདུག གང་ཡིན་ཟེར་ན། མོ་རང་ཐེངས་འདིར་རྒྱ་ནག་གི་ལུས་རྩེད་པའི་འཐུས་ཚབ་ཅིག་ཆགས་ཡོད་པ་དང་། བྱ་དགའ་དེ་ཡང་རྒྱ་ནག་(China)ཞེས་པའི་མིང་ཐོག་ནས་བརྩོན་ལེན་བྱེད་དགོས་ཆགས་ཡོད་པ་རེད། གང་ལྟར། བོད་པ་ཞིག་ཨོ་རྩེད་འགྲན་བསྡུར་ནང་ཞུགས་ཐུབ་པ་ཙམ་གྱིས་རླབས་ཆེན་པོ་ཞེ་དྲག་རེད་ལ། རྒྱ་ནག་གི་ཨང་དང་པོ་དང་། འཛམ་གླིང་གི་ཨང་གསུམ་པའི་བྱ་དགའ་ཐོབ་སོང་བ་དེ་བོད་མི་རིགས་ཀྱི་གཟི་བརྗིད་དང་སྤོབས་པ་རེད་དྲན་ཡོད” ཅེས་བརྗོད་སོང་།

འདུར་རྒྱུག་འགྲན་བསྡུར་མགོ་བཙུགས་ཏེ་སྤྱི་ལེ་ ༢ ཕྱིན་མཚམས། བུ་མོ་ཆོས་དབྱངས་སྐྱིད་ཀྱིས་མགྱོགས་ཚད་སྐར་མ་ ༨ དང་སྐར་ཆ་ ༣༩ བླངས་ཏེ་ཨང་ ༡༢ ཆགས་ཡོད་པ་དང་། སྤྱི་ལེ་ ༤ བསྐྱོད་མཚམས་མགྱོགས་ཚད་སྐར་མ་ ༡༧ སྐར་ཆ་ ༢༡ བླངས་ཏེ་ཨང་ ༡༠ དང་། སྤྱི་ལེ་ ༦ བསྐྱོད་མཚམས་མགྱོགས་ཚད་སྐར་མ་ ༢༦ སྐར་ཆ་ ༠༤ བླངས་ཏེ་ཨང་ ༧ ། སྤྱི་ལེ་ ༡༠ བསྐྱོད་མཚམས་མགྱོགས་ཚད་སྐར་མ་ ༤༣ དང་སྐར་ཆ་ ༡༦ བླངས་ཏེ་ཨང་ ༥ ། སྤྱི་ལེ་ ༡༦ བསྐྱོད་མཚམས་མགྱོགས་ཚད་ཆུ་ཚོད་ ༡ སྐར་མ་ ༠༨ སྐར་ཆ་ ༣༤ བླངས་ཏེ་ཨང་ ༣ པར་སླེབས་ཤིང་། མཐའ་མའི་ས་ཚིགས་སུ་སྐབས་མགྱོགས་ཚད་ཆུ་ཚོད་ ༡ སྐར་མ་ ༢༥ སྐར་ཆ་ ༡༦ ཀྱི་གྲུབ་འབྲས་བླངས་ཏེ་ཟངས་ཀྱི་རྟགས་མ་བླངས་ཡོད་པ་རེད།  

བོད་རིགས་བུ་མོ་ཆོས་དབྱངས་སྐྱིད་ལགས་ནི། བོད་པའི་ལོ་རྒྱུས་ཁྲོད་འཛམ་གླིང་ཨོ་རྩེད་ཁྲོད་ཞུགས་མཁན་ཐོག་མ་དང་། ཨོ་རྩེད་འགྲན་བསྡུར་ཁྲོད་རྟགས་མ་ལེན་མཁན་བོད་རིགས་ལུས་རྩེད་པ་ཐོག་མ་དེ་ཆགས་ཡོད།

 

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༢༠ སྔོན་ལ།
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

ཆུ་ཚོད་ ༢༡ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧

མཆན། 53

  1. བསྟན་འཛིན་ཕན་བདེ། says:
    ལོ་ 13 སྔོན།

    མཚོ་སྔོན་བོད་སྐྱིད་རྒྱང་སྒྲོག་བརྙན་འཕྲིན་དྲ་བ་དང་། ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་དྲ་བ་སོགས་སུ་གཅིག་གྱུར་གཞུང་འབྲེལ་གྱི་གསར་འགྱུར་ཅིག་ཡོད་པ་འདི་ལྟར་རེད།
    ཟླ8པའི་ཚེས12ཉིན་གྱི་སྔ་དྲོའི་ཆུ་ཚོད2ཀྱི་སྟེང་། 2012ལོའི་ལོན་ཏོན་ཨོ་རྩལ་འགྲན་ཚོགས་ཀྱི་བུད་མེད་ལུས་རྩལ་པ་དག་སྤྱི་ལེ20འདུར་རྒྱུག་བྱེད་པའི་འགྲན་བསྡུར་ཁྲོད་ཕ་ཡུལ་མཚོ་སྔོན་ནས་ཡིན་པའི་བོད་རིགས་བུ་མོ་ཆོས་དབྱིངས་སྐྱིད་ཀྱིས་ཨང་གསུམ་པ་སྟེ་ཟངས་ཀྱི་རྟགས་མ་བླངས་པ་ནས་ཨེ་ཤ་ཡའི་ལོ་རྒྱུས་ཀྱི་ཟིན་ཐོ་བསྐྲུན་ཡོད་པ་རེད།

    ཆོས་དབྱིངས་སྐྱིད་ནི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཡིན་པ་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན་ལུས་རྩལ་སློབ་གླིང་གི2010ལོའི་ལུས་རྩལ་སློབ་གསོ་ཆེད་སྦྱོང་འཛིན་གྲྭའི་སློབ་མ་ཞིག་སྟེ་བྱང་ཚད་མཐོ་བའི་འདུར་རྒྱུག་ལུས་རྩལ་པ་ཞིག་ཡིན། 2010ལོའི་ཟླ7པར་རྒྱལ་ཁབ་རུ་ཁག་ཏུ་ཞུགས། 2010ལོའི་ཟླ9བར་རྒྱལ་ཁབ་ལུས་རྩལ་ཅུའུ་དང་། ཀྲུང་གོའི་མཆོང་རྒྱུག་མཐུན་ཚོགས། རྒྱལ་སྤྱིའི་མཆོང་རྒྱུག་མཉམ་འབྲེལ་ཚོགས་པ་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་ནས་པེ་ཅིན་དུ་བསྡུས་པའི་རྒྱལ་སྤྱིའི་འདུར་རྒྱུག་འགྲན་ཚོགས་སམ་རྒྱལ་ཡོངས་འདུར་རྒྱུག་འགྲན་ཚོགས་ཀྱི་སྤྱི་ལེ20ལ་བགྲོད་པའི་བུད་མེད་དར་མ་རུ་ཁག་ཁྲོད་རྒྱལ་ནང་གི་ཨང་དང་པོ་བླངས་པ་རེད། ཁོ་མོ་ཨོ་རྩལ་འགྲན་ཚོགས་སྟེང་ཞུགས་པའི་ལོ་རྒྱུས་སྟེང་གི་བྱ་དགའི་རྟགས་མ་ལེན་མཁན་བོད་རིགས་ཨང་དང་པོ་ཡིན་ལ། བོད་རིགས་བུད་མེད་འགྲན་ཞུགས་པ་དང་པོ་ཡང་ཡིན་ནོ།།

    Reply
  2. དམ་ཆོས says:
    ལོ་ 13 སྔོན།

    བོད་ཀྱི་ལུས་རྩལ་པར་འདུར་རྒྱུག་ཟངས་རྟགས་ཐོབ་རྗེས། བོད་སྐད་ཐོས་པས་མིག་ཆུ་ཤོར་ཉེན
    藏族选手竞走摘铜 赛后只想吃牛羊肉喝白酒
    རྒྱ་ཡིག་ནས་བསྒྱུར་བས། སྐད་གཉིས་ཤན་སྦྱར་དུ་བཀོད་པ་ཡིན། ཞུ་དག་དང་ནོར་བཅོས་གནང་བར་རེ་ཡོད།
    ཆོས་དབྱངས་སྐྱིད། ཁ་བ་རི་བའི་མཐོ་སྒང་ནས་ཡོང་བའི་བོད་ཀྱི་བུད་མེད་འདི་ལ་༢༠༡༢ལོའི་ལོན་ཏོན་ཨོ་ ལིན་ཕིག་རྩལ་འགྲན་སྟེང་སྤྱི་ལེ་༢༠ཡིནཔའི་འདུར་རྒྱུག་འགྲན་བསྡུར་ཁྲོད་ཟངས་ ཀྱི་རྟགས་མ་ཐོབ་པ་དང་། ཆུ་ཚོད༡སྐར་མ༢༥དང་སྐར་ཆ༡༦བཀོལ་ནས་ཨེ་ཤེ་ཡའི་ཟིན་ཐོ་ལས་བརྒལ་བ་རེད།
    བོད་སྐད་ཀྱི་མིག་ཆུ་དང་དྲིན་ལན།
    ཆོས་ དབྱངས་སྐྱིད་ལགས་ལོན་ཏོན་ནས་རྒྱུག་པའི་དུས་སུ། མི་ཚོགས་ཁྲོད་ནས་ཤུགས་རྒྱོབ(ཧྲ་ལ་བྱོས)ཅེས་བོད་སྐད་བཤད་བཞིན་པ་ཐོས་ཙམ་ན། བུ་མོ་འདི་དུས་ཡུན་རིང་པོ་ཞིག་ལ་ཕ་ཡུལ་དུ་མ་ལོག་པའི་ཕྱིར། གནས་སྐབས་དེ་རུ་མིག་ཆུ་འགོག་དཀའ་བ་བྱུང་།
    切阳什姐在伦敦奔走时,她听到有人用藏语加油,这个好久没回家的小姑娘险些当场洒泪。
    ཁོ་མོས་ བཤད་རྒྱུར། མི་ཞིག་གིས་བོད་སྐད་ཀྱི་ལམ་ནས་ང་ལ་ངར་ཤུགས་བརྒྱག་རོགས་བྱེད་པ་ཐོས་བྱུང་། དེ་མ་ཐག་ཁ་ཕྱིར་འཁོར་ནས་བལྟ་ཙམ་བྱས་ན་འང་རྙེད་མ་བྱུང་། སེམས་ནས་དེ་ངའི་ཨ་ཁུ་ཨེ་ཡིན་ནམ་བསམ་བྱུང་།
    “我听到有人用藏语给我加油,回头看了下,但没找到,我想那会不会是我叔叔啊。”(མཆན། ང་ཚོ་ཚང་མ་ཁྱེད་ཀྱི་ཨ་ཁུ་ཡིན། ལོན་ཏོན་ནའང་མང་པོ་ཡོད་པ་རེད། )
    སྤྱི་ལེ༡༥ཡི་རྗེས་ནས་བོད་ཀྱི་བུ་མོ་འདི་ལུག་ཝོང་ཞེས་པའི་སྔུན་ལ་བུད་པ་དང་། སྤྱི་ལེ16པའི་དུས་ཚོད་རྩིས་གནས་སུ་ཨང་གསུམ་པར་འཕར་ནས། ཟངས་རྟགས་ལེན་པར་ཁག་ཐག་བྱུང་།

    小姑娘在15公里后竟超越刘虹,在16公里计时点时上升到第三位,确保铜牌。
    སྐོར་བ་ ཆེས་མཐའ་མ་གཉིས་ནི་ཆོས་དབྱངས་སྐྱིད་ལགས་དགའ་འཛུམ་གྱིས་ཁེངས་ནས་འགྲུབ་པ་རེད། ཁོ་མོས། འདི་ནི་ང་ལ་རྒྱབ་སྐྱོར་གནང་མཁན་ལ་ཕུལ་བའི་དྲིན་ལན་ཆེས་བཟང་བ་ཡིན་པར་ངེས། ཞེས་བཤད་བྱུང་།
    最后两圈,切阳什姐是笑着走完的,她说:“这是给支持我的人最好的回报。”
    ངས་ལུག་ཤ་དྲན། སྐམ་ཤ་དྲན། ཆང་དཀར་དྲན།
    “我想吃羊肉、吃牛肉、喝白酒”
    ཆོས་དབྱངས་སྐྱིད་ཀྱི་གཞི་ཁྱིམ་ནི་མཚོ་སྔོན་པོ་མདའ་བཞིའི་མཐོ་སྒང་རྨི༢༠༠༠ཡན་ ན་ཆགས་པ་དང་། ཨོ་ལིན་ཕིག་རྩལ་འགྲན་ལ་ཞུགས་ཆེད་ཕལ་ཆེར་ཡུལ་ལ་ལོག་ཐུབ་མེད། སྦྱོང་བརྡར་གྱི་སྐབས་སུ་ནམ་ཡང་ཕ་མ་གཉིས་ཡོང་ནས་ཁོ་མོར་བསྐོར་བ་བྱེད་པ་རེད།
    切阳什姐的家住在海晏县2000多米高的高原上,为了备战奥运她基本都不回家,奥运前的集训期,都是父母去基地探望她。
    ཆོས་ དབྱངས་སྐྱིད་ཀྱིས། ལོ་གང་མང་ཞིག་གི་ནང་ང་ཁྱིམ་ལ་ལོག་ནས་དུས་ཡུན་བཟང་བོ་ཞིག་སྡོད་མ་ཐུབ། ཁྱིམ་ནང་ལུག་ནར་ནོར་ནག་ཅི་ཙམ་རེ་ཡོད་པའང་ཤེས་བཞིན་མེད། ཅེས་བཤད་པ་དང་།
    “我好多年没有回家好好呆一段了,家里有几头羊、几头牛都不知道了。”切阳什姐说,
    ཟངས་ རྟགས་ལོན་རྗེས་ཕ་མར་ཆེས་ཞུ་འདོད་པ་ནི། ངས་ཁྱེད་ཅག་དྲན། ཁྱེད་ཅག་ལ་ཐུགས་རྗེ་ཞུ། ཞེས་པ་དེ་ཡིན། ཕ་མ་གཉིས་ལས་གཞན། བུ་མོ་འདིས་ལྷག་པར་དྲན་པ་ནི་ཁོ་མོར་ཤིན་ཏུ་གཅེས་པའི་ཨ་མྱེས་རེད།
    拿到铜牌后最想和爸妈说,“我想他们,感谢他们!”除了爸妈,小姑娘最想念的还有疼爱她的爷爷。
    ཨོ་ལིན་ ཕུག་རྩལ་འགྲན་གྱི་ལམ་བུ་ཚར་རྗེས། ཆོས་དབྱངས་སྐྱིད་ནི་གཞི་ཁྱིམ་དུ་ལོག་པར་བྲེལ་ཡོད་དེ། ཨོ། ངས་ལུག་ཤ་ཟ་བར་འདོད། སྐམ་ཤ་ཟ་བར་འདོད། ཅང་དཀར་འཐུང་བར་འདོད། ཡུན་རིང་ཞིག་ལ་ཡུལ་ལོག་མེད་པ་དང་ལུག་ཤའང་ཟས་མེད། ཟེར།
    结束奥运会征程后,切阳什姐急切地想回家,“我想吃羊肉、吃牛肉、喝白酒。太久没回家,没吃过羊肉了!”
    ལོནཏོན་གྱི་ཚོར་བ་དང་རེ་བཞག
    ཨོ་ལིན་ཕིག་རྩལ་འགྲན་གྱི་ཁོར་ཡུག་དེ་ངའི་དྲན་ཚུལ་དང་གཏན་ནས་འདྲ་བ་མི་འདུག འདི་རུ་སྤྲོ་བསུ་ཆེན་པོ་ཡོད་འདུག
    གང་དུ་ཐོན་ནའང་ཁྱོད་ལ་ངར་ཤུགས་སྟེར་མཁན་ཡོད་པ་རེད། རང་གིས་བཏང་ལྷོད་གཏོང་འདོད་ཀྱང་ལྷོད་མི་ཐུབ་པ་འདྲ་འདུག ང་རང་ནི་ལྟད་མོ་བའི་ཀི་སྒྲ་ལ་བརྟེན་ནས་ཤུགས་བསྐྱེད་ཐུབ་པ་བྱུང་བ་རེད།
    “奥运会的气氛跟我想象的太不一样了,这里很热情,走到哪里都有人给你加油,你想放松都放不下来,我是被观众的喊叫声带动起来的。
    བོད་ཅིག་ ཡིན་པའི་ཆ་ནས། ཨོ་ལིན་ཕུག་རྩལ་འགྲན་ལ་ཞུགས་ཐུབ་པ་འདི་གཟི་བརྗིད་ཆེན་པོ་ཞིག་ལ་ཚོར་ཡོད། ང་རང་རྒྱལ་བ་འདི་བརྒྱུད་ནས་བོད་པ་དེ་ལས་མང་བས་ལུས་རྩལ་སྦྱོངས་ཐུབ་པདང་། བོད་པ་དེ་ལས་མང་བ་ཨོ་ལིན་ཕུག་རྩལ་འགྲན་ནང་ཞུགས་ཐུབ་པར་རེ་བ་བཅིངས་ཡོད།
    作为藏族人,能参加奥运会,我很骄傲。希望我的成功能让更多的藏族人来练体育,将来有更多的藏族人能参加奥运会!”

    Reply
  3. བཙན་ནག་པས། says:
    ལོ་ 13 སྔོན།

    ང་ཚོ་ནི་ཀྲུང་གོ་བ་ཞིག་མིན་ལའང། ཕྱི་རྒྱལ་ཞིག་ནི་དེ་བས་མིན། ང་ཚོ་ནི་བོད་པ་སྐྱབས་བཅོལ་བ་ཞིག་ཡིན། ཆོས་དབྱིངས་སྐྱིད་ཁྱོད་ཀྱིས་དེ་ཤེས་པ་གནང་རོགས།

    Reply
  4. བློ་བཟང་ཚེ་རིང་། says:
    ལོ་ 13 སྔོན།

    བུད་མེད་ཆོས་དབྱངས་སྐྱིད་ལགས་སུ་འཚམས་འདྲི་ཞུ།

    Reply
  5. མཐུན་འབྲེལ། says:
    ལོ་ 13 སྔོན།

    ཤ་རུས་གཅིག་པའི་སྤུན་ཟླ་རྣམས་ཀྱིས་ཕན་ཚུན་རྒྱབ་སྐྱོར་བྱེད་དགོས་བོད་མི་སྤུན་ཟླ་སུ་ཡིན་ན་ཡང་མི་སོ་སོའི་རང་གི་རྐང་པའི་སྟེང་དུ་ལངས་ཐུབ་དགོས་དེ་ཐུབ་ན་སོ་སོས་རྩ་དོན་དང་བོད་ཀྱི་རྩ་གཉིས་ཀ་འགྲུབ་ཡོང་བས་བུ་མོ་ཆོས་དབྱིངས་སྐྱིད་ཀྱི་མ་འོངས་པ་ན་ཨོ་ལུ་ཕེའི་རྩེད་མགྲན་སྐབས་ཨང་དང་པོ་ཐོབ་པའི་རེ་བ་ཆེན་པོ་ཡོད་པས་དེ་ལ་བར་ཆད་མི་བར་རྒྱབ་སྐྱོར་བྱེད་དགོས་པ་ང་ཚོས་ལས་འགན་ཞིག་ཡིན་པས་ཐམས་ཅད་ཀྱི་ཐུགས་ལ་འཛིན་དགོས་པ་ངས་རེ་སྐུར་ཞུ་བཞིན་ཡོད།

    Reply
  6. བསམ་གྲུབ། says:
    ལོ་ 13 སྔོན།

    སྤྱི་ཟླ་ ༨ ཚེས་ ༡༢ ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཁ་སང་དབྱིན་ཇིའི་རྒྱལ་ས་ལོན་ཊོན་དུ་འདུར་རྒྱུག་ནང་ཨང་གསུམ་པ་ཐོབ་མཁན་བུ་མོ་ཆོས་དབྱངས་སྐྱིད་ལགས་སུ་འདི་ལྟར་བསྟོད་བསྔགས་མཛད་འདུག ” བོད་ནས་ཀི་ལོ་མི་ཊར་ ༢༠ གོམ་པ་བརྒྱབ་པའི་ནང་དུ་ཟངས་ཀྱི་རྟགས་མ་ཤིག་རེག་སོང་། དེ་ཕལ་ཆེར་བོད་ཀྱི་ལོ་རྒྱུས་ནང་ནས་དང་པོ་ཆགས་ཡོད་རྒྱུ་རེད་བསམ་གྱི་འདུག འདིས་ག་རེ་མཚོན་གྱིན་རེད་ལབ་ན། ང་ཚོའི་མི་རིགས་འདི་ལ་གོ་སྐབས་ཤིག་རེག་པ་ཡིན་ན་ག་རེ་ཡིན་ནའང་འཇོན་ཐུབ་པ་ཞིག་རེད། ད་གོ་སྐབས་མ་རེག་པ་ཡིན་ན་བྱ་རྒྱུ་ཅི་ཡང་ཡོད་པ་མ་རེད། བོད་ནང་གི་བུ་མོ་ཆོས་དབྱིངས་སྐྱིད་ལགས་ལ་འཚམས་འདྲི་ཞུས་པ་ཡིན། སྤྱིར་བཏང་བོད་མི་ཚོ་སློབ་སྦྱོང་གཅིག་པུ་མ་ཡིན་པར་སྒྱུ་རྩལ་གྱི་རིགས་འདྲ་མིན་གྱི་ནང་ནས་གཟེངས་སུ་ཐོན་པ་ཞིག་ཆགས་པ་ཡིན་ན་ང་ཚོ་ལའང་སེམས་ཤུགས་མ་འདྲ་བ་ཞིག་འཕར་ཡོང་གི་འདུག ” ཅེས་གསུངས་འདུག

    Reply
  7. ལུང་རྟོགས། says:
    ལོ་ 13 སྔོན།

    བོད་གངས་ཅན་པའི་བུ་མོ་ཆོས་དབྱིངས་སྐྱིད་ལ་རྒྱལ་ཁ་ཐོབ་པར་སྙིང་ནས་དགའ་སོང་། བཀྲ་ཤིས་བདེ་ལེགས་ཞུ།

    Reply
  8. ལི་ཐང་གི་ལུག་རྫི། says:
    ལོ་ 13 སྔོན།

    མི་སུ་འདྲ་ཞིག་ཐོག་མར་རྒྱལ་སྤྱིའི་རྩེད་འགྲེན་དུ་ཞུགས་དུས། སེམས་ལ་འཇིག་སྣང་་དང་། ང་རྒྱལ། འགྲན་སེམས་ཀྱིས་སྨྱོ་སྲིད་པ་རེད། ཡིན་ཡང་། བོད་མོ་ཆོས་དབྱངས་ཚོས། གོམ་རེ་རེ་སྤོ་དུས་འཛམ་མདངས་རེ་རེ་སྟོན་ཞིང་། ཞི་བདེ་དང་དགའ་སྤྲོའི་ངང་ནས་བྱ་དགའ་འདི་འདྲ་ཞིག་་བླངས་པ་དེས། བོད་མོ་ཁྱེད་རང་མི་རིགས་གཞན་དང་མི་འདྲ་བར། ཁྱད་ཆོས་མཐུན་མོང་མ་ཡིན་པ་ཞིག་ཡོད་པར་མཚོན་ཐུབ་ཀྱི་འདུག ཁྱེད་ཀྱིས་གསེར་གྱི་རྟགས་མ་ཞིག་བླངས་ལས་ཀྱང་། བོད་པ་ཚང་གི་རྣམ་ཀུན་དགའ་བ་བརྒྱ་ལྡན་དབུ་ཕངས་དགུང་ལ་རེག་དགོས་དོན་ཡང་དེ་རང་ཡིན། མི་རིགས་གཞན་ཚང་མའི་་ཡིད་དབང་ཡང་འདིས་འཕྲོག་བཞིན་འདུག

    Reply
  9. ཉེར་གཅིག་པའི་ཅོང་བརྡ། says:
    ལོ་ 13 སྔོན།

    བོད་པའི་ཨོ་རྩལ་པ་བུ་མོ་ཆོས་དབྱིངས་སྐྱིད་ལ་བསྔགས་བརྗོད་དང་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་ཞུ། དངོས་གནས་དགའ་ནི་ཞིག་རེད།

    Reply
  10. དགེ་བཤེས་བསྟན་པ་བཀྲ་ཤིས། says:
    ལོ་ 13 སྔོན།

    རྒྱལ་སྤྱི་ཡི་ཨོ་རྩེད་སྟེང་དུ།།
    གངས་ཅན་གྱི་ཞབས་རྗེས་ཐོག་མ།།
    ན་ཆུང་གི་བུ་མོ་ཞིག་གིས།།
    འཛུམ་དཀར་གྱི་ངང་ནས་བཞག་སྟེ།།
    ཟངས་དམར་གྱི་རྟགས་མ་ཐོབ་པ།།
    ལོ་རྒྱུས་ཀྱི་ཟིན་ཐོ་གསར་ཤོས།།

    Reply
  11. Anntunneta says:
    ལོ་ 13 སྔོན།

    ཚེ་རིང་རྒྱལ་གྱིས་གསར་འགྱུར་ཡག་པོ་བྲིས་འདུག བཙན་བྱོལ་ནང་གི་དྲ་ཚིགས་གཞན་འགའ་རེའི་ནང་དུའང་དམ་དུམ་རེ་བྲིས་འདུག་མོད་འགྲན་ཟླ་མི་འདུག དེ་རིང་བོད་ནང་གི་དྲ་ཚིགས་མང་པོ་ཞིག་ཏུ་ཁྱེད་ཀྱི་གསར་འགྱུར་འདི་ཁྱབ་སྤེལ་འགྲོ་བཞིན་འདུག གསར་འགྱུར་གང་ཞིག་ཐོག་མར་འབྲི་སྐབས་ཁ་གསལ་བོ་ཞིག་དང་ཁུངས་དག་མོ་ཞིག་འབྲི་རྒྱུ་ཧ་ཅང་གལ་ཆེན་དོན་ཆེན་རེད། སྤྱི་ཚོགས་ལ་ཕན་གནོན་ཁྱད་པར་ཆེན་པོ་ཡོང་གི་འདུག ཁྱེད་ཚང་གི་ལས་བྱེད་ཡོངས་ལ་ཐུགས་རྗེ་ཆེ་ཞུ།

    Reply
  12. གྲགས་པ། says:
    ལོ་ 13 སྔོན།

    བོད་པའི་བུ་མོ་འདིས་ཀ་ཁ་ཀློག་ནས་སྒྲོལ་མ་འདོན་གྱིན་པའི་འཚོ་བ། རྟ་ལ་ཞོན་ནས་ལུ་གུ་འཚོ་བཞིན་པའི་འཚོ་བ། ཨ་ཕར་ཕྲེང་བ་འདྲེན་རོགས་དང་ཨ་མར་ཁྱིམ་ལས་ལས་རོགས་བྱེད་བཞིན་པ། ཞོགས་པའི་བསིལ་བ་གཏོར་ནས་ཆུ་ལེན་བཞིན་པ་སོགས་འདི་ན་ཡོད།
    http://www.london2012.com/mm/Document/Documents/General/01/25/71/53/RaceWalkcourseGTW_Neutral.pdf

    Reply
  13. ཡར་ཀླུང་ལྷ་རྗེ། says:
    ལོ་ 13 སྔོན།

    ཁྱོད་ནི་བཙན་པོའི་ལུས་རྩལ་གྱི་དཔའ་མོ་ས་ཡི་གོ་ལ་དེའི་སྟེང་ཐོབ་པ་ཐོག་མ་ཡིན་ཡིན་ལ་བོད་ཀྱི་འགྲོ་དྲུག་སེམས་ཅན་ཡོངས་ནས་གུས་བཏུད་ཞུ་འོས་པ་ཡིན། བཀྲ་ཚིས་བདེ་ལེགས།
    བོད་ཀྱི་བདེན་པ་རྒྱལ་གྱུར་ཅིང།

    Reply
  14. དགེ་བཤེས་བསྟན་པ་བཀྲ་ཤིས། says:
    ལོ་ 13 སྔོན།

    འགྲན་པའི་བང་རྩལ་ཁྲོད་ནས།།
    ཞི་བདེའི་དགྱེས་འཛུམ་སྟོན་བཞིན།།
    རྒྱལ་ཁའི་ཟངས་རྟགས་ཐོབ་པ།།
    གསེར་གྱི་རྟགས་མའི་ལྷག་རེད།།
    རྒྱལ་སྤྱིའི་ཨོ་རྩེད་སྟེང་དུ།།
    ཞི་འཇམ་གཤིས་རྒྱུད་བཟང་པོས།།
    ཀུན་གྱི་ཡིད་དབང་འཕྲོག་པ།།
    གངས་ཅན་བོད་མིའི་དཔལ་རེད།།

    Reply
  15. ཕྱུགས་རྫི says:
    ལོ་ 13 སྔོན།

    བོད་ཀྱི་བུ་མོ་ཆོས་དབྱིངས་སྐྱིད་འཚམས་འདྲི་འབྲེལ་བའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཡོད་་་་་་་་་

    Reply
  16. ཁ་རྒྱ་ཕུན་ཚོགས། says:
    ལོ་ 13 སྔོན།

    དྲ་གྲོགས་ཚོ་གཟིགས་དང་།བུ་མོ་ཆོས་དབྱངས་སྐྱིད་ཀྱིས་ད་རེའི་འདིར་རྒྱུགས་ཁྲོད་ནས་རྒྱ་ནག་གི་བུད་མེད་བཞག་ནས་མདུན་དུ་ཐོན་དེ་རྒྱ་ནག་གི་ཨང་དང་པོ་དང་རྒྱལ་སྤྱིའི་ཐོགས་ནས་ཨང་གསུམ་པའི་ཟུངས་ཀྱི་བྱ་དགའ་ཐོབ་པ་ནི་ང་ཚོའི་གཟི་བརྗིད་མ་རེད་དམ།ད་དུང་ཞལ་རེས་འཛུམ་གྱིས་ཁུངས་ཏེ་ལག་པའི་འཛུབ་མོ་གཉིས་ནམ་མཁར་སྒྲིངས་པ་ནི་རང་དབང་དང་ཞི་ཡི་མཚོན་རྟགས་མ་རེད་དམ།ཁྲི་ཤོར་རྒྱལ་མོའི་ཉེ་འགྲམ་མདའ་བཞིའི་བུ་མོ་ཆོས་དབྱངས་སྐྱིད་རྒྱལ་ལོ།།

    Reply
  17. བསེ་རུ། says:
    ལོ་ 13 སྔོན།

    འཛམ་གླིང་རྩེད་འགྲན་ཁྲོད་ཀྱི་བོད་པ་ཞིག།
    རྒྱལ་ཁའི་འཛུམ་མདངས་ངོམ་པའི་མཚན་མོ་དེར།།
    བོད་མི་ཁྲི་མ་འབུམ་གྱི་རེ་སྨོན་ཁྲོད།།
    གླིང་ཆེན་མགུ་བར་བྱས་སོ་མཛངས་མ་ལགས།།

    དགའ་བ་ལ། སྐྱིད་པ་ལ།

    Reply
  18. ཁྲ་དོན་ལྡན། says:
    ལོ་ 13 སྔོན།

    གཟི་བརྗིད་ལྡན་པའི་ངང་ནས་རྒྱལ་ཁ་ལོན་པར་བཀྲ་ཤིས་བདེ་ལེགས་ཡོད།

    Reply
  19. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ཆོས་དབྱིངས་སྐྱིད་ཀྱི་གོམ་བགྲོད་འགྲན་བསྡུར་དང་གསུམ་པར་བླངས་པར་བཀྲ་ཤིས་བདེ་ལེགས་ཡོད་ལགས།

    Reply
  20. ཁ་རྒྱ་ཕུན་ཚོགས། says:
    ལོ་ 13 སྔོན།

    ཆོས་དབྱངས་ལགས་ཁྱེད་ཀྱིས་དཀའ་སྡུག་གི་རྔུལ་ནག་ལ་གདུང་ལེན་བྱས་ཏེ་བོད་མི་ས་ཡ་དྲུག་གི་སྙིང་སྟོབས་དང་ལ་རྒྱ་སྙིང་ལ་བཅིངས་ཏེ་ཐེངས་འདིའི་ཨོ་རྩེད་འགྲན་བསྡུར་ཁྲོད་འདིར་རྒྱུགས་ཟངས་ཀྱི་རྟགས་མའི་བྱ་དགའ་ཨངས་གསུམ་པ་ཐོབ་པས་ངེད་ཅག་རྒྱལ་ཁབ་ཕྱི་ནང་ཀུན་ན་བཞུགས་པའི་བོད་མི་སྤུན་ཟླ་ཡོངས་ཀྱི་ཚབས་བྱས་ཏེ་ཨ་མའི་བུ་མོ་ཁྱེད་ལ་སྙིང་ཐོགས་པ་ནས་མཚམས་འདྲི་བཀྲིས་བདེ་ལེགས་གྲངས་མེད་ཞུ།

    Reply
  21. ཁ་རྒྱ་ཕུན་ཚོགས། says:
    ལོ་ 13 སྔོན།

    ཨེ་མ་སྐྱིད་པ་ལ་དགའ་བ་ལ་དེ་རིང་རྒྱལ་སྤྱིའི་ལུས་རྩལ་འགྲན་བསྡུར་གྱི་ཁྲོད་ནས་ཁ་བ་གངས་ཅན་པའི་གཅེས་ནོར་བུ་མོ་ཆོས་དབྱངས་ལགས་སུ་བྱ་དགའ་ཨང་གསུམ་པ་ཐོབ་པ་ནི་ང་ཚོ་བོད་གཞིས་བྱེས་གཉིས་ཀྱི་རླུང་རྟ་དང་བོད་རང་དབང་མྱུར་དུ་ཐོབ་པའི་མཚོན་རྟགས་ཡིན་ནོ།།ད་དུང་མི་ཐུད་དུ་ཤུགས་རྒྱོབ་དང་།མ་འོངས་པར་ཨང་དང་པོ་ཐོབ་པའི་རེ་བ་དང་སྨོན་འདུན་ཡོད།ཨ་མའི་བུ་མོ་ཆོས་དབྱངས་སྐྱིད་རྒྱལ་ལོ།།

    Reply
  22. ཆུ་ཐིགས་སྔོན་མོ། says:
    ལོ་ 13 སྔོན།

    དགའ་སྤྲོའི་འཚམས་འདྲི་ཡོད་་་་ཧ་ཅང་དགའ་སོང་་་

    Reply
  23. ཁྲ་དོན་ལྡན། says:
    ལོ་ 13 སྔོན།

    ཆོས་དབྱངས་སྐྱིད་ལགས་ཀྱི་དཀའ་ལས་དོན་སྨིན་ཡོང་བར་བཀྲ་ཤིས་བདེ་ལེགས་ཡོད། འཛམ་གླིང་གོ་ལའི་སྟེང་གི།བོད་རིགས་འབྲོག་མོ་ཞིག་གིས།།རིན་ཆེན་ཟང་གི་རྟགས་མ།།འཛུམ་པའི་ཞལ་གྱིས་བཞེས་སོང་།།ས་དཀར་བསྟན་འཛིན་ནས་བྲིས།

    Reply
  24. སྨྱུག་མདའ། says:
    ལོ་ 13 སྔོན།

    སྣང་བ་ཞིག་ལ
    ཁྱེད་རང་མཁའ་དབྱིངས་ནས་ལྷོ་སྤྲིན་ལེབ་མོ་ཞིག
    ཁུར་ཡོང་བའི་ཟོལ་གྱིས་འོངས་ཤིང
    བོད་མི་ཚོ་བར་སྣང་དུ་བྱང་རླུང་འཇམ་པོ་ཞིག
    ལྡང་བྱུང་བའི་ཚུལ་གྱིས་ཆས་ཏེ
    གོ་ལའི་སྤྱི་གཙུག་ཏུ་ཆས་པ་དྲན་བྱུང
    དགའ་བ་གྲངས་མེད་ཤིག་གི་སྣེ་ནས

    Reply
  25. རིག་འཛིན། says:
    ལོ་ 13 སྔོན།

    བཙན་པོའི་སྲས་མོ་ཁྱེད་རང་ལ་སེམས་ནས་བསྔགས།

    Reply
  26. ལི་ཐང་གི་ལུག་རྫི། says:
    ལོ་ 13 སྔོན།

    ལག་ཟུང་ཐལ་མོ་སྦྱར་ཏེ་རང་ལུས་མེ་རུ་སྒྲོན་ནས་མི་རིགས་ཀྱི་ལ་རྒྱ་བརྩོད་མཁན་འབྲོག་མོ་སྒྲོན་དཀར་མཚོ།
    རྐང་ཟུང་ས་ལ་བཙུགས་ནས་མི་རིགས་ལ་བྱས་རྗེས་འཇོག་མཁན་འབྲོག་མོ་ཆོས་དབྱངས་མཚོ།
    བློ་སྟབས་དང་ལ་རྒྱའི་ཕྱུག་པའི་འབྲོག་མོ་རྒྱལ་གྱུར་ཅིག། དཔའ་ངར་དང་ལྷག་བསམ་ཅན་གྱི་འབྲོག་མོ་དར་བར་ཤོག འབྲི་མོ་དང་མཉམ་དུ་མཚར་ཞིང་། ཙྭ་ཐང་དང་ལྷན་དུ་་སྐྱེས་པའི་འབྲོག་མོ་ཚོ། ཤི་ན་མི་རིགས་ཆེད་དུ། འཚོ་ན་མི་རིགས་མདུན་དུ། ཤི་སྟངས་ཡག་ག་ལ། འཚོ་སྟངས་ཡག་ག་ལ།

    Reply
  27. ཁ་རྒྱ་ཕུན་ཚོགས། says:
    ལོ་ 13 སྔོན།

    བོད་པ་ཚང་གི་དཔའ་མོ་ལགས།ཁྱེད་ཀྱིས་འུ་ཚང་གི་ལ་རྒྱའི་དར་ཆ་དགུང་ལ་བཏེགས་ཏེ་རང་རིགས་སྤུན་ཟླ་ཡོངས་ལ་སྙིང་སྟོབས་བསྐྱེད་དུ་བཅུགས་སོང་།ཁྱེད་ཀྱི་ལ་རྒྱ་དང་སྙིང་སྟོབས་ལ་ངེད་ཅག་སྤུན་ཟླ་ཡོངས་ནས་དུས་རྟག་ཏུ་རྗེས་སུ་ཡིད་རིང་ཡོད།ཁ་དྲོ་བཀྲིས་ཚེ་རིང་ལོ་བརྒྱ།རྒྱལ་ལོ་རྒྱལ་ལོ་བོད་ཀྱི་བུ་མོ་ཆོས་དབྱངས་སྐྱིད་རྒྱ་ལོ།།ད་དུང་ཁྱེད་ཀྱི་འཁོར་ཡུག་ན་ཁ་བ་གངས་ཅན་པའི་ལ་རྒྱའི་དར་ཆ་དགུང་ལ་འཕྱར་བཞིན་པ་དང་ལ་རྒྱའི་འབོད་ཚིགས་སྒྲོགས་ཏེ་ཁྱེད་ལ་རྒྱབ་སྐྱོབ་བྱེད་པ་རྣམས་རང་རིགས་ཀྱི་སྤུན་ཟླ་ཡིན།

    Reply
  28. ཧོར་བུ་ཡེ་ཤེས says:
    ལོ་ 13 སྔོན།

    བུ་མོ་ཁྱོད་ཀྱིས་ཨང་གསུམ་པ་ལེན་པར་སེམས་ལ་བཤད་མི་ཤེས་པའི་དགའ་སྐྱོ་ཟུང་འབྲེལ་གྱི་ཚོ་བ་ཤུགས་ཆེན་ཞིག་སླེབས་ནས་མིག་ཆུ་ཡང་ཤོར་སོང་། ང་དགའ་བ་ནི་བོད་མོ་ཞིག་གི་རྩེད་འགྲན་ཆེན་པོ་དེ་འདྲའི་ནང་ཨང་གསུ་པ་ལེན་པ་ལས་སླ་མོ་ཞིག་མིན་པ་དང། ང་སྐྱོ་བ་ནི་ཁྱོད་ནི་རྒྱ་དགྲ་ཚང་གི་མིང་ཐོག་ནས་ཡིན་ཙང་སྐྱོ་བ་མ་ཟད། ལོན་ཏན་དུ་བོད་མི་ཚོས་བོད་ཀྱི་རྒྱལ་དར་དང་འབོད་སྒྲ་འདྲ་མིན་གྱི་དགའ་བསུ་བྱས་ཙང་ཁྱོད་ཀྱི་མདུན་ལམ་ལ་གནོད་པ་བྱ་ཨེ་ཡོང་དྲན་ནས་སེམས་པ་སྐྱིད་པོ་མེད་པ་ཡང་ཆགས་སོང་།གང་ལྟར་ཁྱོད་ལ་བར་ཆད་མེད་པའི་སྨོན་ལམ་རྒྱག་རྒྱུ་ལས་མི་འདུག། ཚེ་རིང་ནད་མེད་ཡོང་བར་ཤོག།

    Reply
  29. གསལ་ལེ་རྒྱལ། says:
    ལོ་ 13 སྔོན།

    དགའ་སྐྱོ་ཟུང་གི་སྣང་བས་ཁྱེད་ཉིད་རྒྱལ།།
    གོམ་གང་མདུན་སྤོས་མི་ཚེའི་གཟི་འོད་བསྐྲུན།།
    ཟུངས་ཁྲག་གཅིག་པའི་ངར་མ་ཁྱེད་རང་ལ།།
    སྙིང་ནས་བསྟོད་དོ་འབྲོག་ཕྲུག་བུ་མོ་ལགས།།

    Reply
  30. sangkye says:
    ལོ་ 13 སྔོན།

    ཁ་སང་དགོང་མོ་འཛམས་གླིང་གི་ཨོ་རྩེད་འགྲན་བསྡུར་ཐོགས་ནས་བོད་པའི་བུ་མོ་ཆོས་དབྱིངས་སྐྱིད་གྱིས་ཨང་གསུམ་པ་ཐོབ་པ་དེ་སྙིང་ཐག་པ་ནས་དགའ་བསུ་ཡོད། ཁྱེད་ལ་བྱ་དགའ་ཐོབ་པ་དེ་ངའི་སེམས་གི་འཚོར་བ་དེ་དགའ་སྐྱོ་གང་ཡིན་མི་ཤེས་པའི་འཚོར་བ་དེ་བྱུང་སོང་། རྒྱུ་མཚན་གང་ཡིན་ཟེར་ན། ཁྱེད་གྱིས་རྒྱལ་ཁ་དེ་རྒྱ་དམར་ཚང་ལ་ཐོབ་པ་རེད། མིང་བོད་པ་ཡིན་ཅིང་། བོད་ལ་རང་དབང་ཡོད་པའི་དུས་ཞིག་ཡིན་ན་དེ་རིང་ང་ཚོ་གཞི་བྱེས་གཉིས་ལ་དགའ་སྟོན་གནམ་ས་གང་བའི་སྟོན་མོ་ཞིག་འདུས། ཡིན་ན་ཡང་ཁྱེད་ལ་ཨང་གསུམ་པ་དེ་ཐོབ་བོད་གཞི་བྱེས་གཉིས་ནས་དགའ་བསུ་ཚད་མེད་ཞུ་བཞིན་ཡོད་ལགས། མི་མཐུན་ནས་ཁྱེད་གྱིས་འདོད་དོན་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ་བཞིན་ཡོད། བཀྲིས་བདེ་ལེགས། བོད་རྒྱལ་ལོ།

    Reply
  31. རྒྱ་རགས། says:
    ལོ་ 13 སྔོན།

    ང་ཚོའི་འདི་གར་གྲྭ་བ་ཚོས་ཀྱང་དགེ་བསྐོས་ལ་གསང་སྟེ་ཐད་གཏོང་ལེ་ཚན་ལ་བལྟས་པ་ཡིན།
    ཁ་ཤས་ཀྱིས་དེ་གར་བོད་མི་ཞིག་ཞུགས་ཐུབ་པ་ཙམ་གྱིས་ཡིད་ཚིམས་སོང་ཟེར།
    ཁ་ཤས་ཀྱིས་རྟགས་མ་ཞིག་ཨེ་ཐོབ་ལ་རེ་བ་བཅང་གི་མེད་གཙོ་བོ་རྒྱའི་བུ་མོ་དེ་གཉིས་ཀྱི་མདུན་དུ་ཐོན་ཐུབ་ན་དེས་ཡིད་ཚིམས་ཟེར།
    བསམ་དོན་གཅིག་འགྲུབ་གཉིས་འགྲུབ། བསམ་དོན་ཡོངས་སུ་འགྲུབ་སོང་། དགའ་བ་ལ་སྐྱིད་ལ་པ་ལ།

    Reply
  32. བསྟན་འཛིན་འཕགས་པ། says:
    ལོ་ 13 སྔོན།

    དེ་རིང་དངོས་ནས་དགའ་བོ་བྱུང་བོད་པའི་གཞོན་སྐྱེས་བུ་མེད་གཅིག་གི་འཛམ་གླིང་ཨོ་རྩད་འགྲན་ཚོགས་ནང་ཞུགས་ནས་བྱ་དགའ་ཨང་གསུམ་པ་ཐབ་པ་སྙིང་ནས་དགའ་བསུ་ཞུ།
    མ་ཚད་རྒྱ་ནག་གི་སྟོབས་ཆེན་རྒྱལ་ཁབ་འདི་ཡང་མཁའ་དབྱིངས་ཕྱར།

    Reply
  33. རྒྱ་རགས། says:
    ལོ་ 13 སྔོན།

    བུ་མོ་དེའི་མིང་ལ་ཆོས་དབྱིངས་སྐྱིད་ཅེས་ཡི་གེའི་དག་ཆ་མཁའ་དབྱིངས་ཀྱི་དབྱིངས་དེ་འབྲི་དགོས། ཁྱེད་རྣམ་པ་ཚོས་གང་བྱུང་དུ་མིའི་མིང་ལ་བཟོ་བཅོས་མ་རྒྱག་རོགས། ད་ལྟ་ཡིག་ནོར་ཁྱབ་བརྡལ་དུ་མ་སོང་གོང་ནས་ཚང་མས་མཁྱེན་པ་གནང་རོགས།

    Reply
  34. རྒྱ་རགས། says:
    ལོ་ 13 སྔོན།

    བོད་མི་རིགས་ཀྱི་གཟི་བརྗིད་རེད།
    བོད་ཀྱི་ས་ཡ་མང་པོའི་སེམས་ལ་དགའ་སྤྲོའི་དཔལ་ཡོན་བསྐྱལ་བྱུང་།
    ཐུགས་རྗེ་ཆེ།

    ཞོར་དུ་དྲ་བདག་ལ་ཞུ་རྒྱུ།
    དྲ་བདག་ལགས་བུ་མོ་དེའི་མིང་ལ་ཆོས་དབྱིངས་སྐྱིད་ཟེར་བ་མ་རེད་དམ། ཁྱོད་ཚོས་ཆོས་དབྱངས་ཞེས་བྲིས་པ་དེ་ནོར་མེད་དམ།

    Reply
  35. སྐྱིད་སྲས། says:
    ལོ་ 13 སྔོན།

    ཐུལ་དཀར་འབྲི་མོའི་ངུར་ངག་གི་དབྱངས་འགྲོས་ཁྲོད་ནས། ལུག་ཆུང་བེའུ་རྩེན་པའི་སྤང་ཐང་ནས་ཆས་པའི་འབྲོག་ཕྲུག་མ། ཁྲི་གཤོག་རྒྱལ་མོའི་དྭངས་གཙང་གི་གདོང་རས་བསྣམས་ནས།གཉན་པོའི་གཡུ་རྩེའི་དྭངས་གཙང་གི་སེམས་པ་ཉར་ནས།འཛམ་གླིང་གི་ཡང་རྩེ་ནས་འགྲེང་བ་ཁྱོད་ཀྱི་རྒྱལ་ཁ་དང་ང་ཚོའི་གཟི་བརྗིད་ཅི་ལ་མིན།
    བོད་པའི་བུ་མོ་ཆོས་དབྱངས་སྐྱིད་རྒྱལ་ལོ། ཀི་ཀི་བསོ་བསོ་ཆེ་བོ་ཆོས་དབྱངས་སྐྱིད་རྒྱལ་ལོ།།

    Reply
  36. བློ་བཟང་མཐུ་སྟོབས། says:
    ལོ་ 13 སྔོན།

    བཀྲ་ཤིས་བདེ་ལེགས་བུ་མོ་ཆོས་དབྱངས་སྐྱིད་ལགས་ངོ་མ་དགའ་བྱུང།བོད་མའི་ས་ཡ་དྲུག་གིས་ཁྱོད་ལ་དགའ་སུ་གྲངས་མེད་ཞུ།།

    Reply
  37. ཤར་མདའ། says:
    ལོ་ 13 སྔོན།

    ཆོས་དབྱངས་སྐྱིད་ལགས་ཀྱི་ཨང་གསུམ་པ་ཟངས་ཀྱི་རྟགས་པ་བཞེས་གནང་པ་དགའ་བོ་བྱུང་མ་ཟད་རྒྱ་ནག་རང་མི་རིགས་ཡིན་པ་བུ་མོ་ཚོས་སྔོན་དུ་སླེབས་ཐུབ་པ་དང་པོ་རེག་པ་དང་ཁྱད་པར་མེད་པས་དེ་འདྲ་ཡིན་དུས་བོད་མི་རིགས་འདི་ལྟར་ནུས་པ་མེད་མཁན་ཞིག་མ་ཡིན་པ་རབ་སྤྲོད་བྱེད་ཐུབ་ཡོད་པ་རེད་བོད་རྒྱལ་ལོ།

    Reply
  38. མེ་རི says:
    ལོ་ 13 སྔོན།

    གསར་འགོད་པ་ཚེ་རིང་རྒྱལ་ལགས་བཀའ་དྲིན་ཞུ། གཞིས་བཞུགས་སྤུན་ཟླ་དག་གི་མཐོང་བདེ་ཕྱིར་མཚོ་སྔོན་ཟིན་བྲིས་སུ་གསར་འགོད་པའི་མིང་གསལ་བོ་བཀོད་པའི་ཐོག་ནས་བསྐྱར་འགོད་བྱེད་ཆོག་པར་ཞུ།

    Reply
  39. བསྟན་འཛིན་ཤེས་རབ། says:
    ལོ་ 13 སྔོན།

    བོད་པའི་བུ་མོ། བོད་པའི་བུ་མོ། འདྲ་འདྲའི་ནང་ནས་མ་འདྲ་བ་ནི་བོད་པའི་བུ་མོ་རེད་འདུག  གཞན་དག་གི་གདོང་ལ་ཅིག་ལྟོས་དང་། རྔམ་སེམས་དང་ཧམ་སེམས་ཀྱིས་གཡོགས་འདུག  བོད་པའི་བུ་མོའི་ཞལ་རས།  སྤྲོ་སྣང་དང་ཞི་བདེ་ཡིས་ཁེངས་འདུག བག་ཡོད་དང་གཤིས་བཟང་གིས་རླབས་འདུག  བོད་གངས་ཅན་པ་ཟེར་ན་འདི་འདྲ་ཞིག་ལོས་ཡིན་སྙམ།  ཞི་དལ་དང་མཛངས་ཉམས། ཀི་ཀི་སྭོ་སྭོ། བོད་པའི་བུ་མོ། ལྷ་རྒྱལ་ལོ།

    Reply
  40. བློ་དགའ། says:
    ལོ་ 13 སྔོན།

    ཆོས་དབྱངས་སྐྱིད་ལ་བྱ་དགའ་ཐོབ་མ་ཐག ངྷ་རམ་ས་ལའི་ཟ་ཁང་དང་ཆང་ཁང་ཁག་ཏུ་བོད་པ་ཚོས་པཱ་ཊེ་གཏོང་གི་འདུག
    ང་ཚོས་བརྙན་འཕྲིན་ནང་ནས་ཁོ་མོར་གཟེངས་རྟགས་ཨང་གསུམ་པ་ཐོབ་པ་མཐོང་མ་ཐག བུ་མོ་མང་པོ་ཞིག་ལ་དགའ་བ་དང་སྐྱོ་བ་ཟུང་འབྲེལ་གྱི་མིག་ཆུ་ཤོར་གྱི་འདུག

    Reply
  41. བྱ་གཞུང་འཇམ་བྷེ says:
    ལོ་ 13 སྔོན།

    ངས་ཀྱང་བོད་རིགས་བུད་སྨད་ཆོས་དབྱངས་སྐྱིད་ཀྱི་ཕྱོགས་སུ་མིག་ཟུང་འཁྲེང་ནས་བརྙན་འཕྲིན་གྱི་མདུན་ངོས་ལ་ཅེར་ཅེར་ལ་བསྡད་ཡིན།   ཁོང་མོ་མི་བཞི་ལྔ་ཞིག་གི་འཇུག་ལ་ལྷག་སྐབས་ངའི་སེམས་ལ་ན་ཟུག་དང་མིག་ཟུང་མཆི་མ་འགོག་ཐབས་བྲལ། ཡང་ཁོང་མི་གཅིག་དང་གཉིས་ཀྱི་བར་དུ་ཡོད་སྐབས་སེམས་ལ་འགྱོག་པོ་འཇུག་སྒྲིལ་ན་རེད་བསམ་ནས་སེམས་ཀྱི་ཚོར་ཤུགས་ཀྱིས་ངོ་མས་ལུས་རྩལ་འགྲན་བསྡུར་མ་རྫོགས་བར་སེམས་ལྷོད་ལ་འབབ་རྒྱུ་ངོ་མ་ཅིག་དཀའ་ཐལ། དེ་ལྟར་མིག་ཟུང་ཅེར་ཅེར་ངང་ཁོང་མོ་རྒྱལ་ཁ་ཐོབ་དུས་ཀི་རིང་ཞིག་ཁ་ནས་ཤོར་སོང་།

    Reply
  42. རྟ་བདུན་དབང་བོ། says:
    ལོ་ 13 སྔོན།

    བོད་ཀྱི་བུ་མོ་ཆོས་དབྱངས་སྐྱིད་ལ་རྒྱལ་ཁ་ཨང་གསུམ་པ་ཐོབ་པར་དགའ་བསུ་ཞུ། ནམ་ཞིག་རྒྱལ་ཁ་ཨང་དང་བོ་ཐོབ་པའི་རེ་བ་ཡོད། །

    Reply
  43. ketaka says:
    ལོ་ 13 སྔོན།

    སྙིང་ནས་རྟེན་འབྲེལ་ཞུ་་་་་་

    Reply
  44. བསང་ཆུ་འབྲུག་བྷེ། says:
    ལོ་ 13 སྔོན།

    བོད་རྒྱལ་ལོ། ཆོས་དབྱིངས་སྐྱིད་རྒྱལ་ལོ། བོད་རྒྱལ་ལོ།
    རྨ་ཆེན་གངས་རིའི་སྤོབས་པ་སེམས་ལ་ཉར་ཞིང་།ཁྲི་ཤོར་རྒྱལ་མོའི་མངའ་མཐའ་ཡིད་ལ་སྒོམ་ནས་མི་ཡུལ་ལ་གདོང་དམར་བ་ཞིག་ངོ་གདོང་བསྟན་སོང་བར་སྙིང་ཐག་པ་ནས་རྟེན་འབྲེལ་ཞུ། ང་ཚོ་བཙན་པོའི་གདུང་རྒྱུད་ཡིན་པའི་དཔང་བོ་འདི་ནས་བསྟན་སོང་།ང་ཚོ་ལ་ནམ་ཡང་ལམ་ཞིག་ཡོད་པའི་རེ་བ་འདི་ནས་རྙེད་སོང་། དོ་དགོང་དགའ་བས་མིག་ཆུ་ཁྲོམ་ཁྲོམ་གྱི་ཀློང་ནས་་་་་་་་་་་་་་་་་་་་་་་་་་་

    Reply
  45. ཚངས་གསར་འཕྲིན་ལས། says:
    ལོ་ 13 སྔོན།

    ཤ་དང་རུ་པ་བོད་ནས་ཆད་ཅིང་།།
    སེམས་དང་བསམ་པ་བོད་ལ་འཕྲེང་བའི།།
    མཐོ་སྒང་ཁ་བའི་མཛངས་མ་ཁྱེད་ལ།།
    བཀྲ་ཤིས་རི་མོའི་ཁ་གཡང་འཐེན་ཆོག།

    Reply
  46. སྤྲོ་ཚིགས་དགེ་འདུན says:
    ལོ་ 13 སྔོན།

    ངོ་མ་དགའ་ནས་ཤི་ཐ། བུ་མོ་ཆོས་དབྱངས་སྐྱིད་རྟེན་འབྲེལ་ཞུ། དགའ་བ་ལ་དང་སྐྱིད་པ་ལ། ངོ་མ་ངར་མ་རེད།

    Reply
  47. ཚང་མ། says:
    ལོ་ 13 སྔོན།

    ང་ཚོ་བོད་པའི་མིང་བྱང་ཁྱེར་བའི་བུ་མོ་སྙིང་རྗེ་བོ་དེས་དེ་རིང་འཛམ་གླིང་ཟླུམ་པོའི་ཡང་རྩེ་ནས་རྒྱལ་ཁའི་མཛུམ་མདངས་ཐེངས་ཤིག་ངོམ་ནས་བོད་པའི་ལ་རྒྱ་སྒྲེངས་སོང་། སྐུ་ཚེ་རིང་། བོད་རྒྱལ་ལོ་་་་་་་་་་་་་་་་་་་

    Reply
  48. ཚང་མ། says:
    ལོ་ 13 སྔོན།

    ང་ཚོ་བོད་པའི་མིང་བྱང་ཁྱེར་བའི་བུ་མོ་སྙིང་རྗེ་བོ་དེས་དེ་རིང་འཛམ་གླིང་ཟླུམ་པོའི་ཡང་རྩེ་ནས་རྒྱལ་ཁའི་མཛུམ་མདངས་ཐེངས་ཤིག་ངོམ་ནས་བོད་པའི་ལ་རྒྱ་སྒྲེངས་སོང་། སྐུ་ཚེ་རིང་། བོད་རྒྱལ་ལོ་་་་་་་་་་་་་་་་་་་

    Reply
  49. གངས་རྡེའུ། says:
    ལོ་ 13 སྔོན།

    ངོ་མ་ངར་བ་རེད་ང་ཚོའི་རེ་བ་དང་ཡིད་ཆེས་འགྲུབ་སོང་། མོ་རང་ཚེ་ཐང་རིང་བར་ཤོག

    Reply
  50. ཤག་སྒང་པ། says:
    ལོ་ 13 སྔོན།

    བཀྲིས་བདེ་ལེགས། ཆོས་དབྱངས་སྐྱིད་བོད་ཀྱི་བུ་མོ།

    ང་ཚོ་ནང་མི་ཚང་མ་བོད་ཀྱི་གངས་སེང་རྒྱལ་དར་ལག་ཏུ་བཏེགས་ནས་ཁྱེད་ཀྱི་རྒྱལ་ཁའི་གཟེངས་རྟགས་ལ་བཀྲིས་བདེ་ལེགས་ཞུ་བཞིན་ཡིན།

    ང་ཚོ་བདེ། ང་ཚོ་སྐྱིད།

    ཁྱེད་ཀྱི་ཟུར་ནས་གངས་སེང་རྒྱལ་དར་བསྒྲེངས་ནས་ལག་པ་གཡུག་པ་མཐོང་བྱུང་ངམ། ཡག་བྱུང་། ཁ་དྲོ།

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese