མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བྲག་གཞིས་བསྟན་འཛིན་ཕན་བདེའི་གཡོ་བྱུས་ཀྱི་རྫུན་སྐུབ་བརྟོལ་བ།

བོད་ཀྱི་དུས་བབ།
༢༠༡༢/༠༨/༡༣
Share on FacebookShare on TwitterShare on EmailShare on Whatsapp

སྣར་སྐྱིད་ངག་དབང་དོན་གྲུབ།

༄༅། བྲག་གཞིས་བསྟན་འཛིན་ཕེན་བདེས་བོད་ཀྱི་དུས་བབ་གསར་ཤོག་༢༠༡༢།༧།༡༠འཁོད་ནང་། ང་སྣར་སྐྱིད་རྒས་པོར་མིང་ཤས་བཟོ་བའི་ཆེད་དུ། ལོ་རྒྱུས་ཁ་ལ་འཁྱེར། སེམས་ངན་ཁོག་ཏུ་བཅུག རྫུན་གཏམ་རང་གིས་བཤད། རྫུན་ཁག་གཞན་ལ་དཀྲི་ཟེར་བ་དང་། ངན་པ་ལང་ཤོར་དུ་འགྲོ་ཉེན་མི་འོས་པར་མཐོང་ཟེར་བ་ལ་སོགས་པའི་དམའ་འབེབ་ཚིག་རྩུབ་སྣ་ཚོགས་ཤིག་བྲིས་འདུག

ངས་ནི་བསྟན་འཛིན་ཕན་བདེ་སུ་ཡིན་རྩ་བ་ནས་ངོ་ཤེས་ཀྱི་མེད། ཧོབ་ཏེ། ཨ་ཡ་མཚན། འདི་འདྲ་གང་འདྲ་ཡིན་ནམ་བསམས་ནས་གཞན་ལ་སྐད་ཆ་དྲིས་པས། ཁོ་རང་སྐུ་སྒེར་དྲུང་ཆེ་སྐུ་ངོ་བྲེ་སྲང་ལགས་ཀྱི་ཡིག་འབྲི་ཕྱག་རོགས་ཞུ་མཁན་ཡིན་པ་ཤེས་བྱུང་། གང་ལྟར་འདི་ནི་སྔོན་ལས་འཕྲལ་རྐྱེན་བྱུང་བ་ཡིན་སྟབས། ད་ཆ་ང་རང་ངོས་ནས་ལས་ངན་བསྐྱར་གསོག་མི་དགོས་པའི་བློ་སྦྱོང་ཉམས་ལེན་བྱ་རྒྱུའི་གོ་སྐབས་ཤིག་རེད་བསམས་ཏེ། གང་ཡང་བཤད་བྲིས་མ་བྱས་པར་དུས་ཡུན་ཟླ་བ་གཅིག་ལྷག་ཙམ་སོང་བའི་རིང་དེར། ངས་ལན་འདེབས་གསལ་བཤད་བྱེད་ཀྱི་མེད་པ་དེ། རང་གནོང་ཡོད་པ་རེད་ཅེས་རྒྱབ་བཤད་གླེང་གི་ཡོད་པ་གོ་ཐོས་ཡོང་གི་འདུག དེར་བརྟེན་བསྟན་འཛིན་ཕན་བདེས་ང་ལ་སྨྱོན་པ་ར་བཟིའི་སྐྱུར་འགོང་བཤད་པ་ལྟ་བུའི་སྙོན་འཛུགས་བྱས་པ་དེ་དག་ནི། བདག་ལ་གཞན་གྱིས་ཕྲག་དོག་གིས། གཤེ་སྐུར་ལ་སོགས་མི་རིགས་པའི། གྱོང་ཁ་རང་གིས་ལེན་པ་དང་། རྒྱས་ཁ་གཞན་ལ་འབུལ་བར་ཤོག  ཅེས་པའི་བློ་བྱོང་ཉམས་ལེན་ལྷོད་མེད་བྱ་རྒྱུར་ཤུགས་སྣོན་བྱུང་བར་བསམས་ནས་ལན་འདེབས་བྱེད་ཀྱི་མིན།

            འོན་ཀྱང་གཤམ་གསལ་རང་རེ་བོད་མིའི་སྤྱི་དོན་ལ་གནོད་པའི་དོན་གནད་ཐོག་ཁོང་རང་གི་བརྗོད་བྱ་འབྲི་སྟངས་ལ་ལད་མོ་བྱས་ཏེ། ཁོར་རང་གི་གཡོ་བྱུས་རྫུན་རྐུབ་བརྟོལ་དགོས་པ་ཞིག་བྱས་འདུག  དེ་ནི་ཁྲིམས་ལུགས་དྲང་བདེན་གཞིར་རྩར་བཟུང་བའི་བོད་གཞུང་དམངས་གཙོའི་ཆབ་སྲིད་འཛིན་སྐྱོང་ཡང་དག་པ་ལ་བརྟེན་ནས། རང་རེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་རྡོག་རྩ་གཅིག་སྒྲིལ་གང་ས་ཅི་ཐད་ནས་ཡར་རྒྱས་གོང་འཕེལ་མི་སྨོན་རང་སྐྱིད་བརྟན་ལྷིང་འདི་འདྲ་ཡོད་པའི་ནང་། ཁྱེད་རང་བོད་མི་དགེ་ཚུལ་སློང་གི་སྡོམ་ལྡན་ཞིག་གིས་རྒྱ་དམར་གྱི་འདོད་དོན་སྒྲུབ་པའི་འགན་འཁུར་བླངས་ཏེ་བོད་མིའི་ནང་དཀྲུག་ཤིང་རྒྱག་པའི་གཡོ་བྱུས་ལག་ལེན་བསྟར་གྱི་ཡོད་པ་དེ་རེད།

            ཇི་སྟར་ཞེ་ན། བོད་མིའི་དམ་ཚིག་རྡོག་རྩ་གཅིག་སྒྲིལ་བསྟོར་བཤིག་གཏོང་མཁན་དེ་ནི། རྒྱ་དམར་གྱི་འདོད་དོན་གནད་འགག་ཆེ་ཤོས་ཤིག་དངོས་སུ་སྒྲུབ་མཁན་བོད་མི་ཉོན་རྨོངས་གདོན་གྱིས་སྨྱོ་བ་ཞིག་ཡིན་པ་ལོང་བས་བལྟས་པས་ཁམས་གསུམ་མ་ཟད། གནག་རྫིས་ཀྱང་ཤེས་རྟོགས་ཐུབ་པ་ཞིག་རེད།

            དེ་ལྟར་ཡིན་པ་ནི། གཅིག་དུ་ཁྱེད་རང་གིས་བོད་རྒྱལ་ཁབ་ཀྱི་དབུ་འཛིན་དང་།  བོད་གངས་ལྗོངས་གཞུང་དམངས་ཡོངས་ཀྱི་དབུ་ཁྲིད་བླ་ན་མེད་པ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། གུས་པ་རང་ལོ་བཅོ་བརྒྱད་ནས།ད་ལྟ་བརྒྱད་བཅུ་བརྒྱ་ལྔར་སོན་པའི་བར་འདིར་བོད་གཞུང་གི་ཆབ་སྲིད་འཛིན་སྐྱོང་སྲི་ཞུ་དང་། བོད་མི་རེ་རེར་འགན་ཡོད་སྐབས་བབ་ལས་ཁུར་གང་ཅི་དྭང་བས་འཁུར་ལེན་ཞུས་དང་ཞུ་བཞིན་པའི་གཞུང་ཞབས་རྒས་པོ་བདག་གི་དབར་ལ་དཀྲུག་ཤིང་བརྒྱབ་པ་སྟེ། སྐད་ཆ་གོ་བདེ་རྡོག་རྡོག་བཤད་ན། ༸རྒྱལ་བ་ཡིད་བཞིན་ནོར་བུ་མཆོག་དང་གུས་པའི་དབར་ལ་དཀྲུག་ཤིང་བརྒྱབ་པ་ཞིག་ཡིན་པ་ནི། ལོང་བས་བལྟས་པས་ཁམས་གསུམ་མ་ཟད། གནག་རྫིས་ཀྱང་ཤེས་རྟོགས་ཐུབ་པ་ཞིག་རེད།

            གཉིས་སུ་གཞུང་ཞབས་རྒས་པོ་བདག་དང་། བོད་ཕྱི་ནང་གི་རང་རིགས་རྣམས་ཀྱི་དབར་ལ་དཀྲུག་ཤིང་བརྒྱབ་པ་ཞིག་ཡིན་པ་ལོངས་བས་བལྟས་པའི་ཁམས་གསུམ་མ་ཟད། གནག་རྫིས་ཀྱང་ཤེས་རྟོགས་ཐུབ་པ་ཞིག་རེད།

            གསུམ་དུ་ཁྱེད་རང་སྐུ་སྒེར་དྲུང་ཆེ་སྐུ་ངོ་བྲེ་སྲང་ལགས་ཀྱི་ཡིག་འབྲི་ཕྱག་རོགས་ཞུ་མཁན་རྣམ་རྒྱས་གྲྭ་ཚང་གི་སྐུ་གཞོགས་བསྟན་འཛིན་ཕན་བདེ་་ཡིན་ན་ནི། དེ་བས་ཀྱང་ཧ་ལས་ཧང་སང་དགོས་པ་ཞིག་ལ་སྐུ་ངོ་བྲེ་སྲང་ལགས་ང་གཉིས་ཧོལ་རྒྱུགས་དང་དངོས་དོན་མིན་པའི་གསལ་བཤད་སྐོར་ལ་༢༠༡༡ ལོ་མཇུག་ནས་གནས་འབྲེལ་ཡོད་པ་ཤེས་བཞིན་དུ། ཁྱེད་རང་གིས་གསར་ཤོག་ནང་ཕྱི་བསྒྲགས་འགྲེམས་སྤེལ་བྱེད་དགོས་ཀྱི་དམིགས་དོན་ག་རེ་ཡིན་ནམ། ཁྱེད་རང་གི་བྱེད་སྟངས་འདི་ཐོག་ནས་ཀྱང་རྒྱ་དམར་གྱི་འདོད་དོན་སྒྲུབ་ཀྱི་ཡོད་པ་ནི། ལོང་བས་བལྟས་པས་ཁམས་གསུམ་སྨོས་ཅི། གནག་རྫིས་ཀྱང་ཤེས་རྟོགས་ཐུབ་པ་ཞིག་ཡིན་པར་མངོན།

བཞི་རུ་ཁྱེད་རང་གིས་བོད་གཞུང་གི་གཞུང་ཞབས་རྒས་པོ་ངའི་བསམ་སྤྱོད་ངན་པ་འདི་འདྲ་འདུག་ཅེས་ང་ལ་མིང་ཤས་ངན་པ་བཟོ་བའི་སྒྲོ་བཏགས་རྟོག་བཟོའི་སྙོན་འཛུགས་དམའ་འབེབ་ཚིག་ངན་སྣ་ཚོགས་གསར་ཤོག་ནང་བཀོད་པ་དེ་ནི། རྒྱ་དམར་གཞུང་གི་དོན་གཅོད་ལས་ཁང་དང་། རྒྱ་དམར་གྱི་སོ་ཉུལ་ལ་དགོས་པའི་གསར་འགྱུར་ཡིག་ཆ་ཞིག་བཙན་འབྱོལ་བོད་མིའི་གསར་ཤོག་ནང་ཐོན་དགོས་པ་དེ་དོན་དྭང་བས་འཁུར་བླངས་ཀྱིས་རྩོམ་སྒྲིག་བྱས་པ་ཞིག་ཡིན་པ་ནི། ལོང་བས་བལྟས་པས་ཁམས་གསུམ་རེད་ལ། གཟུ་བོར་གནས་པའི་བློ་ལྡན་རྣམས་ཀྱིས་ནི་སྨོན་ཅི་དགོས། གནག་རྫིས་ཀྱང་ཤེས་རྟོགས་ཐུབ་པ་ཞིག་འདུག་ཅེས་ངས་ཁྱེད་རང་རང་རིགས་ཀྱི་སྤྱི་ཚོགས་ནང་ལ་དཀྲུག་ཤིང་རྒྱག་མཁན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་འགྲོ་བ་མིའི་ཐོབ་ཐང་ལའང་བརྩི་སྲུང་མི་བྱེད་མཁན་གྱི་ཁྲིམས་འགལ་བྱེད་པོ་ངན་པ་ལང་ཤོར་མི་འགྲོ་བའི་ཆེད་དུ། ཁྱེད་རང་གི་གཡོ་བྱུས་རྫུན་རྐུབ་གསལ་པོར་བརྟོལ་པ་ཡིན།

མཐའ་དོན། ཁྱེད་རང་གིས་གསར་ཤོག་ནང་ང་ལ་སྐྱོན་འཛུགས་ཚིག་བཅོས་ཟུར་བཏོན་གཙོ་གནད་ཆེ་ཤོས་ (༡) ངས་༸གོང་ས་མཆོག་གིས་ཧོལ་རྒྱུགས་ཤོར་འདུག་ཅེས་བྲིས་ཡོད་ཚུལ་བཀོད་འདུག་པ་དེ་ངའི་དེབ་ཆུང་གི་ཤོག་གྲངས་དང་ཡིག་འཕྲེང་གང་དང་གང་དུ་འཁོད་ཡོད་པ་དང་། (༢) ངས་སྐད་གསང་ཐོན་པོས་བརྗོད་འདུག་ཅེས་བཀོད་པ་དེ་ངས་སུ་ལ་བཤད་འདུགས་གནས་གང་དུ་བཤད་འདུག་ཁ་གསལ་གོ་བདེ་ཞིག་བོད་ཀྱི་དུས་བབ་དང་བོད་ཀྱི་བང་ཆེན་གསར་ཤོག་གཉིས་ཀའི་ནང་འགོད་དགོས་ཀྱི་འདུག་ཅེས་ནན་སྐུལ་ཞུ་རྒྱུ་དང།

ང་རྒས་པོ་ཧྲང་ཧྲང་ལ་ཁྱེད་རང་གིས་ལྟག་ཤེད་ངོམ་བཞིན་དམའ་འབེབ་སྙོན་འཛུགས་ཐུབ་ཚོད་བཏང་བར་བརྟེན། ངས་བདེན་པའི་ལྟག་ཤེད་ངོམ་བཞིན་ཁྱེད་རང་གི་རྫུན་རྐུབ་བརྟོལ་དགོས་པ་འདི་ཆགས་པ་རེད།

ད་ཆ་བསྟན་འཛིན་ཕན་བདེ་ཁྱེད་རང་ལ་གཏམ་བརྗོད་ལ་སོགས་པའི་རང་དབང་སྤྱི་མཚུངས་ཡོད་པ་ལས། ཁྲིམས་འགལ་རང་འདོད་གང་བྱུང་འབྲི་བརྗོད་མ་ཆོག་པ་དེ་ཤེས་བཞིན་དུ། རྒྱ་དམར་གྱི་འདོད་དོན་སྒྲུབ་ཀྱི་ཡོད་པ་འདིའི་རྩ་བའི་བསམ་ངན་འབྱུང་ཁུངས་དེ་ཐོག་ཕྱིར་བལྟས་ཀྱིས་དཔྱད་སྒོམ་ཟབ་ནན་ཞིག་བྱས་ཐོག དེ་ནས་ང་གཉིས་འབྲེལ་ཡོད་སྐུ་སྒེར་དྲུང་ཆེ་སྐུ་ངོ་བྲེ་སྲང་ལགས་མཉམ་དུ་ངོ་མ་ངོ་ཐུག་ཡ་རབས་སྤྱོད་བཟང་ངང་ནས་དངོས་དོན་གླེང་མོལ་བྱ་རྒྱུ་ལས། མུ་མཐུད་རྔོ་ལོ་ཁྲོམ་འཕྱར་མ་བྱས་ན་ལེགས་པར་བསམ་པས་ཇི་དགེ་ལན་གསལ་ཡོད་པ་ཞུ་རྒྱུ་བཅས།

༸གོང་ས་ཆེན་པོས་མ་ཡིས་བུ་ལ་བཞིན།།

བཀའ་སློབ་རྒྱུན་མར་བསྩལ་དང་སྩོལ་བཞིན་པ།།

བོད་མིའི་ཡ་རབས་སྤྱོད་བཟང་རྒྱུན་འཛིན་ཐོག།།
སེམས་བཟང་ངང་ནས་གཞན་ཕན་བྱ་དགོས་དང།
བྱམས་བརྩེའི་ཀུན་སློང་རྣམ་པར་དག་པའི་ཐོག།།
རྟེན་འབྲེལ་ལྟོས་གྲུབ་ཤེས་བྱར་བློ་སྦྱངས་ནས།།
རང་རྒྱུད་ཉོན་རྨོངས་འདུལ་བར་དུས་རྒྱུུན་དུ།།
དྲན་དང་ཤེས་བཞིན་བག་ཡོད་བྱ་དགོས་གསུངས།།
དེ་ཕྱིར་རྣམ་གྲྭ་སྐུ་གཞོགས་ཕན་བདེ་ཡིས།།
རྒས་པོར་བརྙད་འདོགས་སྒྲོ་བཏགས་གཡོ་བྱུས་ཀྱི།།
རྫུན་རྐུབ་བརྟོལ་བའི་བརྗོད་དོན་གསལ་བཀོད་ལ།
གཟུར་གནས་ཀུན་སློང་བཟང་པོས་དཔྱད་མཛོད་ཅིག།།
བདེན་པའི་མདའ་ཡིས་རྫུན་པའི་འབེན་བརྟོལ་བ།།
ལོང་བས་བལྟས་ཀྱང་ཁམས་གསུམ་སྨོས་ཅི་དགོས།།
གནག་རྫི་ཡིན་ཡང་ཤེས་རྟོགས་ཐུབ་པ་འདིར།།
གཟུར་གནས་རང་རིགས་སེར་སྐྱ་དཔྱད་ཞིབ་མཛོད།།
ཅེས་མཇུག་བསྡོམས་ཀྱི་ཚིགས་བཅད་དང་བཅས་ཏེ་རེ་ཞིག་འདི་ཙམ་ལ་འཇོག་པར་བྱའོ།།

 

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

རྒྱ་གར་བོད་དོན་རྒྱབ་སྐྱོར་བའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་ཁུལ་དུ་གཟིགས་སྐོར་གནང་བཞིན་འདུག

ཆུ་ཚོད་ ༡༧ སྔོན་ལ།
སྤྱི་འཐུས་ཉི་ཤུ་ལྷག་གཞི་རིམ་མི་མང་གི་ལས་འགུལ་སྤེལ་སར་ཕེབས། བོད་ཀྱི་དུས་བབ་ཀྱི་པར།  ༢༠༢༣། ༠༩། ༢༢
Mobile App

དེ་རིང་ཉིན་གང་བོར་གྲོས་ཚོགས་འཚོགས་ཐུབ་མ་སོང་།  

ཆུ་ཚོད་ ༡༧ སྔོན་ལ།
Mobile App

ཨ་རིའི་རི་འཛེགས་པ་གཉིས་བོད་ནང་འགྲོ་བསྐྱོད་བཀག་འགོག་བྱས་འདུག

ཆུ་ཚོད་ ༡༨ སྔོན་ལ།
དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ཟླ་རྗེས་མ་ནས་༧གོང་ས་མཆོག་གིས་མཛད་འཕྲིན་གང་མང་ཞིག་བསྐྱང་འཆར་འདུག

ཆུ་ཚོད་ ༢༡ སྔོན་ལ།
ནེའུ་ཡོག་གྲོང་ཁྱེར་ནང་རྒྱ་ནག་གི་སྲིད་འཛིན་གཞོན་པར་ངོ་རྒོལ་ལས་འགུལ། པར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་དྲ་བ་ནས་བླངས།
Mobile App

རྒྱ་ནག་གི་སྲིད་འཛིན་གཞོན་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༣/༠༩/༢༡
༧གོང་ས་མཆོག་གིས་མཁན་པོ་མཁྱེན་རབ་བསྟན་འཛིན་མཆོག་གི་སློབ་མ་དང་དད་ལྡན་པ་ཁག་ཅིག་ལ་མཇལ་ཁ་དང་བཀའ་སློབ་བསྩལ། པར་དགའ་ལྡན་ཕོ་བྲང་གི་བརྙན་ལས་བླངས།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་བོད་པའི་གཞོན་སྐྱེས་ཚོས་ནང་པའི་ལྟ་གྲུབ་ལ་སློབ་སྦྱོང་བྱ་རྒྱུ་གལ་ཆེན་ཡིན་སྐོར་བཀའ་སློབ་བསྩལ།

༢༠༢༣/༠༩/༢༠

མཆན། 5

  1. བསེ་རུ། says:
    ལོ་ 11 སྔོན།

    སྐུ་ངོ་སྣར་སྐྱིད་དང་བྲག་གཞིས་བསྟན་འཛིན་ཕན་བདེ་ལགས་རྣམ་གཉིས་རྫུན་རྐུབ་ཕར་བརྟོལ་ཚུར་བརྟོལ་གནང་གི་ཡིན་ནའང་། ཡིག་ནོར་འདི་ལྟ་བུ་མ་ཤོར་བ་གནང་རོགས།

    ངའི་བསམ་ཚུལ་ལ། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་བྱ་བའི་ཐོག་མ་སྨྱུག་ཐོགས་པ་ཚོས་ཡི་གེ་དག་པོ་འབྲི་རྒྱུ་ནས་འགོ་བརྩམ་དགོས་ཀྱི་འདུག
    “ཡིག་ནོར་ནི་སྐད་ཡིག་གི་བླ་སྲོག་འཕྲོག་མཁན་གྱི་དགྲ་བོ་ངོ་མ་དེ་རེད། ”
    མ་དག་པ། དག་པ།

    ༄༅། ༄༅། །
    རྫུན་སྐུབ། རྫུན་རྐུབ།
    བསྟན་འཛིན་ཕེན་བདེས། བསྟན་འཛིན་ཕན་བདེས།
    འགན་འཁུར། འགན་ཁུར།
    ཇི་སྟར། ཇི་ལྟར།
    ཉོན་རྨོངས། ཉོན་མོངས།
    གཅིག་དུ། གཅིག་ཏུ།
    དབུ་འཁྲིད། དབུ་ཁྲིད།
    བརྒྱད་བཅུ་བརྒྱ་ལྔར། བརྒྱད་ཅུ་གྱ་ལྔར།
    ལོངས་བས། ལོང་བས།
    བཙན་འབྱོལ། བཙན་བྱོལ།
    སྨོན་ཅི་དགོས། སྨོས་ཅི་དགོས།
    ཧོལ་རྒྱུགས། ཧོལ་རྒྱུག
    སྐད་གསང་། སྐད་གསངས།
    ཐོན་པོས། མཐོན་པོས།
    བསྟུད་མུར། བསྟུད་མར།
    རྩོལ་བཞིན། སྩོལ་བཞིན།
    བསྙད་འདོགས། བརྙས་འདོགས།

    Reply
  2. lobsang says:
    ལོ་ 11 སྔོན།

    ང་ཚོའི་ས་ན་རིག་པའི་གནས་ལྔ་ལ་མཁས་པའི་གནག་རྫི་ཡོད་ཟེར་ན་མི་ཤེས་སྟེ་སྣར་སྐྱིད་ངག་དབང་དོན་འགྲུབ་ཀྱི་རྩོམ་འཆར་འདྲ་བོ་འབྲི་མཁན་མང་པོ་ཡོད། ངས་ངོ་མ་ཡིན་ད་རྒན་པོས་ངལ་གསོ་རྒྱབ་ན་ཡག་ཤོས་རེད།

    Reply
  3. ཤར་ཕྱོགས་ཁུག་རྟ། says:
    ལོ་ 11 སྔོན།

    ད་དུང་ཡིག་ནོར་དང་ཐ་སྙད་བཙོག་པ་མང་པོ་བེད་སྤྱོད་བཏང་འདུག་པས་ཀྱང་གནད་དོན་མང་པོར་རང་བཞིན་གྱིས་གསལ་སྟོན་བྱས་འདུག

    Reply
  4. ཤར་ཕྱོགས་ཁུག་རྟ། says:
    ལོ་ 11 སྔོན།

    ད་སྐད་ཆ་མ་འཕྲོས་མར་རྩོད་གཞི་ངོ་མའི་ཐད་གསུངས་ན་ཡག་གི

    སྣར་སྐྱིད་ཀྱིས་༧གོང་ས་མཆོག་གིས་ཧོལ་རྒྱུགས་གནང་ཚུལ་བྲིས་འདུག ཤོག་གྲངས་གཉིས་གསུམ་ཞིག་ལས་ཤོག་བུའི་གྲངས་ཀ་བཤད་དགོས་དོན་ག་རེ་ཡིན་ནམ།

    གཞན་”༧གོང་ས་མཆོག་དང་གུས་བའི་བར་ལ་དཀྲུག་ཤིང་”ཞེས་པའི་ཚིག་འདི་རིག་འཚོ་མ་ཟིན་པ་ཞིག་གི་སྐད་ཆ་དངོས་གནས་རེད། ཚིག་འདིས་༧གོང་ས་མཆོག་ལ་ཅི་ཙམ་བརྩི་བཀུར་བྱེད་ཀྱི་ཡོད་མེད་ཧ་གོ་ཐུབ་ཀྱི་འདུག དངོས་གནས་སྨྲ་བ་ཉུང་ན་མཛེས།

    Reply
  5. སྒྲོལ་མ་མེ་ཏོག says:
    ལོ་ 11 སྔོན།

    སྣར་སྐྱིད་ངག་དབང་དོན་གྲུབ་ཀྱིས་ལོ་རྒྱུས་ཀྱི་དོན་གནད་ལ་ལན་འདེབས་མ་བྱས་པར། བསྟན་འཛིན་ཕན་བདེས་འདི་དང་དེའི་བར་ལ་དཀྲུག་ཤིང་བརྒྱབས་སོང་ཞེས་ཅམ་བུའི་ཚིག་ཙམ་སྨྲ་བའི་བྱེད་སྟངས་ལ་བལྟས་ན། ཕལ་ཆེར་གདེང་འཕེར་བའི་ལན་ཞིག་རྒྱག་རྒྱུ་མེད་པ་འདྲ།
    གནག་རྫིས་ཀྱང་ཤེས། གནག་རྫིས་ཀྱང་ཤེས་ཞེས་མང་པོ་ཞིག་བྲིས་འདུག གནག་རྫི་ཚོར་མཐོང་ཆུང་དེ་འདྲ་རང་བྱ་དགོས་ཅང་ཡོད་དམ། ཨ་ལ་ཀུ་རེ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist