མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་གཉིས་ཀྱིས་རང་ལུས་མེར་བསྲེཊ།

བོད་ཀྱི་དུས་བབ།
༢༠༡༢/༠༨/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་བོད་ཨ་མདོ་རྔ་པ་རྫོང་ཐོག་ཏུ་གྲྭ་བ་ཞིག་དང་མི་སྐྱ་ཞིག་གིས་དུས་མཉམ་དུ་རང་ལུས་མེར་བསྲེགས་བཏང་ཡོད་པ་དང་། དེའི་རྗེས་གྲྭ་བ་དེ་སྐུ་གྲོངས་ཡོད་པའི་གནས་ཚུལ་ཡང་འདུག

ཁ་སང་ཕྱི་ཚེས་ ༡༣ ཉིན་གྱི་བོད་ནང་གི་ཆུ་ཚོད་ ༦།༥༠ ཙམ་ལ་བོད་མདོ་སྨད་རྔ་པ་རྫོང་ཆོས་རྗེ་མ་ཞང་སོ་རུ་མ་སྡེ་བའི་རང་ལོ་ ༢༡ ཡས་མས་ཡིན་པའི་མི་སྐྱ་བཀྲ་ཤིས་དང་། རང་ལོ་ ༢༠ ཡས་མས་ཡིན་ཞིང་སོ་རུ་མ་སྡེ་བའི་རྔ་པ་ཀིརྟི་དགོན་པའི་སྨན་པ་གྲྭ་ཚང་གི་གྲྭ་ལུང་རྟོགས་གཉིས་ཀྱིས་རྔ་པ་ཀིརྟི་དགོན་པའི་འདབ་ཀྱི་མ་ཎི་འཁོར་ཁང་ཞིག་གི་ནང་ནས་རང་ལུས་ལ་མེར་བསྒྲོན་ཏེ་དཔའ་བོའི་སྲང་ལམ་ནས་ངོ་རྒོལ་སྐད་འབོད་གནང་ཡོད་འདུག  

དེ་ཡང་གྲྭ་ལུང་རྟོགས་ཀྱིས་དཔའ་བོའི་སྲང་ལམ་ནས་སྐད་འབོད་བྱེད་བཞིན་གཞུང་ལམ་དབུས་མའི་བཞི་མདོར་བསླེབས་མཚམས་ཉེན་རྟོག་པ་ཁག་ཅིག་གིས་རུབ་ནས་མེ་བསད་དེ་བཙན་ཁྲིད་བྱས་འདུག་ལ། བཀྲ་ཤིས་ཀྱིས་དཔའ་བོའི་སྲང་ལམ་ནས་སྐད་འབོད་བྱེད་བཞིན་ཡོང་སྐབས་གཞུང་ལམ་དུ་མ་སླེབས་ཙམ་ལ་ཉེན་རྟོག་པ་མང་པོས་རུབ་བརྡུང་བྱས་ནས་མེ་བསད་དེ་རླངས་འཁོར་ནང་བཙན་ཁྲིད་བྱས་ཡོད་ཀྱང་། སྐབས་དེར་ཁོང་གྲོངས་ཡོད་མེད་གསལ་པོ་ཤེས་རྟོགས་ཐུབ་མི་འདུག ཁོང་གཉིས་སྐབས་ཐོག་དེར་རྔ་པའི་སྨན་ཁང་དུ་ཁྱེར་ནས་དུས་ཚོད་ཕྱེད་ཀ་ཙམ་རིང་བསྡད་རྗེས་འབར་ཁམས་ལ་ཁྱེར་ཡོད་ཀྱང་དངོས་སུ་མཐོང་མཁན་གྱིས་བརྗོད་པར། གཉིས་ཀ་མེས་ཚིག་པའི་རྨས་སྐྱོན་ཚབས་ཆེན་ཡིན་སྟབས། གསོན་པོ་ཡོང་རེ་མེད་ཚུལ་བརྗོད།

ལུང་རྟོགས་ཀྱི་ཕ་མིང་ལ་རིས་ཆུང་ཟེར་ཞིང་དེ་སྔོན་ནས་འདས་གྲོངས་སུ་ཕྱིན་ཡོད་པ་དང་མ་མིང་ལ་ཀླུ་མོ་ཡིན་འདུག ཁོང་རྔ་པ་ཀིརྟི་དགོན་པའི་སྨན་པ་གྲྭ་ཚང་ཡིན་ཞིང་བཀྲ་ཤིས་གྲྭ་པ་ཡིན་སྐབས་ཁོང་གཉིས་འཛིན་གྲྭ་གཅིག་པ་ཡིན་འདུག ཕྱི་ཚེས་ ༡༣ ཉིན་གྱི་སྔ་དྲོ་སྨན་པ་གྲྭ་ཚང་ཚོགས་འཚོགས་སྐབས་ལུང་རྟོགས་ཀྱིས་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ཀྱི་ཆེད་དུ་དགེ་འདུན་རེ་ལ་རྒྱ་སྒོར་གཅིག་རེ་སྐུ་འགྱེད་བཏང་སྟེ་བསྔོ་བ་སྨོན་ལམ་དང་སྐྱབས་འཇུག་ཞུ་སྐུལ་གནང་འདུག བཀྲ་ཤིས་ཀྱི་མ་མིང་ལ་རྔ་པོ་ཟེར་ཞིང་ཁོང་དེ་སྔོན་ཀིརྟི་དགོན་པའི་གྲྭ་པ་ཡིན་པ་ཕྱི་ལོ་ ༢༠༡༡ ལོར་སྐྱ་སར་བབས་ནས་ཕ་མའི་རྩར་བསྡད་ཡོད་འདུག

དོན་རྐྱེན་བྱུང་མ་ཐག་ཉེ་འཁོར་གྱི་མི་མང་གིས་ཀི་ལྡིར་བྱས་ཏེ་སྐད་འབོད་སྣ་ཚོགས་བྱས་འདུག་པར་དྲག་ཆས་ཉེན་རྟོག་པ་དང་དམིགས་བསལ་ཉེན་རྟོག་པ་སོགས་འབོར་ཆེན་བསླེབས་ཏེ། མི་མང་ལ་ལྕགས་དབྱུག་འཛེར་མ་ཅན་སོགས་ཀྱིས་གང་བྱུང་གཅར་རྡུང་བྱས་ཏེ། མི་མང་པོ་ཞིག་ལ་རྨས་སྐྱོན་བཟོས་ཤིང་། མི་ཁག་ཅིག་སྐབས་ཐོག་དེར་འཛིན་བཟུང་བཙན་ཁྲིད་བྱས་པར་མ་ཟད། མི་གཅིག་གི་མགོ་ལ་ལྕགས་དབྱུག་འཛེར་མ་ཅན་གྱིས་གཞུས་ཏེ་མགོ་ཡོངས་རྫོགས་ཁྲག་གིས་བགོས་ཡོད་པར་མ་ཟད། མི་དེའི་རྗེས་ཀྱི་གནས་ཚུལ་གསལ་པོ་ཤེས་རྟོགས་ཐུབ་མི་འདུག དེའི་རྗེས་རྔ་པ་རྫོང་མཁར་ཡོངས་ལ་དམིགས་བསལ་ཉེན་རྟོག་པ་ཧ་ཅང་མང་པོ་འགྲེམས་འཇོགས་བྱས་འདུག

དེ་རིང་ཕྱི་ཚེས་ ༡༤ ཉིན་ཡང་རྔ་པའི་རྫོང་མཁར་ལ་དམིགས་བསལ་ཉེན་རྟོག་པ་དང་སྤྱི་བདེ་ཉེན་རྟོག་པ་མང་པོ་འགྲེམས་འཇོག་བྱས་ཡོད་འདུག དེ་རང་ཞོགས་པར་གནས་ཚུལ་གསར་དུ་འབྱོར་གསལ་ལ། གྲྭ་ལུང་རྟོགས་འདས་གྲོངས་སུ་ཕྱིན་ཡོད་ཀྱང་ཁོང་གི་སྐུ་ཕུང་འབར་ཁམས་ལ་ཁྱེར་ཡོད་སྟབས་ནང་མིར་སྤྲད་ཡོད་མེད་ཤེས་རྟོགས་མ་ཐུབ། ཁ་སང་རྔ་པའི་སྨན་ཁང་ནས་འཁྱེར་སྐབས་མི་གཅིག་སྨན་ཁང་གིས་ཛ་དྲག་ནད་པ་སྐྱེལ་འདྲེན་བྱེད་སའི་རླངས་འཁོར་ནང་ཁབ་ཆེན་བརྒྱབ་ནས་ཁྱེར་ཡོད་འདུག་ལ། གཞན་དེ་དམག་མིའི་རླངས་འཁོར་ནང་བཞག་ཡོད་ཀྱང་དེའི་གནས་སྟངས་ཤེས་རྟོགས་མ་བྱུང་།

གནས་ཚུལ་གཏོང་མཁན། གྲྭ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

ཆུ་ཚོད་ ༡༢ སྔོན་ལ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

ཆུ་ཚོད་ ༡༢ སྔོན་ལ།
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 5

  1. འབའ་ཐང་བཟོད་པ། says:
    ལོ་ 14 སྔོན།

    ང་ཚོའི་དང་པོ་མི་ལ་ཕར་མ་བཤད་སྔོན་དུ་རང་ཉིད་ལ་ལྟ་རྒྱུ་གལ་ཆེན་པོ་རེད། བོད་ནང་དུ་རང་རིགས་དཔའ་བོ་དཔའ་མོ་གྲངས་ལྔ་བཅུ་ལྷག་གིས་རང་གི་ཚེ་སྲོག་སྒྲོན་མེར་ཕུལ་སོང་། གཞུང་སྒེར་གྱིས་བྱུང་མ་སོང་ཟེར་མཁན་ཁྱོད་ཀྱིས་དེ་སྔ་ལས་འགུལ་དང་ཕྱག་ལས་ག་རེ་གནང་ཡོད་དམ། བོད་ནང་གི་རང་ལུས་མེ་སྲེགས་གཏོང་མཁན་རྣམས་ལའང་དབུ་ཁྲིད་དང་། སྣེ་ཁྲིད་མེད་པར་རང་ཉིད་ཀྱི་སེམས་ཐག་གཅོད་ཀྱི་ཡོད་པ་ཁྱེད་ཀྱང་ཤེས་དགོས། གང་ལྟར་འབད་པ་གནང་དགོས་ཡ།

    Reply
  2. ཀླུ་ཚང་། ཨ་འཕྲིན། says:
    ལོ་ 14 སྔོན།

    འདིར་ཕེབས་པའི་དྲ་གྲོགས་རྣམ་པ། འདིར་མཆན་འདེབས་ཀྱིན་མི་འདུག་ཟེར་ནས་སེམས་ཤུགས་ཆག་དགོས་དོན་གང་ཡང་ཡོད་མ་རེད། ང་ལྟ་བུར་མཚོན་ན་གནས་ཚུལ་འདི་དུས་བབ་ཚང་ནས་མ་མཐོང་སྔོན་ལ་ངོ་དེབ་དང་། དྲ་ལམ་གཞན་ནས་ཤེས་རྟོགས་བྱུང་བས། རང་ཉིད་ཀྱི་སེམས་སྡུག་ཡོད་ཚད་ངོ་དེབ་སོགས་ཀྱི་གྲོགས་ཕན་ཚུལ་བཤད་རེས་བྱེད་བཞིན་ཡོད།
    གཙོ་བོ་ང་ཚོས་བོད་ནང་གི་བོད་མིས་རང་ལུས་མེ་བསྲེག་བཏང་ཚད་གྲངས་ཀ་བརྒྱབ། ཕྱི་བསྒྲགས་བྱེད་བཞིན་བསྡད་ན་དེ་ཡང་ཐབས་ཤེས་ཤིག་མིན་པ་གསལ་བོ་རེད། བཙན་བྱོལ་དུ་ཡོད་པའི་གཞུང་དང་ཚོགས་པ་གང་རུང་གིས་དབུ་ཁྲིད་པའི་སྟེང་ནས། ཕྱི་ལྟོས་མེད་པའི་བོད་བསྐྱོད་ལས་འགུལ་སྤེལ་ན་འཕྱིས་དྲག་མེད་ནས་སྔ་དྲག་མེད་པའི་གནས་བབ་དེ་ཚང་མས་ཤེས་དགོས་པ་ཞིག་རེད། རྒྱལ་གཅེས་དཔའ་བོ་དེ་དག་གིས་རང་གི་ལུས་སྲོག་ལོངས་སྤྱོད་ཡོད་ཚད་བློས་བཏང་སྟེ། བོད་སྤྱི་བའི་བདེ་སྡུག་གི་ཆེད་དུ་ཨུ་ཐུག་ཐབས་ཟད་ངང་བསྔོས་ཟིན་ན། ང་ཚོས་རང་ཉིད་ཀྱི་འཁོས་འབྱོར་ཕྲན་བུ་རེ་བློས་མ་ཐོངས་པར་སྡོད་པ་ནི་ངོ་ཚ་དགོས་པ་ཞིག་རེད་ལ། སྐུ་གཤེགས་དཔའ་བོ་དཔའ་མོ་རྣམས་ཀྱིས་ཤི་དུར་ཁུང་ནས་གཟིགས་པའི་ཚེ་ན་ཡང་། ང་ཚོའི་ཉེས་བ་གནམ་སར་ཤོངས་དཀའ་བ་བཤད་མ་དགོས་པ་ཞིག་རེད། དེ་བས་ཚང་མས་རང་གཞུང་ལ་ཁ་ཕྱོགས་ཏེ་འདིའི་སྐོར་ལ་བསམ་འཆར་འདོན་འགོ་བརྩམ་རྒྱུ་ལས་གང་ཡང་ལྷག་ཡོད་མ་རེད། སྤུན་ཟླ་ཚོ་ལངས་ཤོགས།

    Reply
  3. རྨ་དུག་ལྕེ། says:
    ལོ་ 14 སྔོན།

    རྒྱལ་ཞེན་པ་ཁོང་གཉིས་ཀྱི་སྙིང་སྟོབས་ལ་བསྔགས་བརྗོད་དང་རྗེས་སུ་ཡི་རངས་ཞུ།
    སྔར་ཡིན་ན་གནས་ཚུལ་འདི་འདྲ་བྱུང་སྐབས་མཆན་བུ་འདེབས་མཁན་མང་པོས་འཚང་ཀ་རྒྱག་བཞིན་ཡོད་མོད། གནས་ཚུལ་འདི་བྱུང་ནས་ཉིན་གཉིས་འགོར་ཡང་་། མཆན་འདེབས་མཁན་གཉིས་ལས་མི་འདུག འདི་ལས་ངས་ཡིད་སྐྱོ་བའི་ངོ་གདོང་གཞན་ཞིག་མཐོང་ཡོང་གི་འདུག སྔར་ཡིན་ན་མེར་བསྲེགས་ལས་འགུལ་སྐོར་གྱི་གནས་ཚུལ་ཀློག་གྲངས་སྟོང་ཕྲག་མང་པོ་ཡོད་མོད། དེ་རིང་ལྔ་བརྒྱ་ཡས་མས་ལས་མི་འདུག། དཀོན་མཆོག་མཁྱེན། མེར་བསྲེགས་ལས་འགུལ་ལ་བོད་མི་རིགས་ལ་ཡང་ཚོ་ལ་ཡང་རྒྱུན་ལྡན་ནས་ཚོར་མེད་ཆགས་བཞིན་ཡོད་ན། མི་རིགས་གཞན་ལ་ཤོད་མ་དགོས་པ་ཞིག་རེད། ད་ཅི་བྱ། ཨ་ཁ་ཁ་

    Reply
  4. གཟུ་གནས་བློ་ལྡན། says:
    ལོ་ 14 སྔོན།

    སྦྲ་དཔལ་ལྡན་ལགས། སུ་ཞིག་སྐྱིད་པོ་་བྱས་ནས་བསྡད་འདུག ང་ཚོ་རང་རེའི་དཔའ་རྒོད་རེ་རེ་མེར་བསྲེགས་གནང་བ་ན་མིག་ཆུ་ཁྲོམ་ཁྲོམ་དུ་མ་བཞུར་བ་ཧ་ལམ་མེད། ལས་འགུལ་སྤེལ་སྟངས་ཤིག་སློབ་དཱ། ཁོང་རྣམ་གཉིས་ལ་༸ཡིད་བཞིན་ནོར་བུས་ཐུགས་རྗེས་སྤྱན་གྱིས་གཟིགས་པར་ཤོག བདེ་ཅན་ཞིང་དུ་འཁྲིད་རོགས་ཧཾགནང་།

    Reply
  5. སྦྲ་དཔལ་ལྡན། says:
    ལོ་ 14 སྔོན།

    རེད་རེད་ བོད་ནང་གི་བོད་མི་དེ་ཚོས་མེ་བསྲེགས་བསྡད་ན་འུ་ཚོས་སྐྱོད་པོ་བྱས་ནས་བསྡད་འདུག་ཀི་ བོད་ནང་ཀི་བོད་མི་དེ་ཚོས་གཅེས་སྲོག་དམར་པོ་མེ་རུ་སྒྲོན་དུས་འུ་ཚོས་ཆོས་བརྒྱུད་ཀྱི་འཚོགས་འདུ་དང་། སྒེར་གཞུང་གི་མཛད་སྒོ་ གཞུང་ཞབས་མི་སྣའི་བཀའ་སློབ་ལ་ཉན་ནས་སོས་དལ་འདུག་ བོད་ནང་གི་བོད་མི་ག་ཚོད་སྲེག་སོང་
    བཙན་བྱོལ་གཞུང་སྒེར་གཉིས་ཀྱིས་ལས་འགུལ་ཚ་ཐག་ཅིག་གང་ནས་སྤེལ་སོང་། བཀའ་བློན་དང་བཀའ་ཁྲི་ཕྱི་རྒྱལ་ལ་ལྟ་སྐོར་དུ་འགྲོ་ཞོར་སྐད་ཆ་བཤད་ཟི་བྱས་ན་ཅིས་མི་ཆོག་གམ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese