མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབྲོང་དཀར་པོའི་རྩོམ་ཡིག་ལ་བསྐྱར་ཞིབ་ཅིག

བོད་ཀྱི་དུས་བབ།
༢༠༡༢/༠༨/༡༦
Share on FacebookShare on TwitterShare on EmailShare on Whatsapp

འབྲེལ་ཡོད། www.tibettimes.net/news.php

རས་པ།

དཔྱད་རྩོམ་འདི་ཧ་ལས་པའི་ཡག་པོ་ཞིག་བྲིས་གནང་འདུག  རྒྱབ་ལྗོངས་འགོད་སྟངས་དང་གནད་འཛིན་སྟངས་གང་གི་ཆ་ནས་ཀྱང་བཙན་བྱོལ་ནང་ནས་རྩོམ་ཡིག་ཅིག་རྩོམ་ཡིག་ལྟར་བྲིས་པའི་དཔྱད་རྩོམ་ཞིག་ཏུ་མཐོང་སོང་། ཚོར་བ་འདི་དང་འབྲེལ་ནས་རྩོམ་ཡིག་འདི་དང་འབྲེལ་བའི་བསམ་ཚུལ་ཞིག་འབྲི་འདོད་སྐྱེས་ཤིང་འདི་བསམ་ཚུལ་རྐྱང་བ་ཞིག་ཡིན་ཡང་སྲིད།

དང་པོ་སིམ་ལའི་ཆིངས་ཡིག་གི་གནད་དོན་སྐོར་ནས་ཡིན།  མེག་མོ་ཧན་ས་ཐིག་གིས་བོད་དང་རྒྱ་གར་གཉིས་ཀྱི་ས་མཚམས་ཀྱི་གནད་དོན་ཐག་བཅད་ཆོག་པ་ལས་བོད་དང་རྒྱ་ནག་གཉིས་ཀྱི་ས་མཚམས་ཀྱི་གནད་དོན་ཐག་བཅད་ཆོག་པའི་ནུས་པ་མེད་པ་རེད།  གང་ཡིན་ཟེར་ན། ཚང་མས་མཁྱེན་གསལ་ལྟར་རྒྱ་ནག་གིས་ས་ཐིག་དེ་ཁས་བླངས་མེད་པས་དབྱིན་བོད་གཉིས་ཀྱིས་ཟུར་མཆན་བཀོད་དེ་སིམ་ལའི་ཆིངས་ཡིག་དུ་གསལ་བའི་བོད་ཐོག་རྒྱ་ནག་གི་བདག་དབང་ཆ་ཚང་རྩིས་མེད་ཡིན་པ་བྲིས་ཡོད།

དེ་སྔའི་རྒྱ་ནག་གི་གནས་བབ་སྟོན་པའི་ཡིག་ཚགས་མང་ཆེ་བའི་ནང་དུ་བོད་ཀྱི་དཔོན་པོའམ་མདོ་ཁམས་ཀྱི་དཔོན་པོ་དག་ལ་བཀའ་ཕབས་པའི་བརྗོད་བྱ་མང་པོ་ཡོད་ཅིང་། ཐུན་མོང་མ་ཡིན་པའི་འགྲེལ་བརྗོད་བྱེད་སྟངས་འདི་ནི་ཁུང་ཙིའི་ལུགས་ཀྱི་ལྟ་ཚུལ་གྱི་ཐོག་ནས་ཕྱི་མི་ཁག་ལ་འབྲེལ་བའི་སྐོར་ཐུན་མོང་མ་ཡིན་པའི་འགྲེལ་བརྗོད་བྱས་ཡོད་པ་དེ་ཉིད་རེད། འབྲི་ཆུའི་རྒྱུད་ཀྱི་བོད་སྡེ་དག་གཞུང་ས་དགའ་ལྡན་ཕོ་བྲང་ཆེན་པོའི་ཐད་ཀའི་གཏིང་འཛིན་འོག་ཏུ་མེད་པའི་རྒྱུ་མཚན་འགོད་རྒྱུ་ཡོད་ཀྱང་། ལོ་རྒྱུས་དཔྱད་ཞིབ་པ་ཁག་ཅིག་གིས་རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་སྐབས་སུ་མདོ་ཁམས་ཕྱོགས་ཀྱི་མིང་ཙམ་གྱི་བདག་དབང་རྒྱ་ནག་ལ་ཡོད་པར་ཆ་འཇོག་བྱེད་པ་ནི་དཔོན་པོ་དག་གི་མངའ་ཁོངས་མི་མང་ནས་ཕུལ་བའི་དཔྱ་ཁྲལ་གྱི་བརྒྱ་ཆའི་གཅིག་ཟིན་མ་ཟིན་ཙམ་ཞིག་མི་སེར་རྒྱལ་ཁབ་ཀྱི་དཔོན་རིགས་དག་ལ་ཕུལ་དགོས་པ་དེ་ལས་བྱུང་ཞིང་། དེ་ལས་གཞན་གྱི་དབང་ཤུགས་ཤིག་ཡོད་པར་ངོས་འཛིན་ཅི་ཡང་བྱེད་མི་ཐུབ། གལ་སྲིད་འདི་ལྟ་བུའི་གནས་བབ་ལ་བརྟེན་ནས་རྒྱ་ཁོངས་སུ་བརྗོད་པ་ཡིན་ན་ནི་ཨེ་ཤ་ཡའི་རྒྱལ་ཁབ་དག་གི་བདག་དབང་དང་བཅས་པ་གླེང་ཐབས་མེད་ཅིང་། ཀོར་བོད་ཟིང་འཁྲུག་གི་ལོ་རྒྱུས་ལྟ་བུ་ལས་བོད་ཀྱི་བདག་དབང་གི་གནད་དོན་ལ་འགྱུར་བ་གཞན་ཞིག་ཀྱང་འགྲོ་སྲིད།

 <<བོད་ཀྱི་གནས་བབས་>>ཞེས་པའི་དེབ་དེ་རུ་མདོ་ཁམས་ས་གནས་འདི་དག་ལ་”བདག་མེད་ཀྱི་ས་ཆ་”ཞེས་བེད་སྤྱོད་བཏང་ཡོད། “བདག་མེད་ཀྱི་ས་ཆ་”ཞེས་པ་ནི་མི་མེད་ལུང་སྟོང་གི་ས་ཆའི་དོན་མ་ཡིན་པར་ལྟོས་གཞི་རྒྱ་ནག་མི་སེར་རྒྱལ་ཁབ་དང་བོད་གཞུང་དགའ་ལྡན་ཕོ་བྲང་བའི་དབར་དུ་བདག་མེད་དུ་ལྷགས་པའི་གནས་སྟངས་ལ་གོ་དགོས། ཆབ་སྲིད་ཚན་རིག་པས་བཤད་ཕྱོགས་ལྟར་ན་”བདག་མེད་ཀྱི་ས་ཆ་”ནི་རང་མགོ་རང་སྐྱོང་ངམ་ཡུལ་ལུང་རེ་ལ་རྒྱལ་ཕྲན་རེ་ཡོད་པའི་དོན་ཡིན། འདིའི་ཞིབ་ཕྲའི་གནས་ཚུལ་ནི་མདོ་ཁམས་ཕྱོགས་ཀྱི་རྒྱལ་པོ་དང་དཔོན་པོ་དག་གི་ལོ་རྒྱུས་ལས་ཤེས་ཐུབ་པ་མ་ཟད། བོད་རྒྱའི་ས་མཚམས་ཀྱི་གྲོ་ཚང་དཔོན་པོའི་ལོ་རྒྱུས་ལས་འདི་ལ་རྒྱུས་མངའ་ཆེ་ཙམ་བྱེད་ཐུབ་ཀྱི་ཡོད་འདུག   དེའི་རྐྱེན་གྱིས་གཞུང་ས་དགའ་ལྡན་ཕོ་བྲང་གི་ཐད་ཀའི་དབང་འོག་ན་མེད་པའི་བོད་དེ་རྒྱ་ནག་གམ་ཡང་ན་གཞན་ཞིག་གི་འོག་ཏུ་འཇོག་སྲོལ་མེད་པར་རང་སྐྱོང་གི་ཡུལ་ལུང་འདི་དག་ལ་རྒྱལ་ཁུངས་”རང་ཐག་རང་གཅོད་”ཀྱི་ཐོབ་ཐང་དམིགས་གསལ་བ་དགོས་པ་རེད། 

 

ད་དུང་གཞན་ཞིག་ནི་དམར་དམག་ཕུན་དབང་གི་སྐད་ཆ་རེད།  འདི་ཉིད་ཐད་ཀར་རྩ་འཛིན་ནམ་ལོ་རྒྱུས་ཀྱི་དོན་དངོས་སྟོན་བྱེད་དུ་བལྟ་མི་ཐུབ། གང་ཡིན་ཟེར་ན་གཅིག་ནས་གྷོ་སི་ཏྲིན་གྱི་བཤད་སྟོབས་ཆེ་བའི་ཁ་ཆེན་པོའི་ནང་དུ་རྒྱ་ནག་གི་བཟོ་བསྐྲུན་དུ་རླངས་འཐིབས་ཏེ་ར་བཟི་ཡོད་པ་དང་། གཉིས་ནས་སྐབས་ཐོག་དེར་ཕུན་དབང་གིས་ཁམས་པ་རང་བཙན་རྒྱལ་ཁབ་ཀྱི་བསམ་ཚུལ་ཙམ་པོ་བ་ཞིག་བཟུང་ཡོད། དེའི་རྐྱེན་གྱིས་ལྟ་བ་སྒྲུབ་པའི་ལམ་བར་གྱི་བར་ཆད་འདི་དག་མ་ཤི་བར་དུ་ཁོ་རང་གིས་བརྟན་པོ་བཟོ་བ་སུས་ཀྱང་ཚོད་དཔག་ཐུབ་པ་ཞིག་ཡིན།  ད་དུང་ཕུན་དབང་གི་སྐད་ཆར་དབྱེ་ཞིབ་བྱེད་ཐུབ་པའི་དེབ་མང་དུ་ཡོད་ཅིང་། དེ་ལས་སྟག་བྲག་རིན་པོ་ཆེའི་མཛད་རྣམ་དུ་གསལ་བ་ལྟར་ན་ཁོང་སོགས་མདོ་སྨད་ནས་དབུས་ཕྱོགས་སུ་ཕེབས་དུས་འབྲི་ཆུའི་ཡར་རྒྱབ་ཀྱི་བོད་དམག་གིས་བོད་མི་ཡོད་དོ་ཅོག་ལ་ལག་འཁྱེར་མ་དགོས་པར་ལྷ་སར་བཏང་ཡོད་པ་དང་། རྒྱ་རིགས་ཡིན་ཚད་བཀག་པའི་སྐོར་འཁོད་ཡོད་ཅིང་།  ཅིའི་ཕྱིར་འབྲི་ཆུའི་མར་ཕྱོགས་ཀྱི་བོད་མི་རྣམས་དབུས་ཕྱོགས་སུ་བཏང་པའི་རྒྱབ་ལྗོངས་ཀྱང་ཞིབ་འགོད་བྱས་ཡོད་ལ། དེ་ལ་དབུས་དང་མདོ་ཁམས་ཀྱི་མི་མང་ལ་དབྱེ་འབྱེད་བྱསཔའི་སྣང་ཚུལ་ཙམ་ཡང་མེད་པ་ཡིན། <<ནགས་ཚང་ཞི་ལིའི་སྐྱིད་སྡུག་>>ལས་ཀྱང་བོད་དམག་གིས་བོད་མི་རྣམས་དབུས་ཕྱོགས་སུ་དཀའ་ངལ་མེད་པར་གཏོང་གི་ཡོད་པའི་གནས་ཚུལ་བྲིས་ཡོད།  འདི་ལྟ་བུས་ཕུན་དབང་གི་སྐད་ཆར་ལན་འདེབས་བྱས་ཆོག།

ད་དུང་རྩོམ་ཡིག་འདི་རུ་ “ ཕྱི་ལོ་ ༡༩༧༩ བར་གཞུང་ཕྱོགས་ནས་འཐད་རྩོད་བྱས་པའི་རང་བཙན་གྱི་གནས་བབས་དེ་ཡང་འབྲི་ཆུ་ས་མཚམས་སུ་བཟུང་པའི་རང་བཙན་གྱི་གནས་བབས་སྐྱར་གླེང་བྱས་པ་ཙམ་ཡིན་འདུག་“ཅེས་བྲིས་འདུག་པས། ཁོ་བོས་བལྟས་ན་འདི་ཡིས་གནད་དོན་གཞན་ཞིག་ལ་ཐུགས་གཞིགས་གནང་དགོས། དེ་ནི་ཕྱི་ལོ་ ༡༩༦༠ ཟླ་ ༩ བ་ནས་བཙན་བྱོལ་དུ་བོད་མི་མང་སྤྱི་འཐུས་དབུ་བརྙེས་ཏེ་བོད་ཆོལ་ཁ་གསུམ་གྱི་འཐུས་མི་འོས་འདེམས་ཀྱི་བཙན་བྱོལ་བོད་གཞུང་གི་གྲོས་ཚོགས་ཚུགས་ཡོད་པ་དེ་རེད། གནས་སྟངས་འདི་ལ་བལྟོས་ན་གཞུང་ཕྱོགས་ཀྱི་འཐབ་རྩོད་དེ་བོད་ཅེས་པའི་མིང་འདིའི་ཁྱབ་ཁོངས་ཡོངས་ལ་འབྲེལ་ཡོད་པ་ལས་འབྲི་ཆུ་ཕར་ཕྱོགས་དང་ཚུར་ཕྱོགས་ལ་ཁྱད་པར་མེད་པ་ཧ་ཅང་གསལ་བོ་རེད། ལྷག་པར་ཏུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་མཆོག་གི་བཀའ་སློབ་ནང་སྐབས་དེ་དུས་ནས་བོད་གླེང་གི་ཡོད་པ་ལས་བྱེ་བྲག་པ་གང་ཡང་གླེང་མི་འདུག

༼ དོ་བདག་གི་ཟིན་བྲིས་ལས་འདིར་བདམས་བཀོད་བྱས། དྲ་ཐག https://tibettimes.net/blogs.php?id=138&post_id=21894  ༽

 

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བརྒྱད་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ནི་ང་ཚོའི་སྒལ་ཚིགས་ལྟ་བུ་རེད་ཅེས་གསུངས་སོང་། 

ཆུ་ཚོད་ ༥ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གྲོས་གཞིའི་ནང་ཚུད་དགོས་ཟེར།  

ཆུ་ཚོད་ ༦ སྔོན་ལ།
Liu Zhenli (left) and Zhang Youxia, are former members of China's top military authority. Photos: Handout, EPA
Mobile App

རྒྱ་ནག་གི་མཐོ་རིམ་དཔོན་རིགས་གཉིས་དམག་སྲིད་ཏང་གསུམ་གྱི་ཁོངས་ནས་ཕྱིར་ཕུད་བྱས།

ཆུ་ཚོད་ ༨ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ངས་བོད་ཀྱི་དོན་དུ་རང་སྲོག་བློས་བཏང་བྱས་པའི་བོད་མི་ ༡༧༡ གི་ཆེད་དུ་ལས་འགུལ་སྤེལ་གྱི་ཡོད།

༢༠༢༦/༠༩/༢༣
རྒྱལ་ལོ་ལགས་ཀྱིས་གཟེངས་རྟགས་བཞེས་སྐབས་གཏམ་བཤད་གནང་བཞིན་པ། པར་རྒྱལ་ལོ་ལགས་ཀྱིས་མཁོ་སྤྲོད་བྱས།
Mobile App

རྒྱལ་ལོ་ལགས་སུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་ཐོབ།

༢༠༢༦/༠༩/༢༣
Mobile App

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་གཅིག་གི་ལས་འགུལ་དབུ་འཛུགས་ཞུས་སོང་།

༢༠༢༦/༠༩/༢༣

མཆན། 1

  1. རིགས་པ་འཛིན་པ། says:
    ལོ་ 14 སྔོན།

    བསྐྱར་ཞིབ་འདི་ལ་ཞོར་ལྟ་ཙམ་བྱས་ན། མེག་མོ་ཧན་ས་ཐིག་གིས་བོད་དང་རྒྱ་གར་གཉིས་ཀྱི་ས་མཚམས་ཀྱི་གནད་དོན་ཐག་བཅད་པ་ཞིག་བྱུང་ཚོད་མི་འདུག གང་ཡིན་ཟེར་ན། ཚང་མས་མཁྱེན་གསལ་ཤིང་སྟག་སིམ་ལའི་ཆིངས་ཡིག་འདིར་བོད་ཕྱི་ནང་གཉིས་ཕྱེས་ཡོད་པ་མ་ཟད། ཟུར་ཐོ་ཀུན་པོར། མི་དགོས་པའི་ཆ་གནས་མང་པོ་བྱས་ཡོད་པས་དུས་སྐབས་གསར་པ་དང་༧རྒྱལ་མཆོག་བཅུ་བཞི་པས་འདོན་གནང་མཛད་པའི་ཆོལ་གསུམ་ཆིག་སྒྲིལ་གྱི་བོད་ཀྱི་བདེན་མཐའ་བསལ་ཕྱོགས་ཀྱི་རྒྱབ་རྩར་གནས་ཚུལ་འདི་རིགས་འོས་འཚམས་མིན་ལ། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་སུ་ཕུལ་བའི་ལྔ་དགུའི་སྔ་གཞུག་གི་བོད་ཀྱི་བདེ་སྡུག་འཁོད་པའི་སྙན་ཞུ་རྣམས་ཀྱང་རྩ་འཛིན་རུང་བ་མིན་སྟབས། རྒྱ་ནག་གིས་ཆིངས་ཡིག་འདི་གཞི་རྩའི་ཆར་ངོས་ལེན་གནང་མེད་པ་ནི་ཁྲིམས་དང་དངོས་ཡོད་གང་གི་ཆ་ནས་བོད་དོན་གྱི་རླུང་རྟར་བརྩི་འོས་པ་ཡིན།

    གཞན་འབྲི་ཆུའི་རྒྱུད་ཀྱི་རྒྱ་སྡེར་འབོད་པ་རྣམས་ལ་དགའ་ལྡན་ཕོ་བྲང་པའི་དབང་དང་ལུང་གི་ཁྱབ་ཚུལ་ལ་ཆོས་སྲིད་གཉིས་ཀྱི་ཁྱབ་ཚུལ་དང། ཆོས་ཕྱོགས་གཅིག་པུའི་ཁྱབ་ཚུལ་རྣམས་མཁས་དབང་བཀྲ་ཤིས་ཚེ་རིང་གི་ཕྱོགས་བསྡོམས་གནང་བ་ཞིག་ཡོད་པ་དེར་གཟིགས་ན་མུན་པ་སངས་རེ་ཆེ་བ་འདུག་བཅས་བསམ་ཚུལ་ཙམ་དུ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese