མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་ཆ་འཕྲིན་ལྕགས་རིའི་ལྟག་རྒྱབ་ཏུ།

བོད་ཀྱི་དུས་བབ།
༢༠༡༢/༠༨/༡༧
Share on FacebookShare on TwitterShare on EmailShare on Whatsapp


ད་ལོའི་ཕྱི་ཟླ་ ༦ པའི་ནང་རྒྱ་རིགས་གསར་འགོད་པ་གྲགས་ཅན་མེ་ཨེས་ཁིལ་ཨན་ཌིས་(Michael Anti)རྒྱ་མིང་ལ་ཀྲོའོ་ཅེན་ཞུ་བ་ཁོང་གིས་ཀྱིས་ཌེ་ཌིའི(TED)སྡིངས་ཆའི་ཐོག་རྒྱ་ནག་ནང་གི་བརྡ་འཕྲིན་སྐོར་ལ་གཏམ་བཤད་སྤེལ་བ་ཞིག་འདིར་བོད་བསྒྱུར་བྱས་ཡོད།

 

འདས་པའི་ཉིན་ཤས་རིང་ངས་མི་རྣམས་ཀྱིས་རྒྱ་ནག་གི་སྐོར་ལ་གླེང་མོལ་བྱེད་བཞིན་པ་གོ་བྱུང་། ངས་ཀྱང་གྲོགས་པོ་ཚོར་རྒྱ་ནག་དང་རྒྱ་ནག་གི་དྲ་རྒྱའི་སྐོར་བཤད་པ་ཡིན། དེ་ནི་ང་ལ་མཚོན་ན་ཧ་ཅང་ཁག་པོ་འདུག ངས་གྲོགས་པོ་ཚོར་རྒྱ་ནག་ནི་རྙོག་འཛིང་ཅན་ཞིག་ཡིན་པ་ཧ་གོ་འཇུག་དགོས་པ་དེ་རེད། དེར་བརྟེན་ངས་རྟག་པར་ཕྱོགས་གཅིག་ནས་འདི་འདྲ་ཡིན་པ་དང་། ཡང་ཕྱོགས་གཞན་ཞིག་ནས་དེ་འདྲ་ཡིན་པ་བརྗོད་ཀྱི་ཡོད། ཕྱོགས་གཅིག་ཁོ་ན་བཤད་ནས་ཡོང་ཐབས་མེད།

 

ངས་ཁྱེད་ཚོར་དཔེ་ཞིག་བཞག་ན། རྒྱ་ནག་ནི་བྷི་རིས་ཁི་( BRIC)རྒྱལ་ཁབ་ཞིག་རེད། རྒྱལ་ཁབ་འདི་དག་ནི་བྷི་ར་ཛིལ་(Brazil)དང་། ཨུ་རུ་སུ(Russia)། རྒྱ་གར(India)། རྒྱ་ནག་(China)བཅས་རེད།

རྒྱལ་ཁབ་འདི་དག་གི་ཡར་རྒྱས་གོང་འཕེལ་འགྲོ་བཞིན་པའི་དཔལ་འབྱོར་གྱིས་ད་ལྟའི་དཔལ་འབྱོར་ཉམས་ཉེས་སླར་གསོ་ཡོང་བར་རོགས་འདེགས་ཆེན་པོ་བྱེད་ཀྱི་ཡོད། འོན་ཀྱང་། ཕྱོགས་གཞན་ཞིག་ནས་རྒྱ་ནག་ནི་སིག་ཁི་(SICK)རྒྱལ་ཁབ་ཞིག་རེད། བརྡ་ཆད་འདི་ངོ་དེབ་སྟེང་དུ་གསར་གཏོད་བྱས་འདུག རྒྱལ་ཁབ་འདི་དག་གི་ནང་དུ་སེ་རི་ཡ་(Syria)དང་། ཨི་རན(Iran)། རྒྱ་ནག(China)བྱང་ཀོ་རི་ཡ་( North Korea)བཅས་ཚུད་ཡོད། རྒྱལ་ཁབ་འདི་བཞིའི་ནང་དུ་ངོ་དེབ་བེད་སྤྱོད་གཏོང་ཐུབ་ཀྱི་མེད། དེར་བརྟེན། གཞི་རྩའི་ཆ་ནས་རྒྱ་ནག་ནི་ཞེན་པ་ལོག་པའི་རྒྱལ་ཁབ་ཅིག་རེད།

 

ལས་འཆར་གཞན་པ་ཞིག་བཙུགས་ཏེ་རྒྱ་ནག་དང་རྒྱ་ནག་གི་དྲ་རྒྱར་ལྟ་རྟོག་བྱེད་ཀྱི་ཡོད། དེ་རིང་ངས་འདིར་ལོ་ ངོ་དུ་མའི་རིང་རྒྱ་ནག་གི་ཆ་འཕྲིན་ལྕགས་རིའི་ནང་གི་རང་ཉིད་སྒེར་གྱི་མཐོང་སྣང་དག་ཁྱེད་ཚོར་བརྗོད་འདོད་བྱུང་། གལ་སྲིད་ཁྱེད་རང་ཌོན་རྩེད་མོ་ (Game of Thone)ལ་དགའ་མཁན་ཞིག་ཡིན་ཚེ། རྒྱལ་གཞིས་ཤིག་ལ་མཚོན་ན་རྩིག་གྱང་ནི་ག་ཚོད་གལ་ཆེན་ཡིན་མིན་ཤེས་ངེས་རེད། དེས་ཕྱི་ཡི་གནོད་འཚེ་དག་འགོག་གི་ཡོད། རྒྱ་ནག་གི་གནས་བབ་ཀྱང་དེ་མཚུངས་རེད། ནུབ་ཕྱོགས་སུ་རྒྱ་ནག་ལྕགས་རི་ཡོད་པ་རེད། དེས་ལོ་ངོ་ ༢༠༠༠ རིང་ལ་བཙན་འཛུལ་བྱེད་པོ་དག་གི་སོ་ཁ་ནས་རྒྱ་ནག་བསྐྱབས་ཡོད། འོན་ཀྱང་། རྒྱ་ནག་ལ་ཆ་འཕྲིན་འགོག་པའི་ལྕགས་རི་ཞིག་ཀྱང་ཡོད་པ་རེད། དེ་ནི་འཛམ་གླིང་ཁྱོན་ཡོངས་ཀྱི་ཆེས་ཆེ་བའི་ཆ་འཕྲིན་གྱི་ལྕགས་རི་རེད། ཆ་འཕྲིན་གྱི་ལྕགས་རི་འདིས་རྒྱ་ནག་ནང་ཕྱི་ཕྱོགས་ཀྱི་ཡོངས་ཁྱབ་ཀྱི་རིན་ཐང་དག་རྒྱ་ཁྱབ་ཏུ་འགྲོ་རྒྱུར་བཀག་པ་ཙམ་མ་ཡིནཔར། རྒྱ་ནག་རང་གི་མི་སེར་དག་རྒྱལ་སྤྱིའི་རང་དབང་གི་དྲ་རྒྱ་ལོངས་སྤྱོད་བྱེད་པར་བཀག་འགོག་དང་། ཐ་ན་ཁོང་ཚོ་ཁ་འཐོར་ཏུ་གཏོང་བ་ལས་ཆིག་སྒྲིལ་ཡོང་འཇུག་གི་མེད།

 

རྩ་བའི་ཆ་ནས་དྲ་རྒྱ་ལ་རིགས་གཉིས་ཡོད་པ་ནི་སྤྱི་ཡོངས་ཀྱི་དྲ་རྒྱ་དང་རྒྱ་ནག་གི་དྲ་རྒྱ་རེད། འོན་ཀྱང་། ཁྱེད་ ཚོས་རྒྱ་ནག་གི་དྲ་རྒྱ་ནི་ནུས་མེད་ཅིག་རེད་ཁོ་ན་བསམ་གྱི་ཡོད་ན། ངས་བསམ་པར་དེ་ནི་ནོར་འཁྲུལ་ཞིག་རེད། མ་ཟད་ང་ཚོས་འདས་པའི་ལོ་ངོ་བཅོ་ལྔ་ལྷག་གི་རིང་ལ་རྒྱ་གཞུང་གིས་དྲ་རྒྱ་ཞིབ་བཤེར་གྱི་གནས་སྟངས་ཐད་ ཆེས་སྤྱིར་བཏང་གི་ཞི་མི་ཙི་ཙིའི་རྩེད་མོ་ཞེས་འགྲེལ་བཤད་བྱས་ཡོད། རྒྱ་གཞུང་ནི་ཞི་མི་དང་། དྲ་དམངས་ (netizen)དག་ནི་ཙི་ཙི་རེད། ཡིན་ནའང་། མཚམས་མཚམས་སུ་འདི་ལྟ་བུའི་མཚུངས་བསྡུར་ནི་ཆེས་སྤྱིར་བཏང་བ་ཞིག་ཆགས་འགྲོ་ཡི་འདུག དེར་བརྟེན་དེ་རིང་ངས་འདིར་ཅུང་རིམ་པ་གཉིས་པ་ཞིག་གི་ཐོག་ནས་འགྲེལ་བཤད་བྱེད་རྒྱུ་ཡིན།

 

རྒྱ་ནག་གི་ནང་དུ་དྲ་དམངས་ས་ཡ་ ༥༠༠ ཡོད་པ་རེད། དེ་ནི་འཛམ་གླིང་ནང་གི་དྲ་དམངས་ཀྱི་ཁ་གྲངས་མང་ ཤོས་དེ་རེད། རྒྱ་ནག་གི་དྲ་རྒྱ་ནི་ཞིབ་བཤེར་བྱས་པའི་དྲ་རྒྱ་ཞིག་ཡིན་ཡང་། རྒྱ་ནག་གི་དྲ་རྒྱ་དངོས་ཡོད་ཐོག་ ཡར་རྒྱས་ཀྱི་ལམ་ལ་ཕྱོགས་ནས་ཡོད། ཇི་ལྟར་ཞེ་ན། ཁྱེད་ཚོར་(Google)ཡོད་ལ། ང་ཚོར་ (Baidu) ཡོད། ཁྱེད་ཚོར (Twitter)ཡོད་ལ། ང་ཚོར་ (Weibo)ཡོད། ཁྱེད་ཚོར་ (Facebook )ཡོད་ལ། ང་ཚོར་ (Renren) ཡོད། ཁྱེད་ཚོར་ (Youtube)ཡོད་ལ།  ང་ཚོར་ (Youku) དང་ (Tudo) ཡོད། རྒྱ་ནག་གི་རྒྱལ་སྤྱིའི་དྲ་ལམ་ཆ་ཚང་བཀག་ཡོད་ཀྱང་། སྤྱི་ཚོགས་འབྲེལ་མཐུད་ཀྱི་དྲ་རྒྱ་དག་རེ་རེ་ནས་འདྲ་བཤུས་བྱས་ཡོད། དེར་བརྟེན་ངས་འདི་ནི་ཐབས་མཁས་པའི་ཞིབ་བཤེར་བྱེད་སྟངས་ཤིག་རེད་ཅེས་འདོད་ཀྱི་ཡོད། 

ལན་རེར་རྒྱ་ནག་གི་དྲ་རྒྱའི་སྟངས་འཛིན་བྱེད་པའི་སྲིད་ཇུས་འདི་ཧ་ཅང་སླ་མོ་ཞིག་སྟེ། བཀག་འགོག་དང་འདྲ་ བཤུས་བྱེད་རྒྱུ་ཁོ་ན་རེད། ཕྱོགས་གཅིག་ནས་མི་མང་གི་དྲ་རྒྱའི་དགོས་མཁོ་སྐོང་དགོས་པ་རེད། དེ་ནི་མི་མང་ཚོར་ མཚོན་ན་ཧ་ཅང་གལ་ཆེན་ཡིན་པ་དང་དགའ་མོས་ཀྱང་བྱེད་ཀྱི་ཡོད། ཕྱོགས་གཞན་ཞིག་ནས་ནམ་ཡིན་ཡང་དྲ་ རྒྱ་ཞིབ་བཤེར་ཡོང་བའི་ཆེད་དྲ་རྒྱའི་ཨ་མ་པེ་ཅིན་དུ་ཉར་དགོས་པ་དེ་རེད། གྷོ་གྷོལ་(Google)རྒྱ་ནག་ནས་ཕྱིར་འཐེན་བྱས་པའི་གནད་དོན་ཡང་འདི་ལ་ཐུག་ཡོད། ཁོང་ཚོས་རྒྱ་གཞུང་གིས་དྲ་རྒྱའི་ཨ་མ་ཉར་བར་དང་ལེན་མ་བྱས་པ་རེད།

  

མཚམས་རེར་ཨ་རབ་ཀྱི་སྲིད་དབང་སྒེར་འཛིན་པ་དག་གིས་དྲ་རྒྱ་ཞིབ་བཤེར་གྱི་ཐབས་ཤེས་འདི་གཉིས་མ་ཤེས་པ་འདྲ་བོ་འདུག དཔེར་ན། མོའོ་བྷ་ར་ཁིས་(Mubarak)དྲ་རྒྱ་བཀག་སྡོམ་བྱས་བ་རེད།  ཁོང་གིས་དྲ་དམངས་དག་གིས་ཁོང་ལ་སྐྱོན་བརྗོད་བྱེད་རྒྱུ་འགོག་ཐབས་བྱས་པ་རེད། འོན་ཀྱང་དྲ་དམངས་དག་དྲ་ལམ་ཉུལ་ས་མེད་དུས་ཁྲོམ་གཞུང་དུ་འདུས་ཏེ་གྱེན་ལངས་བྱས་པ་རེད། ང་ཚོ་ཚང་མའི་ཧ་གོ་བ་ཞིག་ལ་ད་ལྟ་མོའོ་བྷ་ར་ཁི་དངོས་ཡོད་ལག་ལེན་གྱི་ཐོག་ནས་ཤི་བ་རེད། ད་དུང་། ཌོས་ནིས་ཤིན་(Tunisian)གྱི་སྲིད་འཛིན་གྱིས་ཐབས་ལམ་གཉིས་པ་ལག་ལེན་དུ་བསྟར་ཡོད་པ་མ་རེད། ཁོང་གིས་ཨ་རི་ནས་སྟངས་འཛིན་བྱས་པའི་ངོ་དེབ་སོ་སོའི་རྒྱལ་ཁབ་ནང་དུ་མུ་མཐུད་བེད་སྤྱོད་བྱེད་བཅུག་པ་རེད། དེའི་སྟབས་ཀྱིས་མི་མང་གིས་ཁོང་གི་ལྐོག་ཟ་རུལ་སུངས་ལ་རྒོལ་བའི་བརྙན་ཐུང་དག་དྲ་རྒྱར་བཀྲམ་པ་རྣམས་བཀག་སྡོམ་བྱེད་མ་ཐུབ་པ་རེད། དེའི་རྐྱེན་གྱིས་ཁོ་ནི་ཨ་རབ་དཔྱིད་ཀའི་ཡོ་ལང་ཁྲོད་དུ་གོ་ས་ནས་མགོ་རྟིང་སློག་པ་ཐོག་མ་དེ་ཆགས་ཡོད།

 

འོན་ཀྱང་། དྲ་རྒྱ་བཀག་སྡོམ་གྱི་སྲིད་ཇུས་འདི་གཉིས་ཀྱིས་རྒྱ་ནག་ནང་དུ་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱའི་བརྒྱུད་ ལམ་དག་མི་མང་གི་ཁོར་ཡུག་ཆེན་པོ་ཞིག་ཆགས་པར་འགོག་རྐྱེན་དེ་ཙམ་ཆེན་པོ་ཐེབས་མེད་པར། མི་མང་གི་བསམ་ཚུལ་གྱི་རྒྱུ་ལམ་དང་དཔོན་རིགས་ཚོའི་དངངས་སྐྲག་གི་གཞི་མའང་ཆགས་ཡོད། གང་ལེགས་ཞེ་ན། ང་ཚོར་དྲ་ཐོག་ཟིན་བྲིས་པ་ས་ཡ་ ༣༠༠ ཙམ་ཡོད། གྲངས་འབོར་འདི་ནི་ཨ་རིའི་མི་འབོར་དང་ཆ་མཚུངས་རེད། ཟིན་བྲིས་བ་འདི་དག་གིས་ཐ་ན་ཞིབ་བཤེར་བྱས་པའི་སྡིངས་ཆའི་སྟེང་ནས་ཀྱང་ཟིན་བྲིས་སྤེལ་གྱིན་ཡོད། རྒྱ་ནག་གི་དྲ་རྒྱ་གཅིག་པུས་ཀྱང་རྒྱ་ནག་གི་ལོ་རྒྱུས་ནང་དུ་བྱུང་མྱོང་མེད་པའི་ནུས་པ་ཆེན་པོ་ཞིག་འདོན་ཐུབ་ཀྱི་ཡོད།
 

༢༠༡༡ ལོའི་ཟླ་༧ པའི་ནང་རྒྱ་ནག་ལྷོ་རྒྱུད་ཀྱི་གྲོང་ཁྱེར་བིན་ཀྲུའོ་ (Wenzhou) ནང་དུ་མེ་འཁོར་བརྡབ་སྐྱོན་ཀྱི་དོན་རྐྱེན་ཆེན་པོ་གཉིས་བྱུང་བ་རེད། དོན་རྐྱེན་དེ་བྱུང་མ་ཐག་ས་གནས་དཔོན་རིགས་རྣམས་ཀྱིས་དངོས་ཡོད་ཐོག་མེ་འཁོར་སྦས་བསྐུངས་བྱ་ཐབས་བྱས་པ་དེས་རྒྱ་ནག་གི་དྲ་དམངས་དག་ཁོང་ཁྲོ་ཆེན་པོ་བསླངས་བ་རེད། དོན་རྐྱེན་དེ་བྱུང་རྗེས་ཀྱི་ཉིན་ལྔའི་ནང་དཔོན་རིགས་ཚོའི་བྱེད་ཕྱོགས་དེར་རྒོལ་གཏམ་ས་ཡ་ ༡༠ ལྷག་སྤྱི་ཚོགས་འབྲེལ་མཐུད་དྲ་བའི་སྟེང་དུ་བཀོད་པ་རེད། དེ་ནི་རྒྱ་ནག་གི་ལོ་རྒྱུས་ནང་དུ་བྱུང་མྱོང་མེད་པ་ཞིག་རེད།  དེའི་རྐྱེན་གྱིས་ད་ལོར་ལྕགས་ལམ་ལས་ཁུངས་ཀྱི་བློན་ཆེན་ལ་ལོ་བཅུའི་ཁྲིམས་ཆད་བཙོན་འཇུག་བྱས་ཡོད། 

 

ཉེ་ཆར་རྒྱ་ནག་ཁོར་ཡུག་བློན་ཆེན་ལྷན་ཁང་དང་ཨ་རིའི་གཞུང་ཚབ་གཉིས་ཀྱི་དབར་ལ་དགོད་བྲོ་བའི་རྩོད་པ་ཅིག་བྱུང་བ་རེད། རྒྱུ་མཚན་ནི་ཁོར་ཡུག་བློན་ཆེན་ལྷན་ཁང་གིས་ཨ་རིའི་གཞུང་ཚབ་ཀྱིས་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱས་ཏེ་པེ་ཅིན་རླུང་ཁམས་གནས་བབ་ཀྱི་ཡིག་ཆ་ཕྱིར་བསྒྲགས་བྱས་པར་སྐྱོན་འཛུགས་བྱས་ཡོད། ཨ་རིས་གཞུང་ཚབ་ཀྱི་ཕྱོགས་ནས་རླུང་ཁམས་བཙོག་བཟོའི་གནས་ཚད་ ༡༤༨ སྟེ་ཛ་དྲག་ཆགས་འདུག་པས་ཚོར་བ་སྐྱེན་པོ་ཡོད་མཁན་གྱི་མི་མང་རྣམས་སྒོའི་ཕྱིར་མ་སོང་ན་ལེགས་ཚུལ་བརྗོད་འདུག འོན་ཀྱང་། བློན་ཆེན་ལས་ཁུངས་ཀྱིས་རླུང་ཁམས་བཙོག་བཟོའི་གནས་ཚད་ ༥༠ ཡིན་པས་སྒོ་ཕྱིར་བུད་ནའང་སྐྱོན་མེད་རབས་སྤེལ། ཡིན་ནའང་། དྲ་ཐོག་གི་ཟིན་བྲིས་སྤེལ་མཁན་བརྒྱ་ཆ་ ༩༩ ཨ་རིའི་གཞུང་ཚབ་ཀྱི་བརྟག་འབྲས་དངོས་ཡིན་པ་ཁས་ལེན་གྱིས་ཁོང་ཚོའི་ཕྱོགས་སུ་ལངས། སྐབས་དེར་ང་པེ་ཅིན་ལ་ཡོད། ཉིན་རྟག་པར། ངས་ཨ་རིའི་གཞུང་ཚབ་ཀྱི་རླུང་ཁམས་བརྟག་འབྲས་དེར་ལྟ་བཞིན་སྒེའུ་ཁུང་ཕྱེ་དགོས་མིན་ཐག་གཅོད་བྱེད་མ་ཐུབ་པར་བསྡད་པ་ཡིན།

 

ཅིའི་ཕྱིར་རྒྱ་ནག་གི་དྲ་རྒྱ་ཞིབ་བཤེར་བྱས་པའི་རྒྱ་ལས་ཀྱང་ཡར་རྒྱས་འགྲོ་བཞིན་ཡོད་པ་རེད། རྒྱུ་མཚན་གྱི་ཆ་ཤས་གཅིག་ནི་རྒྱ་ནག་གི་སྐད་ཡིག་རེད། ཚང་མའི་ཤེས་གསལ་ལྟར་ཌེ་ཝེས་ཌར་(Twitter)དང་ཌི་ཝེས་ཌར་གྱི་འདྲ་བཤུས་(Weibo)གཉིས་ཆར་ཡིག་འབྲུ་ ༡༤༠ ཙམ་འབྲི་ཐུབ་པའི་ཚད་གཞི་ཡོད་པ་རེད། འོན་ཀྱང་དབྱིན་ཡིག་གི་ནང་དུ་དེ་ནི་ཚིག་ཉི་ཤུ་དང་དྲ་འབྲེལ་ཐུང་ཐུང་ཞིག་གི་ཚད་རེད། དེ་ལས་ལྡོག་སྟེ། རྒྱ་ཡིག་གི་ནང་དུ་དེ་ནི་ཡིག་འབེབ་ཅིག་གམ་ཡང་ན་སྒྲུང་ཐུང་ཞིག་རེད། དེ་ལ་གསར་འགྱུར་ཞིག་གི་གྲུབ་ཆའང་ཚང་ཡོད་པ་རེད། དེར་བརྟེན། རྒྱ་ནག་གི་དྲ་དམངས་དག་གིས་ཟིན་བྲིས་སྤེལ་བ་འདི་ནི་བརྒྱུད་ལམ་ཆེན་པོ་ཅིག་ལས་གསར་གནས་མགོ་བརྗོད་ལྟ་བུ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད།

 

སེ་ན(Sina)བཟོ་ཚོང་ཁང་གིས་ཌི་བིས་ཌར་འདྲ་བཤུས་བྱས་པ་རེད། རྒྱ་སྐད་དུ་བེ་པོ་(Weibo)ཞེས་བཏགས་ཡོད། དེ་ལ་གསར་གཏོད་གྱི་ཆ་ཅུང་ཙམ་ཡོད་པ་རེད། ཌི་བིས་ཌར་ངོ་མ་དང་བསྡུར་ན་མཆན་འདོགས་ས་(Commenting area)ཡོད་པར་བརྟེན་ངོ་དེབ་འདྲ་བོ་ཡོད། འདྲ་བཤུས་བྱས་ཀྱང་གསར་གཏོད་ཀྱི་ཆ་ཅུང་ཙམ་ཡོད་པའི་བེ་པོ་ ༢༠༠༩ ལོར་རྒྱ་ནག་མི་མང་གི་སྤྱོད་ཡུལ་དུ་གྱུར་སྐབས་དྲ་རྒྱའི་གླེང་སྟེགས་ཤིག་ཆགས་པ་རེད། བེ་པོ་ནང་དུ་མ་བཀོད་པའི་གནད་དོན་ཞིག་རྒྱ་ནག་མི་མང་གིས་མི་ཤེས་པའི་ཚད་ལ་སླེབས་པ་རེད། དེ་མ་ཟད་རྒྱ་ནག་གི་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱས་རྒྱ་ནག་མི་མང་གི་བསམ་བློ་གཏོང་སྟངས་དང་མི་ཚེ་གཉིས་ལ་འགྱུར་བ་ཆེན་པོ་གཏོང་གི་ཡོད།

 

དཔེ་ཞིག་དྲངས་ན། སོ་སོའི་མངོན་འདོད་བརྗོད་པའི་གོ་སྐབས་ཀྱིས་སྟོང་བའི་དྲ་དམངས་དག་ལ་སོ་སོའི་བསམ་ཚུལ་གཞན་གྱིས་གོ་ཐུབ་པའི་གོ་སྐབས་ཤིག་བསྐྲུན་ཡོད། ང་ཚོ་རྒྱ་ནག་ལ་ཞུ་གཏུག་བྱེད་པའི་ལམ་ལུགས་ཤིག་ཡོད་པ་རེད། དེ་ནི་ཁྲིམས་ལུགས་ཀྱི་དབང་ཆའི་ཁྱབ་ཁོངས་ཀྱི་ཕྱི་རོལ་དུ་ཡོད་པའི་ཐབས་ལམ་ཞིག་རེད། རྒྱུ་མཚན་གང་ལེགས་ཞེ་ན། རྒྱ་ནག་དབུས་གཞུང་གིས་གོང་མ་ནི་སྐྱོན་མེད་ཡིན་རབས་བསྒྲུབ་པ་དང། ས་གནས་ཀྱི་དཔོན་རིགས་རྙིང་པ་དག་ནི་ཇག་ཚོགས་ཤིག་དང་ཁྱད་མེད་དུ་ངོས་འཛིན་བྱེད་ཀྱི་ཡོད། དེར་བརྟེན། ཞུ་གཏུག་ རྒྱག་མཁན་ཏེ་གནོད་ཐེབས་ཀྱི་ཞིང་པ་དག་མེ་འཁོར་ལ་བསྡད་དེ་པེ་ཅིན་དབུས་གཞུང་ལ་ཞུ་གཏུག་བྱེད་དུ་ཡོང་བ་དང་། དཀའ་རྙོག་དག་གོང་མ་མཆོག་གིས་སེལ་བའི་རེ་བ་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་། པེ་ཅིན་དུ་ཞུ་གཏུག་བྱེད་མཁན་ཇེ་མང་དུ་ཕྱིན་ཚེ་ངོ་རྒོལ་སྡེབ་ལངས་བྱེད་པའི་ཉེན་ཁ་ཡོད་པར་བརྟེན་ཕྱིར་སློག་བྱས་པ་དང་། ཁ་ཤས་བཙོན་ལའང་བཅུག་ཡོད།

 

འོན་ཀྱང་། ད་ལྟ་ང་ཚོར་བེ་པོ་ཡོད་པ་རེད། ངས་འདི་ལ་བེ་པོ་ཞུ་གཏུག་(Weibo petition)ཟེར་གྱི་ཡོད། མི་མང་གིས་ལག་འཁྱེར་ཁ་པར་བེད་སྤྱད་དེ་སོ་སོའི་དཀའ་ངལ་དག་བེ་པོ་བརྒྱུད་དྲ་ཐོག་ཏུ་བཞག་ན། མཚམས་མཚམས་སྟབས་ལེགས་ཏེ་དཀའ་ངལ་འདི་དག་གསར་འགོད་པ་དང་། མཁས་དབང་། སྙན་གྲགས་ཅན་གྱི་མི་སྣ་དག་གིས་གླེང་སློང་བྱེད་པའི་གོ་སྐབས་ཡོང་གི་ཡོད་པ་རེད། དཔེ་མཚོན་ཅན་གྱི་མི་སྣ་གཅིག་ནི་ཡོ་ཁྲུན་(Yao chen)རེད། ཁོ་མོ་ནི་རྒྱ་ནག་རྒྱལ་ཡོངས་ཀྱི་ཟིན་བྲིས་པ་སྐད་གྲགས་ཆེ་ཤོས་དེ་རེད།  ཁོ་མོའི་དྲ་རྩོམ་ཀློག་མཁན་དྲ་དམངས་ས་ཡ་ ༢༡ ལྷག་ཡོད། དེ་ནི་ཧ་ལམ་བརྙན་འཕྲིན་ལྟེ་གནས་ཤིག་དང་གཅིག་པ་རེད། གལ་སྲིད་ཁྱེད་ཀྱི་དཀའ་སྡུག་གི་སྒྲུང་དག་ཁོ་མོས་བདག་པོ་བརྒྱབ་ཚེ། བེ་པོ་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱའི་སྟེང་དུ་ཞིབ་བཤེར་སྟངས་འཛིན་འོག་ཏུ་ཡང་། དྲ་དམངས་ས་ཡ་ ༣༠༠ ལྷག་ཙམ་གྱིས་མཉམ་དུ་གྲོས་བསྡུར་དང་བགྲོ་གླེང་བྱེད་པའི་གོ་སྐབས་རེག་གི་ཡོད་པ་རེད། དེ་ཌེ་ཌི་(TED)ཆེན་པོ་ཞིག་དང་ཁྱད་ཅི་ཡོད། གོ་སྐབས་འདི་རྒྱ་ནག་ནང་ཐོག་དང་པོར་བྱུང་བའི་མི་མང་གི་ཁོར་ཡུག་ཅིག་ཡིན་དུས་དྲ་དམངས་རྣམས་ཀྱིས་མི་དང་མིའི་དབར་གྲོས་བསྡུར་དང་གླེང་མོལ་བྱེད་སྟངས་ཀྱང་སྦྱང་མགོ་ཚུགས་ཡོད།

 

འོན་ཀྱང་། ཞིབ་བཤེར་གྱི་རྒྱལ་པོ་ཞི་མི་གཉིད་ཁུག་མེད། ཚོར་བ་རྣོ་བའི་ཚིག་དག་བེ་པོ་སྟེང་དུ་བཀོད་ཐབས་མེད། ཁྱེད་ཀྱིས་ཧུའུ་ཅིན་ཐོའི་ཡི་མིང་དང་།  ཁྲུང་ཆིན་གྲོང་ཁྲེར་གྱི་མིང་། གཞན་རྒྱ་གཞུང་གི་ཆེས་མཐོའི་དཔོན་རིགས་དག་གི་རུས་མིང་བཅས་འགོད་ཐབས་མེད་པར་བརྟེན། དྲ་དམངས་དག་གིས་སྒྲ་གཅིག་དོན་མིང་ཅན་དང་གདམ་ཀ་ཅན་གྱི་ཚིག་རྣམས་བེད་སྤྱོད་གཏོང་གི་ཡོད། དཔེར་ན། དབྱིན་སྐད་དུ་ཨ་མར་འཁྲིག་པ་སྤྱོད་མཁན་( mother fucker)ཞེས་པར་རྒྱ་སྐད་དུ( cao ni ma ) ཞེས་པ་དེ་སྒྲ་མཚོན་རྟགས་གཞན་ཞིག་སྟེ། རྩ་དང་འདམ་བག རྟ་སོགས་ཀྱིས་མཚོན་ཐབས་བྱེད་ཀྱི་ཡོད།

 

འདི་འདྲའི་སྒྲ་དོན་མཚོན་སྟངས་ཀྱི་ཐབས་ལམ་འདི་ཧ་ཅང་སྟབས་བདེ་རེད། ཆབ་སྲིད་དང་འབྲེལ་བའི་རྣོ་ངར་ཅན་གྱི་བརྗོད་གཞི་རེ་དྲ་ཐོག་ཏུ་སླེབས་སྐབས། བེ་པོ་སྟེང་དུ་ཁྱད་མཚར་བའི་གནད་དོན་གཞན་ཞིག་ཀྱང་ཡོང་གི་ཡོད་པ་ནི་ཚིག་ཚོགས་ཁྱད་མཚར་པོ་མང་དག་ཅིག་གསར་བཟོ་བྱེད་ཀྱི་ཡོད་པ་དེ་རེད། ཚིག་ཚོགས་འདི་དག་མི་ཞིག་ལ་རྒྱ་ཡིག་གི་སློབ་དཔོན་གྱི་གནས་ཚད་ཡོད་ཀྱང་རྟོགས་ཐབས་མེད། འོན་ཀྱང་། དྲ་དམངས་རྣམས་ཀྱིས་གནད་དོན་དེ་ཤུགས་ཆེ་རུ་གཏོང་ཐུབ་ཀྱི་མེད། གང་ལེགས་ཞེ་ན། བེ་པོ་རྒྱ་ནག་དུ་དར་བའི་དུས་ཚོད་ནི་ཏག་ཏག་ཌི་བིས་ཌིར་རྒྱ་ནག་ནས་གཏན་འགོག་བྱས་རྗེས་ཀྱི་ཟླ་བ་གཅིག་ཙམ་རེད། ཐོག་མ་ཉིད་ནས་སེ་ན་བེ་པོ་བཟོ་ལས་ཁང་གིས་རྒྱ་གཞུང་ལ་བེ་པོ་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་འདི་སྲིད་གཞུང་གི་དབང་ཐང་ལ་གནོད་འཚེ་དང་ཉེན་ཁ་བཟོ་སའི་སྡིངས་ཆ་ཞིག་མི་དུ་འགྱུར་བའི་ཡིད་ཆེས་སྤྲད་ཡོད།

 

དཔེར་ན། ཐུག་འཕྲད་(get together )དམ་འཆམ་འཆམ་(walk)ལ་འགྲོ་སོགས་དྲ་དམངས་ཕན་ཚུན་དབར་བཏང་ཚེ། ཡི་གེ་དེ་དག་རང་བཞིན་གྱིས་ཐོ་འགོད་བྱེད་ཀྱི་ཡོད་པ་མ་ཟད། ཆབ་སྲིད་ཀྱི་གནད་དོན་ཡོད་མེད་ཞིབ་འཇུག་བྱེད་ཀྱི་ཡོད། གལ་སྲིད་ཁྱེད་ལ་ཐུག་འཕྲད་དེ་འདྲ་ཡོད་པའི་དབང་དུ་བཏང་ནའང་། སོ་སོ་ས་གནས་དེར་མ་འབྱོར་བའི་སྔོན་དུ་ཉེན་རྟོག་པ་སྔ་ས་ནས་སླེབས་ཏེ་སྒུག་བསྡད་ཡོད། དེ་ནི་ཁོང་ཚོའི་ལག་ཏུ་ཡིག་ཆ་ཡོད་པའི་རྟགས་མཚན་རེད། སོང་ཙང་དེ་ནི་ ༡༩༨༤ འཁྲབ་གཞུང་ནང་གི་ཕྱོགས་འགལ་བའི་ཡིག་ཆ་ཞིབ་བཤེར་བྱེད་སྟངས་དང་གཅིག་མཚུངས་རེད།

 

ངས་འདི་ནས་ཁྱེད་ཚོར་ཞི་མི་དང་ཙི་ཙི་བར་གྱི་ཞིབ་བཤེར་གནད་དོན་ཐད་ནས་ཡ་མཚར་བའི་གཏམ་ཅིག་བཤད། ཞི་མི་ནི་ཞིབ་བཤེར་བྱེད་མཁན་རེད། རྒྱ་ནག་ནང་དུ་དབུས་ཀྱི་ཞི་མི་གཅིག་པུ་མ་ཡིན་པར་ས་གནས་ཀྱི་ཞི་མི་ཡང་ཡོད། ཡིན་ནའང་། དྲ་རྒྱའི་མ་ལག་ནི་དབུས་གཞུང་གི་ལག་ཏུ་ཡོད་པར་བརྟེན། དྲ་དམངས་ཀྱིས་ས་གནས་སྲིད་གཞུང་ལ་སྐྱོན་བརྗོད་ག་ཚོད་བྱས་ཀྱང་ས་གནས་སྲིད་གཞུང་གི་ལག་ཏུ་ཡིག་ཆ་དེ་དག་རེག་གི་མེད། དབུས་ཀྱི་ཞི་མི་ལ་ལྐོག་རྔན་མ་སྤྲད་པར་ས་གནས་ཞི་མིས་དགོངས་དག་ཞུ་རྒྱུ་མ་གཏོགས་ཐབས་གཞན་མེད། དེའི་རྐྱེན་གྱིས་འདས་པའི་ལོ་གསུམ་ལྷག་གི་རིང་ལ་དྲ་ཐོག་གི་སྤྱི་ཚོགས་ལས་འགུལ་གྱིས་དངོས་ཡོད་ཐོག་ས་གནས་སྲིད་གཞུང་སྔར་དང་བསྡུར་ན་ཅུང་ཕྱི་གསལ་ནང་གསལ་ཏུ་བསྒྱུར་སོང་། མེ་འཁོར་བརྡབ་སྐྱོན་གྱི་གནད་དོན་དེར་དྲ་དམངས་རྣམས་ཀྱིས་ཉིན་ལྔའི་རིང་སྐྱོན་བརྗོད་ས་ཡ་ ༡༠ ཙམ་བྱས་པ་དེ་ཁོ་ན་མ་ཡིན་པར། རྒྱུ་མཚན་ཅིའི་ཕྱིར་དབུས་གཞུང་གིས་དྲ་ཐོག་ཏུ་སྨྲ་བརྗོད་རང་དབང་གི་གོ་སྐབས་སྤྲད་པ་རེད། དེ་ནི་རྒྱ་ནག་གི་ལོ་རྒྱུས་ནང་དུ་བྱུང་མྱོང་མེད་པ་ཞིག་རེད། དེའི་དངོས་ཡོད་གནས་ཚུལ་ནི། ཐ་ན་དབུས་གཞུང་གི་དཔོན་རིགས་ཚོའང་ས་གནས་ཀྱི་དཔོན་རིགས་ཚོའི་བྱ་སྤྱོད་ལ་ཞེན་པ་ལོག་ནས་བསྡད་ཡོད་པས། ཁོང་ཚོ་ལ་ཁ་གཡར་ས་ཞིག་དགོས་ཀྱི་ཡོད་པ་རེད་ལ། མི་མང་གི་བསམ་འཆར་ནི་ཁོང་ཚོར་ཉེས་ཆད་གཅོད་པའི་ཁ་གཡར་ས་སྟབས་བདེ་ཤོས་དེ་རེད།

 

ཉེ་ཆར་བྱུང་མ་ཐག་པའི་པོ་ཞེས་ལེ་ཡི་དོན་རྐྱེན་ཏེ་སྐད་གྲགས་ཆེན་པོ་བྱུང་པ་རེད། ཁོང་ནི་དཔོན་རིགས་གཙོ་གྲས་ཤིག་རེད། འོན་ཀྱང་། ཕྱི་ཟླ་ ༢ པ་ནས་ ༤ བར་བེ་པོ་དངོས་ཡོད་ཐོག་དཀྲོག་གཏམ་བཟོ་སའི་ཁྲོམ་ར་འདྲ་བོ་ཞིག་ཆགས་པ་རེད། དྲ་དམངས་རྣམས་ཀྱིས་དཔོན་རིགས་ཚོས་སྐོར་ལ་བསྟན་བཤིག་ག་ཚོད་བསླངས་ཀྱང་འགྲིག་གི་ཡོད། དེ་ནི་ཕལ་ཆེར་དྲ་དམངས་དག་ཨ་མེ་རི་ཁའི་ནང་ལ་ཡོད་པ་འདྲ་བོ་ཡོད། ཡིན་ནའང་། པེ་ཅིན་དུ་མི་མང་གིས་གྱེན་ལངས་བྱས་ཡོད་པའི་ཁུངས་མེད་གནས་ཚུལ་བཀོད་ཚེ། བཙོན་འཇུག་བྱས་ཡོད། སོང་ཙང་འདི་ལྟ་བུའི་སྨྲ་བརྗོད་རང་དབང་དག་ཀྱང་དམིགས་ཡུལ་ངེས་ཅན་ཞིག་དང་གོ་སྐབས་དམ་འཛིན་བྱས་པ་དེ་འདྲ་རེད། རྒྱ་ནག་ནང་དུ་ཞིབ་བཤེར་བྱེད་པ་ནི་རྒྱུན་ལྡན་རེད། རང་དབང་ཏོག་ཙམ་སྤྲད་ཀྱང་དེའི་རྒྱབ་ལྗོངས་སུ་དམིགས་ཡུལ་ངེས་ཅན་ཞིག་ཡོད། པོ་ཞེས་ལེ་ནི་གཡོན་ཐལ་ཆེ་བའི་དཔོན་རིགས་སྐད་གྲགས་ཅན་ཞིག་ཡིན་པར་བརྟེན། དབུས་གཞུང་གིས་ཁོང་ལ་དག་ཐེར་གཏོང་འདོད་ཡོད་པ་དང་། རྒྱ་ནག་མི་མང་གི་མིག་མདུན་དུ་ཁོང་ནི་མི་ངན་གཏེ་བོ་ཞིག་ཡིན་པ་ར་སྤྲོད་ཡོང་བའི་ཆེད་དུ་རེད། འདི་ལྟར་བེ་པོ་དྲ་ལམ་གྱི་དྲ་དམངས་ས་ཡ་ ༣༠༠ ཙམ་གྱི་ཁོར་ཡུག་འདི་ཆབ་སྲིད་འཐབ་རྩོད་ཀྱི་ལག་ཆ་སྟབས་བདེ་བོ་ཞིག་ཆགས་པ་རེད།

 

ཆབ་སྲིད་འཐབ་རྩོད་ཀྱི་ཐབས་ལམ་འདི་རྙིང་པ་ཡིན་ཡང་ལག་རྩལ་གསར་པ་རེད། ཐབས་ལམ་འདི་ནི་མོ་ཙེ་ཏུང་གི་སྐབས་སུ་རྒྱ་ཁྱབ་ཏུ་བེད་སྤྱོད་བཏང་བ་ཞིག་རེད། ཁོས་རིག་གནས་གསར་བརྗེའི་ཆེན་པོའི་སྐབས་སུ་མི་མང་ས་ཡ་མང་པོ་བསྡུ་རུབ་བྱས་ཏེ་ས་གནས་སྲིད་གཞུང་རྩ་མེད་བཟོས་པ་རེད། སྐབས་དེར་རྒྱ་ནག་གཞུང་ལ་ཐ་ན་མི་མང་གི་བསམ་ཚུལ་ཙམ་ལ་ཡང་ཉན་འདོད་ཡོད་པ་མ་རེད། ཁོང་ཚོས་མི་མང་ལ་ཞིབ་བཤེར་མི་བྱེད་པའི་གོ་སྐབས་ཤིག་སྤྲད་པ་རེད། མཚམས་མཚམས་ཞིབ་བཤེར་མི་བྱེད་པ་དེ་ཆབ་སྲིད་ཀྱི་ལག་ཆ་ཞིག་ཆགས་པ་རེད། གོང་ཞུས་ཁག་ནི་ཞི་མི་དང་ཙི་ཙིའི་བར་གྱི་ཞིབ་བཤེར་གྱི་གནད་དོན་དག་རེད། སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱས་རྒྱ་ནག་མི་མང་གི་བསམ་ཚུལ་ལ་བསྒྱུར་བཅོས་བཏང་ཡོད་ལ། རྒྱ་མི་མང་པོ་ཞིག་གིས་སྨྲ་བརྗོད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ལ་དགའ་མོས་དང་གཞི་རྩའི་ཐོབ་ཐང་གི་ངོ་བོར་རྩོད་ལེན་བྱེད་ཀྱི་ཡོད།

 

སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་འདིས་རྒྱ་ནག་མི་མང་ལ་བལྟོས་ས་བལྟོས་འཇོག་གི་སྒང་ནས་ཁོར་ཡུག་གུ་ཡངས་པོ་ཞིག་སྤྲད་ཡོད། དེ་ནི་རྒྱ་ནག་གི་མི་སེར་རྣམས་དམངས་གཙོའི་ལམ་ཁར་སྐྱོད་པའི་སྦྱོང་བརྡར་སྤྲོད་ཀྱི་ཡོད་པ་དང་གཅིག་མཚུངས་རེད། འོན་ཀྱང་འདིས་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ལ་འགྱུར་བ་བཏང་མེད་པ་མ་ཟད། རྒྱ་ནག་དབུས་གཞུང་གིས་གཅིག་སྡུད་བྱས་པའི་དྲ་རྒྱའི་ཨ་མ་བེད་སྤྱོད་བྱས་ཏེ་དབང་ཆ་སྲ་བརྟན་ཡོང་བར་ས་གནས་གཞུང་དང་ཕྱོགས་ཁག་མི་མཐུན་པ་དག་ལ་ཁ་གཏད་གཅོག་བྱེད་བྱེད་ཀྱི་ཡོད། གང་ལྟར་ཀྱང་ང་ཚོ་ནི་ཙི་ཙི་རེད། མ་འོངས་པ་གང་འདྲ་ཞིག་ཆགས་ཀྱང་ཞི་མི་ལ་འཐབ་རྩོད་བྱེད་དགོས། རྒྱ་ནག་གཅིག་པུ་མ་ཡིན་པར་འདིར་ཨ་རིའི་ནང་དུ་ཡང་ཞི་མི་མ་རབས་དང་སྙིང་རྗེ་བོ་དེ་འདྲ་ཡོད། དེ་དག་ནིསོ་པ(SOPA)པེས་པ(PIPA)ཨེ་ཁི་ཌ(ACTA) ཌེས་པི་པི(TPP)ཨེ་ཌེས་ཡོས(ITU)དག་རེད། ངོ་དེབ་དང་གྷོ་གྷུལ་སོགས་ཀྱིས་ཁོང་ཚོ་ནི་ཙི་ཙིའི་གྲོགས་པོ་ཡིན་མདོག་སྟོན་གྱི་ཡོད་ཀྱང་། མཚམས་མཚམས་ཞི་མི་དང་མཉམ་དུ་མཐུན་འགྲིག་ཡོང་ཐབས་བྱེད་ཀྱི་ཡོད་པ་མཐོང་རྒྱུ་འདུག  

 

ངས་སྟབས་བདེ་བོའི་ཐོག་ནས་མཇུག་བསྡོམས་ཞུ་རྒྱུར། ང་ཚོ་རྒྱ་མི་རིགས་ཀྱིས་རང་དབང་འཐབ་རྩོད་བྱེད་ཀྱི་ཡོད། ཁྱེད་ཚོས་སོ་སོིའི་ཞི་མི་མ་རབས་དག་ལ་ལྟ་རྟོག་བྱེད་རོགས། རྒྱ་ནག་གི་ཞི་མི་དང་མཉམ་དུ་འབྲེལ་འདྲིས་བྱེད་མ་འཇུག་རོགས་གནང་། ད་ལྟ་དང་མ་འོངས་པའི་དུས་གང་ཡིན་ཡང་ང་ཚོ་ཙི་ཙིའི་ཚོགས་ཀྱིས་རྨི་ལམ་དེ་མངོན་འགྱུར་ཡོང་བར་འབད་བརྩོན་བྱེད་རྒྱུ་ཡིན། རྨི་ལམ་དེ་ནི་གནས་དུས་གང་དུ་ཡིན་ཡང་ཞེད་སྣང་མེད་པར་དྲ་རྒྱའི་ཀློང་ཡངས་འཇུག་རྒྱུ་དེའོ། ཐུགས་རྗེ་ཆེ།

བོད་བསྒྱུར་ཞུ་མཁན། ཆོས་རྒྱལ་སྐྱབས།

 

དྲ་ཐག http://www.ted.com/talks/michael_anti_behind_the_great_firewall_of_china.html

འབྲེལ་ཡོད་གསར་འགྱུར།

Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༡ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༢ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༢ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༣ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༣ སྔོན་ལ།
The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

༢༠༢༥/༠༥/༠༨

མཆན། 4

  1. སེང་གདོང་སྐྱབས ། says:
    ལོ་ 13 སྔོན།

    ཨ་རོགས་མ་མཇལ་བར་ཡུན་རིང་འགོར་སོང་། དེ་རིང་འདི་ལྟར་དྲ་ལམ་དུ་བསྒྱུར་རྩོམ་ཞིག་སྤེན་འདུག་པར་རྗེས་སུ་ཡིད་རང་ཡོད། ཁོ་བོ་རྩོམ་འདིའི་མ་དཔེ་ལ་ལྟ་བའི་གོ་སྐབས་མ་བྱུང་ཡང་བལྟས་ཚོད་དུ་ཡག་པོ་བསྒྱུར་ཡོད་པའི་རྣམ་པ་ཞིག་རང་ཤུགས་སུ་མངོན་ཡོད་པས་ན་ཐུགས་རྗེ་ཆེ་ཞུ་བ་དང་ལྷན་དུ་ད་དུང་མུ་མཐུད་ཅིག་ཅེས་རེ་སྐུལ་ཞུའོ། རྗེས་སུ་མཇལ་ཡོང་།

    Reply
  2. མཉམ་ཞུགས says:
    ལོ་ 13 སྔོན།

    གཏམ་བཤད་འདིའི་ནང་བོད་མི་ཚོས་ངེས་པར་མཁྱེན་དགོས་པའི་གནད་དོན་མང་པོ་ཞིག་ཡོད་པ་དང་།རྩོམ་ཡིག་འདི་བཀླགས་ཚེ་དུས་རབས་ཉེར་གཅིག་པའི་སྤྱི་ཚོགས་ནང་བརྡ་འཕྲིན་གྱི་གོ་གནས་དང་དེའི་ནུས་ཤུགས་སོགས་གསལ་བར་རྟོགས་ཐུབ་ཀྱི་འདུག་ལ་བོད་བསྒྱུར་བྱེད་མཁན་ཆོས་རྒྱལ་སྐྱབས་ལགས་ཀྱི་ཡིག་སྒྱུར་གྱི་སྒྱུ་རྩལ་ལའང་ངེས་པར་བསྔགས་བརྗོད་བྱེད་དགོས་པ་ཞིག་འདུག།ད་ལྟའི་བར་ངས་བཀླགས་པའི་སྒྱུར་རྩོམ་ནང་ནས་སྒྱུར་རྩོམ་ཡག་ཤོས་དེ་རེད་འདུག་ཅེས་བརྗོད་ཀྱང་མི་ཆོག་པ་མེད་པར་སེམས།ཆོས་རྒྱལ་སྐྱབས་ལགས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་མུ་མཐུད་ནས་འདི་འདྲའི་སྒྱུར་རྩོམ་སྤེལ་བའི་རེ་སྐུལ་ཞུ་རྒྱུ་ཡིན།

    Reply
  3. ཐ་ཧྭར་སྐལ་བཟང་། says:
    ལོ་ 13 སྔོན།

    མཆན་གོང་མ་དེ་ཏོག་ཙམ་ནོར་འདུག

    ཁྱེད་ཀྱི་ཚིག་གྲུབ་༼གལ་སྲིད་ཁྱེད་རང་ལོན་ཌོན་རྩེད་མོ་ (Game of Thone)ལ་དགའ་མཁན་ཞིག་ཡིན་ཚེ། ༽འདིས་དོན་རྩ་བ་ནས་དོན་གྱི་མི་འདུག

    གོང་གི་སྒེམ་ཨོཧྥུ་ཐུརོནསུ་༼ Game of Thrones ༽་ཟེར་བ་ནི་མི་འབྲེལ་བརྙན་འཕྲིན་ཞིག་གི་མིང་རེད་༼ཁྱེད་རང་གིས་ལོན་ཌོན་རྩེད་མོ་ཞེས་བསྒྱུར་དགོས་པའི་ནང་དོན་ཤེས་མ་སོང་༽། གཏམ་བཤད་བྱེད་མཁན་གྱིས་རྒྱ་ནག་གི་ཆ་འཕྲིན་ལྕགས་རི་དང་བརྙན་འཕྲིན་དེའི་ནང་ལ་ཡང་ལྕགས་རི་ཞིག་འདུག༼མིང་ལ་ཕལ་ཆེར་ནོར་ལྡན་བོལ་(Northern Wall) ཟེར་བ་མིན་འགྲོ་གསལ་བོ་མེད་༽། དེ་གཉིས་མཚུངས་བསྡུར་བྱས་ནས་བཤད་པ་མིན་འགྲོ་བསམ་སོང་།

    དཀའ་ལས་མང་པོ་བརྒྱབ་འདུག་པས་བསྔགས་བརྗོད་ཡོད།

    Reply
  4. སྒ་གྲགས་པ་དར་རྒྱས། says:
    ལོ་ 13 སྔོན།

    གཏམ་བཤད་འདིའི་ནང་དོན་ཧ་ལས་པའི་ཡག་པོ་འདུག་ལ། ཆོས་རྒྱལ་སྐྱབས་ལགས་ཀྱིས་བོད་བསྒྱུར་གནང་སྟངས་ཀྱང་ཁ་གསལ་དོན་འདུས་ཧ་ལས་པ་ཞིག་རེད། བོད་པའི་སྤྱི་ཚོགས་ནང་འདི་དང་འདི་ལྟ་བུའི་རིགས་མང་པོ་ཞིག་སྤེལ་ཐུབ་ན་ཡག་པོ་འདུག་ཅེས་འབོད་སྐུལ་ཞུ་བཞིན་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese