མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ད་རྒས་པོ་ཟེར་རྒྱུས་ཕོངས་པ་འདྲ།

བོད་ཀྱི་དུས་བབ།
༢༠༡༢/༠༨/༡༧
Share on FacebookShare on TwitterShare on EmailShare on Whatsapp

བྲག་གཞིས་བསྟན་འཛིན་ཕན་བདེ།

མདོ་སྨད་པ་མཁས་དབང་དགེ་ཆོས་ཀྱིས། མངོན་འགྱུར་རྟགས་ཀྱིས་བདེན་པ་ངོ་སྤྲད་ཀྱང་། །ངམ་ནག་བཞིན་གྱི་གཉེར་མ་མི་སངས་པ། །མདོར་ན་ཕྲག་དོག་ཅན་གྱི་སྐྱེ་བོ་དེའི། །དགའ་བའི་དངོས་པོ་གཞན་གྱི་རྒུད་པ་ཉིད། །ཅེས་གསུངས་པ་ལྟར་ཕྲན་བསྟན་འཛིན་ཕན་བདེས་སྐུ་ངོ་ཆེན་མོ་སྣར་སྐྱིད་ངག་དབང་དོན་གྲུབ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོས་ལོ་རྒྱུས་ཀྱི་གལ་གནད་ཅིག་ལ་ཧོལ་རྒྱུག་བཏང་འདུག་ཅེས་གཞི་མེད་སྐྱོན་འཛུགས་བྱས་པར་ལུང་རིགས་ཀྱི་ལམ་ནས་ལན་འདེབས་བྱས་པ་མདའ་མོ་སྙིང་ལ་ཕོག་ཀྱང་ན་ཟུག་མེད་ཁུལ་གྱིས་དོན་ངོ་མའི་ཐོག་ལན་འདེབས་མེད་པར་ཆང་གིས་སྨྱོས་པའི་སྐད་ཆ་ལྟར་ག་བཤད་འདི་བཤད་མེད་པར་གྱུར་པ་མ་ཟད། ད་དུང་ངང་པ་ཆུས་ཁྱེར་བ་རྐྱལ་དུ་རློམ་པའི་དཔེ་བཞིན་དུ་རང་ཉིད་ཟེར་རྒྱུས་ཕོངས་ཀྱང་བློ་སྦྱོང་གི་ཉམས་ལེན་ཡིན་ཁུལ་བྱས་ཚོད་ལ་བལྟས་ན་དགེ་ཆོས་ཀྱིས། ཇི་ཙམ་དངོས་པོའི་གཤིས་ལ་ཉེ་གྱུར་པ། །དེ་ལྟར་མཁས་པའི་ཚིག་ནི་ལྐུགས་འགྱུར་བས། །ཞེས་གསུངས་པ་བཞིན་ད་རྒས་པོ་ལ་དངོས་གནས་ཅང་བཤད་རྒྱུ་མེད་པ་གསལ་པོ་རེད་འདུག་པས་ན་ཆོས་རྗེ་གུང་ཐང་པས། བསྟན་འགྲོའི་དོན་གྱི་འོ་མ་ཞིག །བསྲུབ་པའི་སྙིང་པོ་བཙལ་ཆེས་ན། །བཤང་དྲི་ཁ་བ་ཨ་ཙ་མ། །དཀར་ཡིན་ཐོག་ཏུ་བཞག་ན་ཆོག་པ་ལ། །ཞེས་གསུངས་པའི་གསུང་གི་དགོངས་དོན་ཉམས་སུ་ལེན་ན་མི་མཛེས་སམ་སྙམ། འོན་ཀྱང་སྐུ་ངོ་མཆོག་ནས་གུས་པས་ཁོང་རང་དང་༸རྒྱལ་བ་རིན་པོ་ཆེའི་བར་ལ་དཀྲུག་ཤིང་བྱས་ཚུལ་གསུངས་འདུག་པར་སྐབས་འདིའི་ཐ་སྙད་བཀོལ་སྤྱོད་བྱེད་སྟངས་ནས་བསམ་ན་ཁོང་རང་དང་༸རྒྱལ་བ་རིན་པོ་ཆེའི་བར་ལ་གཤིབ་སྡུར་གྱི་ཆ་ཡོད་མདོག་བསྟན་འདུག་པ་འདི་ནས་ཀྱང་ཐེ་ཚོམ་དང་ཡ་མཚན་སྐྱེ་དགོས་པ་ཞིག་འདུག རང་ངོས་ནས་བསམ་ན་ཁྱེད་རང་དང་༸གོང་ས་མཆོག་གི་བར་ས་དང་གནམ་གྱི་ཁྱད་པར་ཡོད་པ་གསལ་པོ་ཡིན་པས་དེའི་བར་ན་དཀྲུག་གཞི་ཅིག་ལྷག་ཡོད་དམ་སྙམ།

དེ་མིན་ཁྱེད་རང་དང་སྐུ་ངོ་བྲེ་སྲང་ལགས་ཡིག་འབྲེལ་བྱེད་པའི་དུས་ཚེས་སྐབས་ང་རྣམ་རྒྱལ་གྲྭ་ཚང་གི་བོད་དྲུང་ཡིན་པ་ཁྱེད་རང་ནས་ཀྱང་ཤེས་ཀྱི་ཡོད་པ་མ་རེད་པས། ད་ནི་ངས་སྐུ་ངོའི་རེ་སྐུལ་བཞིན་ལན་འདེབས་བྱ་དགོས་གཅིག་རང་ཡོད་པ་དེའི་ཐོག་འགྲེལ་བརྗོད་བྱས་ན་སྐུ་ངོ་མཆོག་ནས་ཁོང་རང་ནས་༸གོང་ས་མཆོག་གིས་ཧོལ་རྒྱུག་ཤོར་ཚུལ་ཁོང་གི་དེབ་ཀྱི་ཤོག་གྲངས་གང་དང་། ཡིག་ཕྲེང་གང་དུ་འདུག་ཅེས་ང་ལ་ཚུར་དྲི་བ་བཏང་འདུག དེ་ནི་གཡག་བརྐུས་པས་མ་ཚད་རྔ་མའི་དར་ཆ་རང་རེད། གནད་དོན་འདིའི་ཐོག་སྐུ་ངོ་མཆོག་དག་སེལ་བྱ་འདོད་ཡོད་ན་ཁོང་རང་གི་དེབ་ཆུང་དེའི་དཔར་གཞི་ཆ་ཚང་ཞིག་དྲ་ཐོག་ཏུ་བཞག་ན་ངས་བཤད་པ་ལས་གསལ་བ་ཡོང་ངེས་ཀྱང་དེ་འདྲ་བྱ་རྒྱུའི་སྤོབས་པ་སྐུ་ངོ་ལ་མེད་པ་གསལ་པོ་རེད། ད་ངས་ངལ་བ་ཁྱད་དུ་སད་ནས་ཁོང་གི་དེབ་ནང་དོན་དམ་ཇི་འདྲ་བྲིས་ཡོད་པའི་དཔེ་མཚོན་འགའ་ཤས་བཤུས་ཏེ་ཀློག་པ་པོའི་སྤྱན་ལམ་དུ་བཤམ་ན། ཁོང་གི་དེབ་ཤོག་གྲངས་ ༨ ནང་འོག་རྩིས་ཡིག་ཕྲེང་གསུམ་པ་ནས་འགོ་བཙུགས་ཏེ་འདི་ལྟར་བྲིས་ཡོད། “༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་མཐུན་མོང་ལ་བསྩལ་བའི་གསུང་འཕྲིན་ཆ་ཚང་ལེབ་བཤུས་ཀྱིས་འདི་གཤམ་བཀོད་པའི་ནང་ཧོལ་རྒྱུགས་ཤོར་གནང་གསལ་བར་མངོན་གྱི་འདུག” ཅེས་དང་། ཡང་དེབ་ཆུང་ཤོག་གྲངས་ ༡༧ ནང་གོང་རྩིས་ཡིག་ཕྲེང་བཅུ་གཅིག་ནས་འགོ་བཙུགས་ཏེ་འདི་ལྟར་བྲིས་ཡོད། “གོང་གསལ་གསུང་འཕྲིན་ནང་འགལ་རྐྱེན་དབང་གིས་(སྤོམ་ཚིག་འདིའི་དངོས་དོན་ཕྱི་ལོ་ ༡༩༠༤ ལོར་རྒྱ་གར་དབྱིན་གཞུང་གི་དམག་དཔུང་ནས་བོད་སར་བཙན་འཛུལ་བྱས་པ་དེ་སྐབས་༸རྒྱལ་དབང་སྐུ་གོང་མ་)སོག་ཡུལ་དང་། རྒྱ་ནག་ལ་ཕེབས་ཞེས་འཁོད་འདུག་པ་དེ་ནི། ༸རྒྱལ་དབང་སྐུ་གོང་མའི་རྣམ་པར་ཐར་པ་རིན་ཆེན་ཕྲེང་བའི་ནང་། ཕྱི་ལོ་ ༡༩༠༤ ལོར་དབྱིན་དམག་གིས་བོད་སར་བཙན་འཛུལ་སྐབས། གློ་བུར་གསང་ཐབས་ཀྱིས་ཉེན་གཡོལ་དུ་ཕེབས་པར་ཚོད་དཔག་ཧོལ་རྒྱུགས་ཀྱིས་བཀོད་འདུག་པ་དེ་ལ་རྩ་འཛིན་ཧོལ་རྒྱུགས་ཤོར་གནང་གསལ་བར་མངོན་གྱི་འདུག” ཅེས་དང་། ད་དུང་དེའི་གཤམ་དུ་སྤྱི་འཐུས་ལྷན་ཚོགས་ནས་ཧོལ་རྒྱུག་ཤོར་ཚུལ་སོགས་སྐད་གསང་མཐོན་པོས་བཤད་འདུག་པ་ཡིག་ཚོགས་ལ་འཇིགས་ནས་མ་བྲིས་སོ།།

སྤྱིར་གུས་པར་སྐུ་ངོ་མཆོག་ལ་འགྲན་བཟོད་པའི་ཡོན་ཏན་སྣེ་གཅིག་མེད་ཀྱང་། ཆོས་རྗེ་ས་པཎ་གྱིས། དེང་སང་དུས་ན་ལོ་གྲངས་རྒན་གྱུར་ན། །བླུན་པོ་རྣམས་ཀྱང་གཙུག་གཏོར་ཇི་བཞིན་ཏེ། །ཤེས་རབ་རྒྱ་མཚོའི་ངོས་ལྟར་ཡངས་པ་ཡང་། །གཞོན་ནུར་གྱུར་ན་ཚད་མར་འཛིན་པ་དཀོན། །ཞེས་གསུངས་པ་ལྟར་མ་གནང་བར་ཐོག་མར་སྐུ་ངོའི་དེབ་ལ་གཟིགས། དེ་ནས་གུས་པའི་རྩོམ་ཡིག་དང་པོ་དང་། གཉིས་པ་བཀླག་ན་གསལ་པོ་མཁྱེན་ཐུབ་པས་དེ་དོན་བཞིན་ཀློག་པ་པོ་རྣམས་ནས་དགོངས་འཇགས་ཞུ།།

འདིར་སྨྲས་པ།

བཅུ་གསུམ་༸རྒྱལ་བར་རྗེས་དྲན་ཞུ་བ་དང་།།

ཡ་ཧན་ཀྲང་ལ་རྒྱབ་ཁུངས་བཅོལ་བ་འགལ།།

བཅུ་བཞི་༸རྒྱལ་བས་ཧོལ་རྒྱུག་ཤོར་སྐད་དང་།།

ཐམས་ཅད་མཁྱེན་པའི་མཚན་གྱིས་བསྟོད་པ་འགལ།།

རང་གིས་སྤུངས་པའི་འགལ་བའི་ཁུར་ཆེན་འདི།།

འདེགས་པར་མི་ནུས་ཉམ་ཐག་འགྲོ་བ་ལ།།

ཕྱག་ན་པདྨོས་ཐུགས་རྗེའི་དབྱིངས་ནས་དགོངས།།

ཕྱི་མའི་ལམ་སྣེ་ཟིན་པར་བྱིན་གྱིས་རློབས།།

བདེན་པའི་གནས་ལུགས་མཐོང་བའི་བློ་མིག་ཉམས།།

ཚོད་དཔག་རྟོག་བཟོར་རིག་པ་ཤེལ་ལས་དྭངས།།

ད་ནི་ཤེས་རབ་འཆལ་བའི་སྐྱེ་བོ་ལ།།

འཇམ་དཔལ་ལྷ་ཡི་ཚོགས་རྣམས་དགོངས་སུ་གསོལ།།

ལྟོ་གོས་གཏམ་གསུམ་བླ་མའི་དྲིན་ལ་བརྟེན།།

སྒྲོ་འདོགས་སྐུར་འདེབས་བླ་མ་ཉིད་ལ་བྱས།།

བློ་སྦྱོང་གསར་པའི་ཉམས་ལེན་ལ་བརྟེན་ནས།།

ནམ་མཁའི་པདྨོའི་ཞིང་དུ་སྐྱེ་བ་ཤོག།

ཅེས་གུས་བསྟན་འཛིན་ཕན་བདེ་པས་ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༥ ཉིན་བཞུགས་སྒར་དུ་བྲིས་པ་འདིས་ཀྱང་སྤྱི་ཚོགས་ཀུན་ཞི་བདེར་གྱུར་ཅིག།།།

  

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༡༧ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༧ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༢༡ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 6

  1. ཐོ་རངས། says:
    ལོ་ 14 སྔོན།

    བསྟན་ཕན་ཞེས་པའི་མི་དེ་ལུད་གྲ་ཆས་གྱོན་ལག་ཏུ་ཕྲེང་བ་འཁྱེར་ནས་སེམས་པ་གཞན་གྱི་ཕུན་གསུམ་ཚོགས་པ་མཐོང་དུས་མི་ཟོད་པའི་བློ་སྐྱེད་མཁན་ཞིག་རེད།
    རྒྱ་དམར་གྱིས་༸གོང་ས་མཆོགས་ལ་ཞི་མེད་རྐྱོན་འཛུག་ཉིན་ནས་ཉིན་མཐུད་དེ་བྱས་པ་དེ་རིགས་ལ། དོན་སྣང་པུ་ཙམ་མེད་པར་། ནང་དཀྲུགས་རྒྱགས་མཁན་ཞིག་རེད་

    Reply
  2. Dawai Shonu says:
    ལོ་ 14 སྔོན།

    སྒེར་གྱི་སྙིང་ནད་དེ་ནང་ཁུལ་དུ་བསྡུམ་འགྲིགས་བྱས་ན་གང་འདྲ་མ་རེད། རྩོམ་དེབ་གང་རུང་ནང་རང་གིས་སྐྱོན་མཐོང་སོ་ན་དང་པོ་སྐྱོན་དེ་གང་འདྲ་ཡིན་མིན་ཞིབ་འཇུག་བྱེད་དགོས་པ་ལས་རང་གི་བསམ་ཚུལ་དེ་ཚད་མར་འཛིན་ནས་གཞན་ལ་སྨད་པ་དེ་དངོས་གནས་ཡག་པོ་མ་རེད། བྱས་ཙ་ན་སྒེར་དོན་རིགས་ཚགས་པར་སྟེང་མ་འགོད་རོགས།

    Reply
  3. འབྲུག་གྲགས་རྒྱལ་པོ། says:
    ལོ་ 14 སྔོན།

    རྩོམ་ཡག་པོ་བྲིས་འདུག །ངས་བྱས་ན་ང་ཚོ་ནང་ཁུལ་དུ་འདི་འདྲའི་རྩོད་པ་མ་སྐྱོན་ན་ག་འདྲ་འདུག །རྒྱ་ནག་གུང་ཁྲན་ཏང་ནས་བོད་ཀྱི་ལོ་རྒྱས་ཡོད་ཚད་ལ་ཁྱོག་བཤད་དང་བོད་ཡུལ་དུ་དམྱལ་བ་མི་ཡུལ་དུ་འཕོས་འདྲའི་དཀའ་སྡུག་ཡོད་ན་ཡང་བདེ་སྐྱིད་ཡོད་ལུགས་ཀྱི་ཁྱོད་བཤད་འཛམ་གླིང་དུ་བསྒྲགས་དང་སྒྲོག་བཞིན་པར་དངོས་དོན་གྱི་གསལ་བཟད་དམ་དགག་ལན་འདྲ་སྐྱོན་ན་མི་ལེགས་སམ།

    Reply
  4. རིགས་པ་འཛིན་པ། says:
    ལོ་ 14 སྔོན།

    ད་རྒས་པོ་གུ་ཡངས་སུ་གཏོང་རོགས། སྤྱིར་༧གོང་ས་མཆོག་ལ་མཐོང་ཆུང་མཚན་སྨོད་ཞུ་མཁན་རིགས་ཡན་པོར་མི་གཏོང་བ་རང་རེའི་ལས་འགན་ཡིན་ཡང། སྐབས་འདི་ནས་རྒད་པོ་འདི་ལ་དམིགས་བསལ་བཏང་ན་འོས་འཚམས་སུ་མཐོང།།

    Reply
  5. ནད་པ says:
    ལོ་ 14 སྔོན།

    ཕྱག་ན་པདྨོའི་བྱིན་རླབས་བདུད་རྩིའི་རྒྱུན།།
    བདག་སོགས་སྙིང་གི་ཟུངས་སུ་རྟག་སྨིན་ཅིང་།།
    བཀའ་བཞིན་སྒྲུབ་པའི་མཆོད་པས་རབ་བསྙེན་ནས།།
    ཀུན་བཟང་མཆོད་མཆོག་རྒྱ་མཚོར་མཐར་སོན་ཤོག།

    Reply
  6. བཛྲ་སུ་མ་ཏི། says:
    ལོ་ 14 སྔོན།

    ཐུགས་རྗེ་ཆེ། ཡིག་ལན་གསལ་ཐག་ཆོད་བྲིས་བྱ། འདི་དང་འདི་འདྲའི་འབྲི་མཁན་དང་ཤོད་མཁན་རྣམས་ཀྱི་ཚིག་ཟུར་ཙམ་ཡང་ཐར་བ་མ་གཏོང་རོགས། ཐུགས་རྗེ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese