མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གནས་ཚུལ་གསལ་པོ་བརྡ་སྤྲོད་པ།

བོད་ཀྱི་དུས་བབ།
༢༠༡༢/༠༨/༢༠
Share on FacebookShare on TwitterShare on EmailShare on Whatsapp

ཟླ་བ་དོན་གྲུབ་ཨཱཅཱརྱ་པས་བྷེངྒལོར་ས་ཐོག་ནས།

༄༅།།  ཉེ་བའི་ཉིན་ཤས་སྔོན་ནས་རྒྱ་གར་ལྷོ་ཕྱོགས་(ཀརྞཊཀ)མངའ་སྡེའི་གྲོང་ཁྱེར་(བྷེངྒལོར་)གཙོ་བོར་གྱུར་པའི་ས་གནས་འགའ་རེའི་ནང་རྒྱ་གར་བྱང་ཤར་ནས་ཡིན་པའི་མི་མང་པོ་རང་གང་ནས་ཡོང་བའི་བྱང་ཤར་དུ་གནས་སྐབས་ཕྱིར་ལོག་བྱས་པའི་རྒྱུ་རྐྱེན་ནི།རྒྱ་གར་གྱི་གསར་ཤོག་(ཌེཀེནཀོརོནིཀལDeccan Chronicle)གྱི་ད་རིང་ ༢༠༡༢ ཟླ་ ༨ ཚེས་ ༡༩ འདོན་ཐེངས་ལྟར་ན། (བྷེངྒལོར)ཁུལ་གནས་སྡོད་བྱེད་པའི་རྒྱ་གར་བྱང་ཤར་ཁུལ་གྱི་མི་རྣམས་ལ་རང་ཡུལ་དུ་ཕྱིར་ལོག་བྱ་དགོས་པའི་སྡིགས་ར་སྐུལ་བའི་ལག་ཐོགས་འཕྲིན་ཐུང་བཏང་བ་ལ་བརྟེན་ནས་རྒྱ་གར་བྱང་ཤར་ནས་ཡིན་པའི་མི་དེ་ཚོར་འཇིགས་སྣང་དང་སེམས་ཁྲལ་བྱུང་ནས་མི་མང་པོ་ཞིག་མེ་འཁོར་ནང་ཚང་ཀ་ཤིག་ཤིག་རང་ཁོངས་བྱང་ཤར་དུ་བྲོས་ཕྱིན།

སྡིགས་ར་སྐུལ་བའི་ལག་ཐོགས་ཁ་པར་འཕྲིན་ཐུང་དེའི་འབྱུང་ཁུངས་(པཀིསིཐན)ནས་ཡིན་པ་དང་། དྲྭ་རྒྱའི་ཐོག་ཀྱང་འདྲ་དཔར་ལ་བཅོས་བསྒྲིགས་བྱས་ཏེ་བརྙན་དཔར་རྫུན་མའང་ཁྱབ་སྤེལ་བྱས་པའི་དཀྲོག་གཏམ་སྤེལ་མཁན་གྱི་འབྱུང་ཁུངས་ཀྱང་(པཀིསིཐན)ནས་ཡིན་པ་དང་། (བྷེངྒལོར)གྲོང་ཁྱེར་ནང་སྡིགས་ར་སྐུལ་བའི་འཕྲིན་ཐུང་བཏང་མཁན་དང་དྲྭ་རྒྱའི་དཔར་རྫུན་འགྲེམས་སྤེལ་དང་དཀྲོག་གཏམ་སྤེལ་མཁན་ནི་(བྷེངྒལོར)ས་ཁུལ་(ཀོརོམངྒལ)ནང་ལག་ཐོགས་ཁ་པར་བཟོ་བཅོས་ཚོང་ཁང་ཆུང་ཆུང་ཞིག་གི་དོ་བདག་གཞོན་ནུ་གཉིས་ཡིན་པ་དང་ཁོ་གཉིས་ཁ་ས་རེས་གཟའ་སྤེན་པའི་ཉིན་ས་གནས་ཉེན་རྟོག་པས་འཛིན་བཟུང་བྱས་འདུག

རྒྱ་གར་བྱང་ཤར་(ཨསཾ)མངའ་སྡེའི་ནང་ཁྱིམ་མཚེས་རྒྱལ་ཁབ་(བྷངླདེཤི)ནས་སྐྱབས་བཅོལ་བ་མང་པོ་ཡོང་བར་བརྟེན་ཡུལ་མི་ཨསཾ་པ་རྣམས་དང་ས་ཆ་དང་ལས་ཀ་སོགས་ཀྱི་ཐད་རྩོད་གཞི་བྱུང་བཞིན་པ་དང་། ཁྱིམ་མཚེས་ཡུལ་གཞན་(བྷརྨ)འི་ནང་ཆོས་ལུགས་ཐ་དད་ཅན་པའི་དབར་འཁྲུག་རྩོད་དང་ཕན་ཚུན་གསོད་རེ་བྱུང་བའི་གནས་ཚུལ་དེ་གཉིས་གཙོ་བོར་གཞི་བཅོལ་ནས། དཀྲོག་གཏམ་སྤེལ་མཁན་རྣམས་ཀྱིས་འཁྱོག་བཤད་དང་དཔར་རྫུན་བཅོས་བསྒྲིགས་དང་སྡིག་ར་བསྐུལ་བའི་འཕྲིན་ཐུང་བཏང་བའི་ལས་བརྩམས་པ་རེད།

རྒྱ་གར་དབུས་གཞུང་དང་(ཀརྞཊཀ)མངའ་སྡེའི་གཞུང་དང་(བྷེངྒལོར)ས་གཞུང་རྣམས་ཀྱིས་མི་མང་བདེ་འཇགས་ཆེད་དུ་ཉེན་རྟོག་པ་དང་སྐོར་སྲུང་བ་ཆེད་གཏོང་དང་། མི་མང་རྣམས་དཀྲོག་གཏམ་ལ་ཡིད་ཆེས་བྱ་མི་རུང་བ་དང་། དོན་མེད་འཇིགས་སྣང་བྱ་མི་དགོས་པའི་བསླབ་བྱ་བྱེད་མུས་དང་། འབྲེལ་ཡོད་ཚོགས་པ་ཁག་དང་ཆོས་ལུགས་ཀྱི་འགོ་ཁྲིད་རྣམས་ཀྱིས་ཀྱང་རང་ཁོངས་མི་མང་ལ་འཁྱོག་བཤད་དག་སེལ་གནང་མུས་སོགས་ཞི་བདེ་ལྷིང་འཇགས་དང་དམིགས་བསལ་གྱི་བྱང་ཤར་ཁུལ་ནས་ཡིན་པའི་མི་རྣམས་དང་དེའི་ཞོར་ལ་བྱང་ཤར་མི་རྣམས་དང་གདོང་གཞི་མཚུངས་པའི་མི་རྣམས་དང་དེ་རྣམས་ཀྱི་སྡོད་གནས་ས་ཁུལ་དུ་དམིགས་བསལ་གྱི་སྐོར་སྲུང་བ་ཆེད་བཙུག་གནང་བཞིན་ཡོད།

མཆན།

༡༽རྒྱ་གར་བྱང་ཤར་ཁུལ་ཞེས་པ་ནི། རྒྱ་གར་གྱི་བྱང་ཤར་ཕྱོགས་གང་དུ་(ཨསཾ)མངའ་སྡེ་དང་། (ཨརུནཅལ)མངའ་སྡེ་དང་། (མེགྷལཡ)མངའ་སྡེ་དང་།

(ནཱགཱལེནྜི)མངའ་སྡེ་དང་། (མཎིཔུར)མངའ་སྡེ་དང་། (མིཛོརཾ)མངའ་སྡེ་དང་། (ཏིརིཔུར)མངའ་སྡེ་རྣམས་ཚུད་ཡོད། 

༢༽གནས་ཚུལ་གསལ་པོ་བརྡ་སྤྲོད་པ་འདི་ནི་ཆེད་མངགས་ཆོས་ལུགས་དང་མི་རིགས་དབྱེ་འབྱེད་ཀྱི་ཐ་སྙད་བེད་སྤྱོད་མ་བྱེད་པར་ཡུལ་ལ་ཞི་བདེ་ལྷིང་འཇགས་ཡོང་བའི་ཆེད་དུ་དམིགས་པའི་སྒོ་ནས་བྲིས་ཡོད།

༣༽གོང་གི་གནས་ཚུལ་འདི་ནི་ད་རིང་བར་གྱི་གནས་ཚུལ་ཙམ་དང་། གཙོ་བོ་ནི་རྒྱབ་ལྗོངས་ཀྱི་གནད་དོན་ཞུ་བ་ཡིན།

༤༽རང་རེའི་སྤྱི་ཚོགས་ནང་གནས་ཚུལ་ཇི་ཡིན་གསལ་པོ་གོ་རྟོགས་ཡོང་བའི་ཆེད་དུ་མ་བསྐུལ་དང་བླངས་ཀྱིས་གནས་ཚུལ་གསལ་པོ་བརྡ་སྤྲོད་པ་འདི་འགྲུལ་བཞུད་ངང་བྲིས་པ་ལགས་སོ།།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༤ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 2

  1. བློ་བཟང་ཚེ་རིང་། says:
    ལོ་ 14 སྔོན།

    གནས་ཚུལ་ཁུངས་ལྡན་དང་། གསལ་བོ་བཀོད་དགོས་པ་དེ་གལ་ཆེན་པོ་རེད།

    Reply
  2. ཤིག། says:
    ལོ་ 14 སྔོན།

    ཟླ་བ་དོན་གྲུབ་ལགས།
    ཁྱེད་ཀྱི་གསལ་བཤད་བྱས་པ་དེ་ཡག་པོ་འདུག།་ ཐུགས་རྗེས་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese