མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཆབ་མདོར་འཛིན་བཟུང་དང་དམ་དྲག

བོད་ཀྱི་དུས་བབ།
༢༠༡༢/༠༨/༢༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་ཆབ་མདོ་ས་ཁུལ་དུ་གཏེར་ཁ་སྔོག་འདོན་པར་ངོ་རྒོལ་བྱེད་མཁན་གྱི་བོད་མི་ཞིག་དམར་གསོད་དང་། གཞན་བོད་མི་ཁག་ཅིག་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག

ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་བའི་ཟླ་འགའི་སྔོན་རྒྱ་གཞུང་གི་གཏེར་ཁ་སྔོག་འདོན་རུ་ཁག་ཅིག བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་སྨར་ཁམས་རྫོང་མཆོད་རྟེན་ཤང་དུ་ཡོང་སྟེ་ས་གནས་སུ་གཏེར་ཁ་སྔོག་འདོན་བྱས་སྐབས། ས་གནས་མི་མང་གིས་ངོ་རྒོལ་འོག་རེ་ཞིག་མཚམས་འཇོག་བྱེད་དགོས་ཐུག་ཡོད་ཀྱང་། ཟླ་འདིའི་ཕྱི་ཚེས་༡༤ ཉིན་གཏེར་ཁ་སྔོག་འདོན་བྱེད་མཁན་ཚོ་ས་གནས་མི་མང་འདོད་མོས་ཡོད་མེད་ལ་མ་ལྟོས་པར་བསྐྱར་དུ་ས་གནས་སུ་ཡོང་སྟེ་གཏེར་ཁ་སྔོག་སྟབས།  ས་གནས་མི་མང་ ༡༠༠༠ བརྒལ་བས་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང་། སྐབས་དེར་ཉེན་རྟོག་པ་དང་དམག་མི་མང་པོ་ཡོང་སྟེ། མི་མང་ཁྲོད་གང་བྱུང་མེ་མདའ་བརྒྱབ་རྗེས་མིང་ལ་ཉི་མ་འབོད་པའི་བོད་མི་ཞིག་དམར་གསོད་བཏང་ཡོད་པ་མ་ཟད། ཕྱི་ཚེས་ ༡༥ ཉིན་གྱི་ངོ་རྒོལ་སྐབས་བོད་མི་ ༦ དང་། ཕྱི་ཚེས་ ༡༦ ཉིན་བོད་མི་ ༩ ། ཕྱི་ཚེས་ ༡༧ ཉིན་བོད་མི་ ༡༡ བཅས་འཛིན་བཟུང་དང་། ཟླ་འདིའི་ཕྱི་ཚེས་ ༢༢ བོད་མི་ཚེ་རིང་རྡོ་རྗེ་དང་སྙན་གྲགས། རྣམ་རྒྱལ་བཅས་གྲོང་ཚོ་ཁག་གི་མགོ་ཁྲིད་གསུམ་བཅས་ཁྱོན་བོད་མི་ ༢༩ འཛིན་བཟུང་བཀག་ཉར་བྱས་ཏེ། ད་ལྟའི་ཆར་བཀག་ཉར་འདྲི་བརྩད་བྱེད་ཀྱི་ཡོད་འདུག

ཉེ་ལམ་ངོ་རྒོལ་གྱི་ལས་འགུལ་བྱུང་རྗེས་ཆབ་མདོ་ས་ཁུལ་དང་སྨར་ཁམས་རྫོང་གི་ཉེན་རྟོག་པ་དང་ལས་བྱེད་བཅས་དང་།   གཞན། དམག་མི་ ༥༠༠ ཙམ་འགྲེམས་འཇོག་གིས་དམ་དྲག་ཤུགས་ཆེར་བྱེད་ཀྱིན་པ་མ་ཟད། ད་དུང་བོད་མི་ཁག་ཅིག་གི་མིང་ཐོ་འགོད་བྱས་ཏེ་འཛིན་བཟུང་བཀའ་རྒྱ་བསྒྲགས་ཡོད་སྟབས། བོད་མི་མང་པོ་ཞིག་རང་ཁྱིམ་དུ་འདུག་མ་ཐུབ་པར་རི་མགོར་བྲོས་བྱོལ་བྱས་ཡོད་འདུག  

གསར་འགོད་པ། དོན་གོ

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist