མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྨན་རྩིས་མཐོ་སློབ་ཀྱིས་ཧི་མ་ལ་ཡའི་རི་རྒྱུད་དང་ཕྱི་རྒྱལ་སློབ་མ་ ༤༣ ཙམ་སྐྱེད་སྲིང་།

བོད་ཀྱི་དུས་བབ།
༢༠༡༢/༠༨/༢༥
Share on FacebookShare on TwitterShare on EmailShare on Whatsapp

ངྷ་ས་དབུས་སྨན་རྩིས་མཐོ་སློབ་ཁང་གིས་ད་བར་ཧི་མ་ལ་ཡའི་རི་རྒྱུད་ཀྱི་སློབ་ཕྲུག་ ༢༠ དང་། ཨུ་རུ་སུའི་རྒྱལ་ས་མེག་སི་ཁོ་དང་ཐུ་ཝ་དང་ཁལ་མུག བྷི་རེ་ཡཱ་ཐི སོག་པོ། ཉི་ཧོང་། ཨ རི། ཀོ་རི་ཡ་བཅས་ཀྱི་སློབ་ཕྲུག་ ༢༣ ཙམ་ལ་བོད་ཀྱི་སྨན་རྩིས་སློབ་སྦྱོང་གི་མཐུན་རྐྱེན་སྤྲད་ཡོད་འདུག

    ངྷ་ས་དབུས་སྨན་རྩིས་མཐོ་སློབ་ཁང་ནི་ཕྱི་ལོ་ ༡༩༦༡ ལོར་གསར་དུ་བཙུགས་པ་ཞིག་ཡིན་འདུག་ལ། ད་བར་སྨན་རྩིས་མཐོ་སློབ་ཁང་གི་སྨན་གྱི་སྡེ་ཚན་ནང་། ཁྱོན་སློབ་ཕྲུག་ ༤༠༧ ཙམ་འཛུལ་ཞུཊ་བྱས་ཡོད་པའི་ཁྲོད་སློབ་ཐོན་སྨན་རམས་པ་ ༢༨༨ ཡོད་པ་དང་། རྩིས་ཀྱི་སློབ་མ་ ༨༢ ཙམ་འཛུལ་ཞུཊ་བྱས་ཡོད་པའི་ཁྲོད་སློབ་ཐོན་རྩིས་རམས་པ་ ༥༢ བྱུང་ཡོད་ཅིང་། དེ་དག་ཁྲོད་ཧི་མ་ལ་ཡའི་སྨན་རམས་པ་ ༡༦ དང་། ཕྱི་རྒྱལ་ཁག་ནས་སྨན་རམས་པ་ ༡༡ བཅས་སློབ་ཐོན་བྱུང་ཡོད་འདུག ད་ཆར་སྨན་རྩིས་མཐོ་སློབ་ནང་དགེ་ལས་ ༡༩ དང་། སྨན་གྱི་སློབ་ཕྲུག་ ༥༩ ། རྩིས་ཀྱི་སློབ་མ་ ༨ བཅས་ཡོད་པའི་ཁྲོད། ཨ་རི་བ་ ༡ དང་ར་ཤི་ཡའི་འོག་ཡོད་པའི་སོགས་རིགས་ ༣ ། ཀོ་རི་ཡ་ ༡ ། ཧི་མ་ལ་ཡའི་རི་རྒྱུད་ཀྱི་སློབ་མ་ ༤ བཅས་ཡོད་འདུག

    སྨན་རྩིས་མཐོ་སློབ་ཁང་གིས་དུས་ཡུན་ལོ་བཞིའམ་ལྔ་རེའི་མཚམས་སུ་སྨན་རྩིས་སློབ་མ་ཐེངས་རེ་བསྡུ་བཞིན་ཡོད་ཅིང་། ཡིག་རྒྱུཊ་ནང་ཞུཊ་མཁན་ཚོར་ཁྱད་མེད་དུ་འཛིན་རིམ་ ༡༢ ཀྱི་ཤེས་ཚད་ཐོག་སུམ་ཅུ་པ་དང་རྟགས་འཇུག སྤྱིར་བཏང་གི་ཤེས་བྱ། རྩོམ་ཡིག དབྱིན་ཡིག ངག་རྩལ་བཅས་ཀྱི་ཡིག་རྒྱུཊ་གཏོང་བཞིན་ཡོད་ལ། ཚན་རིག་སློབ་སྦྱོང་བྱས་མྱོང་མཁན་གྱི་སློབ་མ་ཚོར་བརྒྱ་ཆ་ ༥ དམིགས་བསལ་ཁ་སྣོན་དང་། སྤྱིའི་སྐར་གྲངས་བརྒྱ་ཆ་ ༥༠ ལོན་མཁན་དག་བང་རིམ་བཞིན་རྩེ་ཏོག་གིས་འདེམས་སྒྲུག་བྱེད་ཀྱི་ཡོད་འདུག སློབ་མ་བསྡུ་ཐེངས་རེར་བོད་ཕྱི་ནང་གཉིས་སུ་ས་མིག་ ༢༠ ཙམ་དང་། ཧི་མ་ལ་ཡའི་རི་རྒྱུད་ལ་དང་ཕྱི་རྒྱལ་ཁག་ལ་ས་མིག་ ༣ ། སྨན་རྩིས་ཁང་གི་ལས་བྱེད་ལ་ས་མིག་ ༢ བཅས་དང་། ཡིག་རྒྱུཊ་ཁོངས་ཚུད་མཁན་སློབ་ཕྲུག་ཚོར་ཟླ་རེར་སློབ་ཡོན་ཧིན་སྒོར་ ༣༠༠༠ ཙམ་སློབ་ཡོན་བསྡུ་བཞིན་ཡོད་ལ། དབུལ་ཕོངས་སློབ་མ་རེ་ཟུང་ལ་སློབ་ཡོན་རིན་མེད་ཐོག་འབུལ་བཞིན་ཡོད་འདུག

    ཟླ་འདིའི་ཕྱི་ཚེས་ ༤ ཉིན་འདི་གའི་གསར་འགོད་པ་ངྷ་ས་དབུས་སྨན་རྩིས་མཐོ་སློབ་ཁང་དུ་བསྐྱོད་དེ། མཐོ་སློབ་དེར་སློབ་སྦྱོང་བྱེད་བཞིན་པའི་ཕྱི་རྒྱལ་ཁག་གི་སློབ་ཕྲུག་དང་། ཧི་མ་ལ་ཡའི་རི་རྒྱུད་ནས་ཕེབས་པའི་སློབ་ཕྲུག་ཚོར་བོད་སྨན་ཐོག་དོ་སྣང་ཇི་ལྟར་སླེབས་མིན་སྐོར་རྒྱུས་ལོན་བྱས་ཡོད།  འཛིན་རིམ་དང་པོའི་ནང་སློབ་སྦྱོང་བྱེད་བཞིན་པའི་བུ་མོ་ཨིན་གྷ་ལགས་ནི། ཕ་ཡུལ་རཱ་ཤི་ཡ་ནས་ཡིན་ཞིང་། རྒྱ་གར་དུ་མ་ཡོང་སྔོན་ལ་རཱ་ཤི་ཡཱི་རྒྱལ་ས་མེག་སི་ཁོའི་ (Russian economic university) དཔལ་འབྱོར་སློབ་ཆེན་ནང་འཛིན་སྐྱོང་རིག་པའི་རམ་འབྱམས་ཐོན་ཡོད་འདུག ཁོང་མོས་ནུབ་ཕྱོཊ་པའི་སྨན་གཞུང་དུ། མིའི་ལུས་སེམས་གཉིས་ཀ་ལོཊ་སུ་བཞག་ཡོད་ཀྱང་། དོན་དངོས་ཐོག་མིའི་ལུས་སེམས་གཉིས་ལ་དམིཊ་བསལ་འབྲེལ་བ་ཡོད་པ་དང་། བོད་ཀྱི་གསོ་བ་རིག་པ་དེས་མིའི་ལུས་སེམས་གཉིས་ཀར་སྨན་བཅོས་བྱེད་ཐུབ་པ་དེ་ཡ་མཚན་ཅན་ཞིག་ཡིན་པ་དང་། ཁོ་མོས་བོད་སྨན་སྦྱངས་ཏེ་མ་འོངས་པར་བོད་ལུཊ་གསོ་རིག་གི་སྨན་པ་ཞིག་བྱ་འདོད་ཡོད་སྐོར་བརྗོད་སོང་།

བོད་སྨན་སློབ་སྦྱོང་བྱ་རྒྱུར་དཀའ་ངལ་ཡོད་མེད་དྲིས་པར། “ང་རང་དང་ཐོག་རྒྱ་གར་དུ་འབྱོར་སྐབས་བོད་སྐད་བོད་ཡིག་གང་ཡང་ཤེས་ཀྱི་མེད་ཀྱང་།བོད་ཀྱི་དཔེ་མཛོད་དང་སྨན་རྩིས་ཁང་དུ་ལོ་ཤས་རིང་བོད་ཡིག་སྦྱངས་ཏེ་གང་འཚམ་ཡར་རྒྱས་ཕྱིན་སོང་། ཡིན་ནའང་། བོད་ཡིག་དང་རཱ་ཤི་ཡའི་བརྡ་སྤྲོད་ཀྱི་འགྲོ་སྟངས་མི་འདྲ་བ་དང་བསམ་བློ་གཏོང་ཕྱོགས་མི་འདྲ་བའི་དབང་གིས་བོད་སྨན་སྦྱང་རྒྱུར་དཀའ་ངལ་ཆེན་པོ་འཕྲད་ཀྱི་འདུག བོད་ཀྱི་གསོ་བ་རིག་པའི་སློབ་ཚན་རྣམས་ཧ་ཅང་གོ་ཁག་པོ་ཡིན་པའི་ཐོག་བློར་འཛིན་བྱ་དགོས་ཀྱི་ཡོད་དུས། དུས་རྒྱུན་ཚིག་མཛོད་འདྲ་མིན་བཀླགས་ཏེ་གཞན་ལ་སྐད་ཆ་འདྲི་དགོས་ཀྱི་འདུག བོད་ཡིག་བོད་སྐད་ཡག་པོ་ཤེས་མཁན་ཞིག་ཡིན་ན། བོད་ལུཊ་སྨན་པ་བྱ་རྒྱུ་དེ་ལས་སླ་པོ་རེད་བསམ་གྱི་འདུག” ཅེས་བརྗོད།
སློབ་མཐར་ཕྱིན་ན་ག་རེ་གནང་རྩིས་ཡོད་མེད་དྲིས་པར། “མ་འོངས་པར་སློབ་གྲྭ་འཐོན་ན་ལོ་གཅིག་རིང་སྨན་རྩིས་ཁང་ནས་ཉམས་མྱོང་བསགས་རྗེས། ཕྱིར་རཱ་ཤི་ཡར་ལོག་སྟེ་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་ཞིག་འཛུཊ་ཐུབ་ན་བསམ་བསྡད་ཡོད། རཱ་ཤི་ཡའི་མང་ཚོགས་ནང་བོད་སྨན་ལ་དད་པ་དང་ཡིད་ཆེས་ཆེན་པོ་ཡོད་པ་རེད་ལ། ད་ལྟའི་ཆར་རཱ་ཤི་ཡའི་མངའ་ཁོངས་ནང་བོད་ལུཊ་སྨན་པ་རེ་ཟུང་མ་གཏོགས་ཡོད་པ་མ་རེད” ཅེས་བརྗོད། 

    འཛིན་རིམ་དང་པོའི་ནང་སློབ་སྦྱོང་བྱེད་བཞིན་པའི་ཨ་རིའི་སློབ་ཕྲུག་བུ་མོ་དེ་ནི། ཨ་རིའི་ཨེ་མོ་རེ་མཐོ་སློབ་ཀྱི་སྐྱེས་དངོས་མི་རྒྱུད་རིག་པའི་( Biological anthropology)འབུམ་རམས་པ་ཡིན་འདུག ཁོ་མོས་ “བོད་ཀྱི་གསོ་རིག་སློབ་སྦྱོང་བྱེད་དོན་གཙོ་བོ། ཕྱི་ལུཊ་སྨན་ནང་མིའི་ལུས་པོའི་ན་ཚ་མ་གཏོཊ་སེམས་ཀྱི་འཕྲོད་བསྟེན་ཐོག་དོ་སྣང་བྱེད་ཀྱི་མེད་ཀྱང་། བོད་ཀྱི་གསོ་བ་རིག་པས་མིའི་སྐྲན་ནད་དང་ནད་རྙིང་། སེམས་ནད། གྲིབ་ནད། འབྱུང་བོ་དང་གདོན་རིགས་སོགས་ལ་ཕན་གྱི་ཡོད་པ་དང་། ངས་ཨ་རིའི་ཨེ་མོ་རེ་མཐོ་སློབ་ཏུ་སྦྱངས་བའི་སྐྱེས་དངོས་དང་དངོས་ཁམས་སོགས་དང་བོད་སྨན་འབྲེལ་བ་ཆེན་པོ་འདུག ངའི་ཨ་ཕ་རུས་ཀོག་སྨན་པ་ཞིག་ཡིན། ཁོང་གོས་ཕྱི་ལུཊ་སྨན་པས་ཧ་མ་གོ་བའི་ན་ཚ་མང་པོ་ཡོད་པ་རེད། བོད་སྨན་སྦྱང་ཐུབ་ན་ཡག་པོ་འདུག་ཟེར་ནས་རྒྱབ་སྐྱོར་བྱས་སྟབས། ང་རང་བོད་ལུཊ་སྨན་པ་ཞིག་བྱ་རྒྱུའི་ཐག་གཅོད་བྱས་པ་ཡིན” ཅེས་བརྗོད། 

    བོད་སྨན་སྦྱང་རྒྱུར་དཀའ་ངལ་ཡོད་མེད་དྲིས་པར།“ ང་རང་གིས་ ༢༠༠༡ ལོར་ལྷ་ས་བོད་ལྗོངས་སློབ་གྲྭ་ཆེན་མོར་བོད་ཡིག་བོད་སྐད་སྦྱངས་བ་ཡིན་ལ། ན་ནིང་སཱ་རཱ་དང་མཚན་ཉིད་གྲྭ་ཚང་དུ་ཟླ་དྲུག་རིང་བོད་ཡིག་སྦྱངས་པ་ཡིན། བོད་པའི་སློབ་ཚན་ཁྲིད་སྟངས་དེར་གོམས་གཤིས་རྩ་བ་ནས་འཇགས་ཀྱི་མི་འདུག” ཅེས་བརྗོད་སོང་།

    མ་འོངས་པར་ག་རེ་གནང་རྩིས་ཡོད་མེད་དྲིས་པར། “ད་སྔ་སློབ་གྲྭ་མཐར་ཕྱིན་རྒྱུར་དུས་ཚོད་མང་པོ་ཡོད་ཀྱང་། སློབ་མཐར་ཕྱིན་ན་ཨ་རིར་ལོག་རྒྱུ་ཡིན། ཆབ་སྲིད་ཀྱི་དཀའ་ངལ་མ་འཕྲད་ན་ཨ་མདོ་ཟི་ལིང་ཨ་རུ་རཱ་སྨན་ཁང་དང་ལྷ་སའི་སྨན་རྩིས་ཁང་ལ་མཉམ་འབྲེལ་བྱས་ཏེ། བོད་སྨན་དང་ཕྱི་ལུཊ་སྨན་པའི་ལེཊ་ཆ་སྤེལ་རེས་ཀྱི་ལས་འཆར་ཞིག་གཏོང་ཐུབ་ན་བསམ་ཡོད། མ་གཞི། ཨ་རིར་བོད་སྨན་ཁང་ཞིག་འཛུཊ་དགོས་བསམས་ཀྱང་།བོད་སྨན་ལ་ཨ་རིའི་གཞུང་གི་ཁྲིམས་ཐོག་ནས་ངོས་ལེན་ཐོབ་མེད་སྟབས། ལག་བསྟར་ཐུབ་པ་ཁག་པོ་རེད།ཨ་རིའི་མངའ་སྡེ་སོ་སོའི་ཁྲིམས་ལུཊ་མི་འདྲ་བ་ཡིན་དུས། ཁཱ་ལི་ཧྥོར་ནི་ཡཱ་དང་སེན་ཧྥ་རན་སེ་སི་ཁོ། ཧཱ་ཝར་ཌི། ཨེ་མོ་རེ། ཝེ་སི་ཁིན་སི་སོཊ་གྲོང་ཁྱེར་ཁག་ཏུ་བོད་སྨན་བེད་སྤྱོད་གཏོང་ཆོག་གི་ཡོད་པ་ཙམ་ལས། ནེའུ་ཡོག་གཙོས་ས་ཁུལ་མང་པོ་ཞིག་གི་ནང་བོད་སྨན་འཚོང་འགྲེམས་བྱ་ཆོག་གི་མ་རེད། ངས་ཤེས་ཚོད་ལ་ཨ་རིའི་མང་ཚོགས་ཁྲོད་བོད་སྨན་ལ་དགའ་མོས་བྱེད་མཁན་མང་དུ་འགྲོ་བཞིན་འདུག” ཅེས་བརྗོད་སོང་།

    འཛིན་རིམ་ ༥ པར་སློབ་སྦྱོང་བྱེད་བཞིན་པའི་གྲྭ་ཨཱ་ཡན་ལགས་ནི། རཱ་ཤི་ཡའི་ཐུ་ཝ་མངའ་སྡེའི་སོག་རིགས་ཤིག་ཡིན་འདུག་ལ། ཁོང་རྒྱ་གར་དུ་མ་ཡོང་གོང་ས་གནས་སློབ་གྲྭ་( konderveyskayhigh school) ནང་འཛིན་རིམ་ ༡༢ ཐོན་ཡོད་འདུག ཁོང་གིས་བོད་སྨན་གྱིས་འགྲོ་བ་མིའི་རིགས་ལ་དབྱེ་བ་མེད་པར་ཕན་ཐོགས་ཀྱི་ཡོད་པ་མ་ཟད། སྔོན་ཆད་སོ་སོར་ཕོ་བའི་ནད་གཞི་ཕོག་སྐབས་བོད་སྨན་བཟས་ཏེ་དྲག་སྐྱེད་བྱུང་བ་ཡིན་སྟབས།  བོད་ལུཊ་སྨན་པ་བྱ་རྒྱུའི་འདུན་པ་དྲག་པོ་སྐྱེས་སོང་ཟེར། བོད་སྨན་སྦྱང་རྒྱུར་དཀའ་ངལ་ཡོད་མེད་དྲིས་པར། “ང་རང་རྒྱ་གར་དུ་ཐོག་མར་འབྱོར་སྐབས། གྲྭ་པ་བྱས་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ལོ་ ༤ རིང་བོད་ཡིག་དང་ནང་ཆོས་སྦྱངས་པ་ཡིན། ༢༠༠༧ ལོར་ཡིག་རྒྱུཊ་ལམ་ནས་སྨན་རྩིས་ཁང་དུ་ཞུཊ་པ་རེད། ལོ་རིམ་དང་པོ་དང་གཉིས་པའི་སྐབས་བོད་ཡིག་ཡག་པོ་མ་ཤེས་པའི་དཀའ་ངལ་ཆེན་པོ་འཕྲད་སོང་། བོད་ཀྱི་གསོ་བ་རིག་པ་ནི་རིག་གནས་ཆེ་བ་ལྔའི་ཡ་གྱལ་ཡིན་སྟབས། ཧ་ཅང་གོ་ཁག་པོ་དང་གཏིང་ཟབ་པོ་ཞེ་དྲག་རེད། དེའི་ཐོག་སྨན་གཞུང་གི་རྩ་བ་དང་འགྲེལ་བ་རྣམས་ངག་སྐྱོར་གཏོང་དགོས་དུས་དཀའ་ངལ་ཡང་ཡང་འཕྲད་ཀྱི་འདུག ད་ལྟ་སྔོན་མ་དང་བསྡུར་ན་ཡར་རྒྱས་ཕྲན་བུ་ཕྱིན་ཡོད་ཀྱང་། ད་དུང་ཡང་སྨན་གཞུང་གི་གོ་བ་ཆ་ཚང་ལོན་མ་ཐུབ་པའི་དཀའ་ངལ་འདུག” ཅེས་བརྗོད་སོང་། མ་འོངས་པར་ག་རེ་གནང་རྩིས་ཡོད་མེད་དྲིས་པར། “སློབ་མཐར་ཕྱིན་ན། ང་རང་ཕ་ཡུལ་ཐུ་ཝའི་བརྩེ་ཆེན་གླིང་དགོན་པར་ཕྱིར་ལོག་སྟེ་དེ་གར་བོད་ལུཊ་སྨན་པ་བྱ་རྒྱུ་ཡིན། ཐུ་ཝ་མང་ཚོགས་ནང་བོད་སྨན་ལ་དད་པ་དང་ཡིད་ཆེས་ཆེན་པོ་རེད་ལ། ས་གནས་མང་ཚོགས་ནང་སྨན་རྩིས་ཁང་ནས་ནང་འདྲེན་ཞུས་པའི་ཕོ་བ་དང་མཆིན་པའི་གཉན་ཚད་ཀྱི་སྨན་ཟ་མཁན་མང་པོ་ཡོད། རཱ་ཤི་ཡའི་གཞུང་གིས་བོད་སྨན་ལ་ཁྲིམས་མཐུན་ངོས་ལེན་མེད་ཀྱང་། ཐུ་ཝ་མང་ཚོགས་ཀྱིས་བོད་སྨན་ནི་སོ་སོའི་ཕ་མེས་ནས་བརྒྱུད་པའི་སྨན་ཡིན་ཟེར་ནས་བེད་སྤྱོད་གཏོང་བཞིན་འདུག” ཅེས་བརྗོད་སོང་།

འཛིན་རིམ་ ༥ པར་སློབ་སྦྱོང་བྱེད་བཞིན་པའི་ཨོ་ཤེ་ཝཱ་ཏོ་ཧྲི་ལཊ་ནི། རཱ་ཤི་ཡའི་ཁཱལ་མུག་སྤྱི་མཐུན་ནས་ཡིན་པའི་སོག་རིཊ་ཤིག་ཡིན་པ་དང་། ཁོང་རང་ལོ་ ༨ སོན་མ་ཐག་ནས་རྒྱ་གར་དུ་སློབ་སྦྱོང་ལ་ཡོང་བ་ཞིག་འདུག ཁོང་གིས་ཕ་ཡུལ་དུ་སྔོན་མ་ནས་བོད་སྨན་བེད་སྤྱོད་ཀྱི་ཡོད་པ་མ་ཟད། བོད་སྨན་ནི་རང་གི་ཕ་མེས་ཀྱི་སྨན་ལ་ངོས་འཛིན་བྱས་ཏེ་བརྩི་མཐོང་ཆེན་པོ་བྱེད་ཀྱི་ཡོད་ལ། ཆུང་དུས་ཁོང་ལ་ནད་གཞི་ལྕི་མོ་ཞིག་ཕོག་སྐབས། བོད་སྨན་ཟོས་ཏེ་དྲག་སྐྱེད་བྱུང་བས་བོད་སྨན་ལ་སྔར་ལས་ཡིད་ཆེས་སྐྱེས་སོང་ཟེར། བོད་སྨན་སྦྱང་རྒྱུར་དཀའ་ངལ་ཡོད་མེད་དྲིས་པར། “ང་རང་ ༡༩༩༣ ལོར་རྒྱ་གར་དུ་ཐོག་མར་འབྱོར་བ་ཡིན། སྐབས་དེར། ཏེ་ལོ་རིན་པོ་ཆེ་མཆོག་གིས་ང་ཚོ་ཁལ་མུག་ནས་ཡིན་པའི་བྱིས་པ་ ༥ རྒྱ་གར་དུ་ཁྲིད་ཡོང་སྟེ་ངྷ་སྟེང་བོད་ཁྱིམ་དུ་སློབ་འཇུག་བྱས་ཀྱང་། རོགས་པ་ཚོ་རྒྱུ་མཚན་འདྲ་མིན་གྱི་ཐོག་ནས་ཕྱིར་ཕ་ཡུལ་དུ་ལོག་པ་རེད། ང་རང་ངྷ་སྟེང་བོད་ཁྱིམ་དུ་འཛིན་རིམ་བཅུ་གཉིས་བར་ཕྱིན་རྗེས་སྨན་རྩིས་མཐོ་སློབ་ཏུ་འཛུལ་བ་ཡིན། གསོ་བ་རིག་པ་དེ་རིག་གནས་ཆེ་བའི་གྲས་ཡིན་དུས། གཞུང་གི་གོ་བ་ཏག་ཏག་ལེན་མ་ཐུབ་པའི་དཀའ་ངལ་དང་གཞུང་གི་རྩ་བ་བློར་འཛིན་དགོས་པ་བཅས་ཀྱི་དཀའ་ངལ་མི་ཉུང་བ་ཞིག་འཕྲད་སོང” ཅེས་བརྗོད་བྱུང་།

    མ་འོངས་པ་ག་རེ་གནང་རྩིས་ཡོད་མེད་དྲིས་པར། “ད་ལོར་སློབ་མཐར་ཕྱིན་རྗེས་ཏེ་ལོ་རིན་པོ་ཆེ་མཆོག་གི་དགོངས་གཞི་ལྟར་ཕ་ཡུལ་དུ་ལོག་སྟེ་སྨན་པ་བྱ་རྒྱུ་ཡིན། ཁལ་མུག་ནང་བོད་སྨན་ཁང་ཚང་མ་དགོན་པའི་སྟངས་འཛིན་འོག་ཡོད་པ་རེད། ད་ཆར་སྨན་རྩིས་ཁང་ནས་ཐོན་པའི་ངའི་ངོ་ཤེས་སྨན་པ་ཞིག་གིས་མང་ཚོགས་ལ་སྨན་བཅོས་བྱེད་ཀྱི་འདུག་ཀྱང་། བོད་སྨན་མང་ཆེ་བ་ངྷ་ས་སྨན་རྩིས་ཁང་ནས་འཁྱེར་ཡོང་བ་རྐྱང་རེད” ཅེས་བརྗོད་བྱུང་།

འཛིན་རིམ་ ༥ པར་སློབ་སྦྱོང་བྱེད་བཞིན་པའི་འཕྲིན་ལས་རྣམ་རྒྱལ་ལཊ་ནི་ལ་དྭགས་ནས་ཡིན་ཞིང་། ཆུང་དུས་ནས་བོད་ཁྱིམ་སློབ་གྲྭ་ཁག་ཏུ་སློབ་སྦྱོང་གནང་ཡོད་འདུག ཁོང་གིས་ “བོད་ཀྱི་གསོ་བ་རིག་པ་འགྲོ་བ་མིའི་རིཊ་ཚང་མར་ཕན་ཐོགས་པ་ཞིག་དང་། ཁོང་གི་པ་ལཊ་ཀྱང་བོད་ལུཊ་སྨན་པ་ཞིག་ཡིན་སྟབས། ཆུང་དུས་ནས་བོད་སྨན་ལ་བག་ཆགས་ཆེན་པོ་ཡོད་ ” ཟེར། བོད་སྨན་སྦྱང་རྒྱུར་དཀའ་ངལ་ཡོད་མེད་དྲིས་པར། ངས་འཛིན་རིམ་ ༡ ཉནས་ ༡༢ བར་ལ་དྭཊ་བོད་ཁྱིམ་དང་མཱ་སུ་རི་གཏན་སློབ། དེ་ནས་སཱ་རཱ་མཐོ་སློབ་བཅས་སུ་སློབ་སྦྱོང་བྱས་པ་ཡིན། སྨན་རྩིས་མཐོ་སློབ་ནང་བོད་ཡིག་ཐོག་དམིཊ་བསལ་དཀའ་ངལ་ཆེན་པོ་འཕྲད་མ་སོང་། དཀའ་ངལ་གཅིག་ནི་བརྩོན་འགྲུས་ཀྱི་མ་འདང་བ་དང་གཞུང་གི་གོ་བ་ཆ་ཚང་ལེན་མ་ཐུབ་པའི་དཀའ་ངལ་དེ་རེད།བོད་སྨན་སྦྱོང་མཁན་ཞིག་ལ་མཚོན་ན། བརྩོན་འགྲུས་ནི་ཆ་རྐྱེན་དང་པོ་དེ་རེད” ཅེས་བརྗོད་བྱུང་།

    མ་འོངས་པར་ག་རེ་གནང་རྩིས་ཡོད་མེད་དྲིས་པར། “སློབ་གྲྭ་མཐར་ཕྱིན་རྗེས་ཐོག་མར་སྨན་རྩིས་ཁང་དུ་ལོ་ཤས་རིང་སྨན་པ་རྒན་པ་ཚོའི་མདུན་ནས་ལམ་སྟོན་ཞུས་ཏེ་ཉམས་མྱོང་བསགས་རྗེས་ལ་དྭགས་སུ་ལོག་དགོས་བསམ་ཡོད། ད་ཆར་ལ་དྭགས་ནང་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་ ༢ དང་། སྨན་རྩིས་མཐོ་སློབ་ནས་ཐོན་པའི་སྨན་པ་ ༡༠ གྲངས་ཤིག་གིས་ལས་ཀ་བྱེད་ཀྱི་ཡོད་པ་རེད” ཅེས་བརྗོད་སོང་།

གསར་འགོད་པ། དཔལ་ལྡན།

༼ གོང་གི་གསར་འགྱུར་འདི་བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བཀོད། ༽

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

ཆུ་ཚོད་ ༡༤ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese