མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་པ་ཚོས་རི་མགོར་དར་ལྕོག་དང་རྡོ་ལ་མ་ཎི་བརྐོ་མི་ཆོག

བོད་ཀྱི་དུས་བབ།
༢༠༡༢/༠༨/༢༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ངྷ་ས་དེ་དོན་ཚོགས་ཁང་དུ་ཀཱང་ར་རྫོང་གི་རྫོང་དཔོན་གཞོན་པས་གསལ་བསྒྲགས་ཤིག་སྤེལ་ཏེ། ཉེ་ཆར་སིམ་ལ་མཐོ་རིམ་ཁྲིམས་ཁང་གིས་མཚོ་པདྨ་དང་ངྷ་རམ་ས་ལ་གཙོས་པའི་སྤྱི་དམངས་ལ་བདག་པའི་ཁོར་ཀུན་ལ་རླུང་རྟ་དང་དར་ལྕོག་འདོག་པ། རྡོ་ལ་རྐོ་རྒྱག་པ་དང་མཚོན་རིས་འབྲི་བ་སོགས་བྱེད་མི་ཆོག་པའི་ཐག་གཅོད་བྱས་ཡོད་ཟེར།

དེ་རིང་ཉིན་གུང་ཆུ་ཚོད་ ༡༢ དང་ཕྱེད་ཀའི་སྟེང་། ངྷ་ས་ས་གནས་མགོ་འཛིན་ལས་ཁུངས་ཀྱི་གོ་སྒྲིག་འོག ཁོར་ཡུག་ཚོགས་པའི་ཚོགས་ཁང་དུ་ངྷ་སའི་ཉེ་འཁོར་དུ་ཡོད་པའི་བོད་པའི་སློབ་གྲྭ་ཁག་དང་དགོན་པ། ཚོགས་སྐྱིད་ཁག་གི་འགན་འཛིན་བཅས་མི་གྲངས་ ༣༠ ཡས་མས་ཤིག་འབོད་འགུག་གིས། ཀཱང་ར་རྫོང་གི་རྫོང་དཔོན་གཞོན་པ་སྐུ་ཞབས་སན་ཌེ་པི་(Sandeep Sood) ལགས་ཀྱིས། ཉེ་ཆར་སིམ་ལ་(Shimla) མཐོ་རིམ་ཁྲིམས་ཁང་གིས་ངྔ་རམ་ས་ལ་དང་མཚོ་པདྨ་གཙོ་བོར་གྱུར་པའི་མན་ཌེ་(Mandi) དང་ཀང་རཱ་(Kangra)རྫོང་གཉིས་ཀྱི་ཁོངས་སུ་ཡོད་པའི་བོད་མིའི་འདུས་སྡོད་ཁག་ཏུ་སྤྱི་དམངས་ལ་བདག་པའི་ཤིང་ནགས་དང་རི་སྒང་སོགས་སུ་གང་བྱུང་ཤོག་བུའི་རླུང་རྟ་གཏོར་བ་དང་། རས་ཀྱི་དར་ལྕོགས་འདོག་པ་དང་རྡོ་ལ་རྐོ་རྒྱག་པ་སོགས་བྱ་མི་ཆོག་པའི་ཐག་གཅོད་བྱས་ཡོད་པའི་བཀའ་རྒྱ་ཁྱབ་བསྒྲགས་བྱས་སོང་།

སྐབས་དེར་རྫོང་དཔོན་སན་ཌེ་པི་ལགས་ཀྱིས་བརྗོད་པ་ལྟར་ན། ཁྲིམས་ཁང་གི་ཐག་གཅོད་དེ་ནི་བོད་པ་ཚོ་དམིགས་འབེན་དུ་བཟུང་པ་དང་བོད་མིའི་ཆོས་དད་དང་རིག་གཞུང་ལ་བརྩི་བཀུར་མ་བྱས་པ་ཞིག་མིན་པར། དེ་ནི་རྒྱ་གར་གྱི་ཁྲིམས་ལུགས་ནང་སྤྱི་དམངས་ཀྱི་རྒྱུ་དངོས་ལ་སྲུང་སྐྱོབ་ཅེས་པའི་ཁྲིམས་གཞིའི་འོག་ཐག་གཅོད་བྱས་པ་ཞིག་དང་། བོད་པ་གཅིག་པུ་མིན་པར་རྒྱ་གར་ཡུལ་མི་ལའང་ཁྲིམས་ལུགས་དེ་གཅིག་མཚུངས་ལག་བསྟར་བྱེད་ཀྱི་ཡོད་པ། གལ་སྲིད་བོད་མི་ཚོས་ཆོས་དད་དང་རིག་གཞུང་གི་བྱེད་སྒོ་དེའི་རིགས་སྤེལ་དགོས་ན་སོ་སོའི་ནང་དང་། སོ་སོར་བདག་པའི་ས་ཆའི་སྟེང་སྤེལ་རྒྱུ་ལས། སྤྱི་དམངས་ལ་བདག་པའི་ཤིང་ནགས་ནང་གང་བྱུང་རླུང་རྟ་དང་དར་ལྕོག་འདོག་པ། རྡོ་ལ་མ་ཎི་རྐོ་བ་དང་མཚོན་རྩི་འདྲི་མིན་གྱིས་ཐང་ག་དང་རི་མོ་སོགས་འབྲི་བའི་རིགས་བྱ་མི་ཆོག་ཚུལ་བརྗོད་སོང་།

སན་ཌེ་པི་ལགས་ཀྱིས་གཙུག་ལག་ཁང་གཡས་གཡོན་དང་ལྷ་རྒྱལ་རི་སོགས་ནི་མི་སྒེར་བའི་མིང་ཐོག་ན་ཡོད་སྟབས། དམིགས་བསལ་དཀའ་ངལ་འཕྲད་མི་སྲིད་ཀྱང་། གཙོ་བོ་མེག་གྷན་གྱི་རི་ངོས་སོགས་སུ་དར་ལྕོག་དང་རླུང་རྟ་འདོག་པ། རྡོ་ལ་རྐོ་རྒྱག་པ་དང་མཚོན་གཏོང་པའི་རིགས་བྱ་མི་ཆོག་ཚུལ་དང་། མི་འགྱངས་པར་སྤྱི་དམངས་ལ་བདག་པའི་ཤིང་ནགས་སོགས་སུ་དར་ལྕོག་དང་རླུང་རྟ་བཏགས་ཡོད་རིགས་ཕྱིར་བསྡུ་གཙང་མ་བཟོ་སྟབས། བོད་མི་ཚོའི་ཆོས་དད་ལ་ཕོག་ཐུག་བཟོ་བཞིན་ཡོད་པའི་སེམས་ཚོར་མི་ཡོང་པ་བྱ་དགོས་པ་དང་། དེ་ནི་ཡུལ་ཁྲིམས་ཡིན་སྐོར་བརྗོད་སོང་།

སྤྱི་དམངས་ལ་བདག་པའི་རྒྱུ་དངོས་ཟེར་པ་ནི། མི་སྒེར་སུ་ལའང་མ་བདག་པའི་རི་ཆུ་ནགས་གསུམ་ལ་ཟེར་གྱི་ཡོད་ཅིང་། ཐེངས་འདིའི་སིམ་ལ་མཐོ་རིམ་ཁྲིམས་ཁང་གི་ཐག་གཅོད་དེ་ནི། ད་ལོའི་ཕྱི་ཟླ་ ༧ ཚེས་ ༡༣ ཉིན་མན་ཌེ་རྫོང་ཁོངས་མཚོ་པདྨ་ནས་ཡིན་པ་རྒྱ་གར་བ་ཞིག་གིས་ཁྲིམས་གཏུག་བྱས་པ་ལ་བརྟེན་ནས་ཐག་གཅོད་བྱས་པ་ཞིག་ཡིན་པ་དང་། ཁྲིམས་ཁང་གི་བཀའ་རྒྱའི་ཡིག་ཆའི་ནང་། ཁྲིམས་ཁང་གི་ཐག་གཅོད་འདི་ད་ལོའི་ཕྱི་ཟླ་ ༡༠ ཚེས་ ༣༡ ནས་ལག་བསྟར་བྱ་དགོས་ཡོད་པར་བཀོད་འདུག

ངྷ་ས་ས་གནས་མགོ་འཛིན་བསོད་ནམས་རྡོ་རྗེ་ལགས་ཀྱིས་བརྗོད་པ་ལྟར་ན། གོང་གི་ཐག་གཅོད་དེ་བྱུང་རྗེས་དབུས་བོད་མིའི་སྒྲིག་འཛུགས་དང་ས་གནས་བདེ་དོན་ལས་ཁུངས་ཀྱིས་ཁྲིམས་ཁང་གི་བཀའ་རྒྱ་དྲིལ་བསྒྲགས་ལག་བསྟར་བྱ་དགོས་སྐོར་བརྗོད་བྱུང་པར། དེ་ནི་འབྲེལ་ཡོད་ཁྲིམས་ཁང་དང་རྫོང་གིས་ཐག་གཅོད་བྱས་པ་ཞིག་ཡིན་སྟབས་ཁོ་རང་ཚོ་ཡོང་ན་ལེགས་ཚུལ་བརྗོད་པ་ལྟར་ཡོང་པ་ཞིག་ཡིན་སྐོར་བརྗོད་བྱུང་ལ། ཡང་ཁོང་གིས་བོད་མི་ཚོས་སོ་སོ་གནས་ཡུལ་གྱི་ཁྲིམས་ལ་བརྩི་སྲུང་བྱ་དགོས་པའི་འབོད་སྐུལ་གནང་སོང་།

གཞན་གོང་གི་ཁྲིམས་གཏུག་བྱེད་མཁན་དེས། ངྷ་སའི་ཟློས་གར་ཚོགས་པའི་ལམ་རྒྱུད་དུ་ཡོད་པའི་བོད་མིའི་ཁྱིམ་ཚང་༢༠༠ ལྷག་སྤྱི་དམངས་ལ་བདག་པའི་ཤིང་ནགས་ནང་ཁྲིམས་འགལ་ཐོག་སྡོད་ཁང་བརྒྱབ་ཡོད་པའི་ཁྲིམས་གཏུག་བྱས་ཡོད་པ་ལྟར། སིམ་ལ་མཐོ་རིམ་ཁྲིམས་ཁང་གིས་སྡོད་ཁང་དེ་དག་ ༢༠༡༣ ལོའི་ཕྱི་ཟླ་ ༣ ཚེས་ ༣༡ བར་གཙང་ཤིག་བྱ་དགོས་པའི་ཐག་གཅོད་ཀྱང་བྱས་ཡོད་འདུག

ཟློས་གར་ཚོགས་པའི་ལམ་རྒྱུད་དུ་ཡོད་པའི་བོད་པའི་ཁྱིམ་ཚང་མང་པོ་ཞིག་གཙང་ཤིག་བྱ་དགོས་པའི་བཀའ་རྒྱ་དེའི་སྐོར་ལ་གསར་འགོད་པས་ངྷ་ས་གནས་མགོ་འཛིན་བསོད་ནམས་རྡོ་རྗེ་ལགས་སུ་བསྐྱར་དུ་བཀའ་འདྲི་ཞུས་པར་ཁོང་གིས། ཁྲིམས་གཏུག་བྱེད་མཁན་གྱིས་བོད་པའི་ཁྱིམ་ཚང་དེ་དག་དམིགས་འདོན་བྱས་ཡོད་ཀྱང་། གནད་དོན་དེ་བོད་པ་གཅིག་པུ་མིན་པར་ད་སྔ་མན་ཌེ་དང་ཀང་རཱ་རྫོང་གཉིས་ཀྱི་ཁོངས་སུ་གནད་དོན་དེ་འདྲ་ ༡༠༠༠ ལྷག་ཙམ་བྱུང་ཡོད་པའི་ཁྲོད་བོད་པ་ ༢༡༥ ཡོད་འདུག གལ་སྲིད་བཀའ་རྒྱ་དེ་ལག་བསྟར་བྱ་དགོས་ཚེ་གོང་གི་གནད་དོན་ ༡༠༠༠ ལྷག་ཙམ་ཡོད་པ་ཚང་མ་གཅིག་མཚུངས་ཐོག་ལག་བསྟར་བྱ་དགོས་པ་ཡོང་གི་རེད། ད་ལྟའི་ཆར་ངྷ་ས་བདེ་དོན་ལས་ཁུངས་དང་འབྲེལ་ཡོད་ཚོས་གནད་དོན་དེའི་ཐད་ཞུ་གཏུག་བྱེད་བཞིན་ཡོད་པ་དང་། སིམ་ལ་ཁྲིམས་ཁང་གི་ཐག་གཅོད་དེར་ཞུ་གཏུག་སོགས་ཀྱི་ལམ་ཁ་གཞན་གཅིག་ཀྱང་མེད་པ་དེ་འདྲ་མིན་སྟབས། ཐབས་ཤེས་བྱ་དགོས་པ་ཚང་མ་བྱ་རྒྱུ་ཡིན་སྐོར་བརྗོད་བྱུང་།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 10

  1. དེད་དཔོན། says:
    ལོ་ 14 སྔོན།

    རི་སྟེང་དུ་རླུང་དར་འཛུགས་མི་ཆོག་པ་དང་ལྷག་པར་དུ་ཤིང་སྡོང་ཐོག་ཏུ་ ་རླུང་རྟ་དང་དར་ལྕོག་འདོག་མི་ཆོག་པ་འདིར་རྒྱུ་མཚན་ཡོད། དཔེར་ན་མེ་ཏོག་ཐོག་ཏུ་སྐུད་པ་བཏགས་ཏེ་ཡར་འཐེན་མར་འཐེན་བྱས་ན་མེ་ཏོག་དེ་ཉིད་སྐམ་སྟེ་འཕྲོ་བརླག་ཏུ་འགྲོ་བ་བཞིན་ཤིང་སྡོང་ལ་དར་ལྕོག་བཏགས་ཏེ་ཡར་འཐེན་མར་འཐེན་བྱས་ན་སྐྱེ་དངོས་ཤིང་རིགས་རྣམས་ལ་ཤིན་ཏུ་གནོད། དེས་ན་སྐྱེ་དངོས་འཁོར་ཡུག་ལ་གནོད་པའི་ལས་ཤིག་ཡིན་ན་དགེ་བ་དང་སྡིག་པ་གང་ཡིན་ཆ་མི་འཚལ་བ་ལྟ་བུ་ཡིན། ཤིང་སྡོང་རེ་རེའི་རིན་ཐང་བསམ་གྱིས་མི་ཁྱབ་སྟེ་ཨེ་ཌི་ནིས་ཤའི་ཚན་རིག་པ་ཞིག་གིས་ཤིང་སྡོང་གཅིག་གི་རིན་ཐང་ཞིབ་འཇུག་བྱས་ཏེ་གཏན་ལ་ཕབ་དོན་ལ་ཤིང་སྡོང་གཅིག་གི་རིན་ཐང་ནི་ཨ་སྒོར་ཁྲི་༢༣་ཡིན་ཟེར། དེ་ལ་རྒྱུ་མཚན་ཡོད་དེ་ཤིང་སྡོང་གཅིག་གིས་མི་ལྔ་ཡི་ཚེ་སྲོག་སྐྱེད་སྲིང་བྱེད་པ་དང་། དེ་བཞིན་ས་ཡོམས་དང་། ས་རུད། ཆུ་ལོག་སོགས་རང་བྱུང་གི་འཇིག་པ་ཕལ་མོ་ཆེ་ཤིག་རིགས་དག་གིས་སྔོན་འགོག་དང་སྲུང་སྐྱོབ་བྱེད་ཀྱི་ཡོད་ན་དེ་ལ་གནོད་པའི་ལས་ཤིག་བྱས་ན་དགེ་སྡིག་གང་ཡིན་བཤད་ཁག་པོ་རེད། རང་བྱུང་གིས་འཇིག་པ་རེ་འགའ་ཡོང་དུས་སྐྱེ་འགྲོ་ག་ཚད་ཀྱི་ཚེ་སྲོག་ལ་གནོད་པ་བྱེད་ཀྱི་འདུག་དེ་དག་ལ་ཐུགས་བསམ་བཞེས་ཏེ་ད་སྐབས་བོད་རིགས་སྤུན་ཟླ་རྣམས་ཀྱིས་ཆོས་སྲིད་ཀྱི་གནད་མཁྱེན་པའི་ཐོག་ནས་ལག་ལེན་དོན་མཐུན་གནང་རོགས་ཞུ།
    དཔེར་ན་ནུབ་ཕྱོགས་དམངས་གཙོའི་ལུང་པར་ཡང་རི་སྟེང་སོགས་ས་སྟེང་གང་དུ་ཡང་དར་ལ་སོགས་པ་མཐའ་ན་ཤོག་བུ་གཅིག་ཀྱང་དབྱུགས་མི་ཆོག་པས་ཚང་མས་འགན་མཉམ་འཁུར་གྱིས་རི་མགོ་ཚང་མ་གཙང་མ་ཉར་ཐུབ་ཡོད་པ་རེད་དེ་ཡང་ཆོས་དང་འཇིག་རྟེན་གཉིས་ཀ་དང་མཐུན་པ་ཡིན།

    Reply
  2. གསེར་འབྲུག་སྡེར་ལྔ་ says:
    ལོ་ 14 སྔོན།

    ཡང་འདི་ན་ཁུག་རྟ་ཁ་ནག་འདིས་མ་རྩོམ་དང་འབྲེལ་མེད་དོན་གཞན་གྱིས་ནང་ཁུལ་དབྱེན་དཀྲུག་གི་མཆན་བཏབ་པ་འདིས་དྲ་བའི་སྒྲིག་གཞི་འགལ་བས་དྲ་བའི་སྒྲིག་གཞི་ལ་བརྩི་བསྲུང་མི་བྱེད་པའི་རྒྱུ་མཚན་གང་ཡིན་ནམ། ཁོས་ག་དུས་ཡིན་ན་ཡང་ལམ་དབུ་མའི་ནད་རྙིང་དེ་དྲ་སྟེང་དུ་དྲུད་གང་ཐུབ་བྱེད་ཀྱི་མི་འདག་གས།

    རི་སྟེང་དུ་རླུང་དར་འཛུགས་མི་ཆོག་པ་དེ་རྒྱབ་སྐྱོར་ཡོད། འཁོར་ཡུག་རང་བཞིན་གཙང་མ་འཇོག་དགོས་པ་དེ་ང་ཚོ་ཚང་མའི་ལས་འགན་རེད། རི་སྟེང་དུ་རླུང་དར་བཙུགས་ནས་རླུང་རྟ་སྐྱེད་རྒྱུ་ཡོད་ན་སྔ་ས་ནས་སྐྱེད་ཚར་ཚོད་ཡིན། ང་ཚོའོ་རླུང་རྟ་ལ་གཅིག་ལྟོས་དང་མར་འགྲོའི་སྒང་ལ་ཁྱི་ལས་ཞི་མིས་སྡང་བ་མ་རེད་པས། རླུང་རྟ་འཕེལ་འདོད་ན་ནང་ཁུལ་དབྱེན་སྦྱོར་དང་ཕྲག་དོག་གིས་འགལ་ཟླ་བཟོ་གང་ཐུབ་མ་བྱེད་པར་མཉམ་གནས་དང་རྣམ་པ་འདྲ་མིན་ཐོག་ནས་གཡས་གཡོན་ཚང་མ་ནས་འཕྱར་བ་གྲུ་སྟེགས་གནང་དགོས་པ་རེད་ལ། ནང་སེམས་སོལ་བ་ནང་བཞིན་འཁྱེར་རྒྱུ་མེད་པ་དེ་རེད།
    དཔེར་ན་ནུབ་ཕྱོགས་དམངས་གཙོའི་ལུང་པར་ཡང་རི་སྟེང་སོགས་ས་སྟེང་གང་དུ་ཡང་དར་ལ་སོགས་པ་མཐའ་ན་ཤོག་བུ་གཅིག་ཀྱང་དབྱུགས་མི་ཆོག་པས་ཚང་མས་འགན་མཉམ་འཁུར་གྱིས་རི་མགོ་ཚང་མ་གཙང་མ་ཉར་ཐུབ་ཡོད་པ་རེད།

    Reply
  3. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    ༧གོང་ས་སྐྱབས་མགོན་ཆེན་པོའི་བཀའ་སློབ་དག་ལ་མཇལ་མཁན་ཞིག་ཡིན་ན། བོད་སྐྱབས་བཅོལ་དུ་འབྱོར་མ་ཐག་ནས་རྒྱ་གར་གཞུང་གི་སྲིད་བློན་ནེ་རུ་གཙོས་པའི་འབྲེལ་ཡོད་དཔོན་རིགས་ཆེ་ཕྲ་ཚང་མས་འདི་ལྟར་བཙན་བྱོལ་སྒྲིག་འཛུགས་ལ་སྟངས་འཛིན་རབ་དང་རིམ་པར་བྱས་པ་རྟོགས་ཐུབ་ལ། དེ་ལ་༧གོང་ས་མཆོག་གིས་མཁས་མཛངས་འཕྲུལ་གསུམ་གྱིས་ལན་འདེབས་དང། རང་གི་མི་མང་ནང་དུའང་དེ་བཞིན་ཐབས་མཁས་ཆེན་པོས་འཛིན་སྐྱོང་གནང་བའི་བྱུང་རབས་རྟོགས་ཐུབ་ཅིང། དེ་བཞིན་རྒྱ་གར་དབུས་སའི་གཞུང་གི་སྲིད་བྱུས་འདི་རིགས་གསར་པ་གང་ཡང་མིན་པའང་རྟོགས་ཐུབ་པ་རེད། ཡིན་ནའང། དེང་ང་ཚོའི་སྤྱི་ཚོགས་ནང་ཁ་རྒྱགས་པ་གནམ་ལ་འཕྲེད་ཀྱིས་གཡུག་མཁན་འཇམ་ནོར་སོགས་གང་ཟག་དང་སྒྲིག་འཛུགས་རེ་ཟུང་གིས། ཚོར་བ་ཁ་གང་གི་ལྗིད་ལ་འཐམས་ནས་གང་མིན་ཚད་བྱེད་རྒྱུ་ཡོད་རབ་ཀྱིས་མི་མང་ནང་དཀྲོགས་གཏམ་འདྲ་མིན་སྤེལ་གྱི་འདུག་པས། ད་ནི་༧གོང་ས་ཆེན་པོས་སྲིད་འགན་མི་མང་ལ་གནང་ཡོད་པས། སྤྱིར་༧གོང་ས་མཆོག་ལ་དམ་ཚིག་ལོག་པའི་སྐྱེས་བོ་དེ་དག་གིས་རྒྱ་གར་གཞུང་གི་སྲིད་བྱུས་འདི་རིགས་ལ་ལན་ལྡོན་རྒྱུ་ཡོད་ན་གནང་རོགས་གནང། འགོག་མཁན་སུ་གང་ཡང་མེད། ནུས་བ་ཐབས་བྱུས་ཡོད་ན་བོད་མི་ས་ཡ་དྲུག་གིས་གཟིགས་བསྡད་ཡོད་པ་རེད་ཅེས་ཞུ་འདོད་བྱུང། དེ་དང་མཉམ་དུ་བོད་རིགས་རྣལ་མ་དག་སྐྱེས་བོ་ལོག་སྨོན་ཅན་དེ་དག་གི་བཤད་རྗེས་གཡམ་རྒྱུགས་མི་བྱེད་པའི་རེ་སྐུལ་ཡང་སྟབས་གཅིག་ཞུ་འདོད་བྱུང།།
    མ་གཞི་ནས་ང་ཚོ་བོད་ཀྱི་གནས་བབ་དང་ལྗིད་ཁོག་ཟེར་བ་དེ་འདི་འདྲ་ཞིག་རེད། དེ་ཚང་མས་གསལ་མཁྱེན་ཐུབ་ན་ཡག་གི་རེད་བསམས།།

    Reply
  4. སེང་གེ་གནམ་འཆོང། says:
    ལོ་ 14 སྔོན།

    རི་མགོ་ཁྱེད་ཚོའི་མ་རེད།། རི་ལ་དར་ལྕོག་མ་འཛུགས།། མྱི་སར་སྲིད་གཞུང་མ་བསྐྲུན།། ཁྱེད་ཚོ་ང་ཚོའི་མགྲོན་རེད།།

    ཁ་སྟོང་ཚིག་སྟོང་མ་བཤད།། གཟི་བརྗིད་ཁོག་སྟོང་ཤེས་འགྲོ། ཐབས་མཁས་ཐུགས་རྗེ་མཛད་པར།། ཟུར་ཟ་བཤད་ཡམས་མ་སྤེལ།།
    རང་བཙན་རྒྱལ་ཁབ་མ་ཟེར།། རྒྱ་གར་ཁྲེད་དགོད་ཤོར་འདུག། བོད་གཞུང་སྡུད་གསོག་མ་ཟེར།། གནས་ཚང་འདིའང་ཤོར་འགྲོ།
    དཀྲོགས་གཏམ་ཁོག་ནག་མ་བྱེད།། བྱས་པའི་རྐུབ་ངན་བརྡོལ་འགྲོ། ཚོར་བ་ཚོར་བ་མ་ཟེར།། ཆོལ་ཁ་གསུམ་པོར་གནོད་འགྲོ།
    སྐྱབས་ཀྱི་མགོན་དང་བྲལ་ན།། རླབས་ཆེན་དགོངས་གཞིར་གྱེས་ན།། ལྟ་ས་བརྟན་ཡུལ་མེད་པ།། མི་རབས་གསར་པ་ཆགས་འགྲོ།
    གནའ་ནས་དམ་ཚིག་ལོག་པ།། ལོག་པའི་ལས་ལ་བྱང་བའི།། མི་ངན་རེ་ཟུང་ཁ་ལ།། རྡོ་རྗེ་རྒྱ་གྲམ་བསྟབས་སོ།།

    Reply
  5. མི་ཆུང་། says:
    ལོ་ 14 སྔོན།

    ཤིག་དང་ཀརྨ་རྡོ་རྗེར་འདྲི་རྒྱུར། ཁྱིམ་ཚང་གཉིས་བརྒྱའི་གནས་ཚུལ་རྐུམ་མ་འདྲ་པོ་རེད། ཡིན་ནའང་རླུང་རྟ་སོགས་ཀྱི་སྐོར་དེ། རྒྱ་གར་ཡུལ་མི་རེ་ཟུང་གིས་མཐོང་སྣང་མ་འདོད་པ་ཙམ་དང་། ཟར་དང་ཟུར་ནས་བརྙས་འདོགས་པ་ཙམ་ལས། ཡུལ་ཁྲིམས་དང་རྒྱལ་ཁྲིམས་གང་ཡང་མ་རེད།
    གལ་ཏེ་ཡིན་ན། དེ་རིང་བར། ཁྲིམས་ལུགས་དེ་ཚོ་བོད་མིའི་སྒྲིག་འཛུགས་ཀྱིས་མ་ཤཻས་པ་རེད་དམ། ཡང་ན་ང་ཚོའི་བྱ་སྤྱོད་དེ་ཚོ། རྒྱ་གར་གཞུང་གིས་མ་ཤཻས་པ་རེད། དེ་གང་ཡང་མ་རེད། འོན་ཀྱང་ད་ལྟའི་དུས་ཚོད་འདིར་ང་ཚོས་ཡུལ་མི་དང་ངེས་པར་དུ་བསྟུན་དགོས།

    Reply
  6. ཤིག། says:
    ལོ་ 14 སྔོན།

    ཡུལ་ཆུ་འཐུང་ན་ཡུལ་ཁྲིམས་འཁྱེར་དགོས། ང་ཚོས་རྒྱ་གར་མི་མང་དང་གཞུང་གི་དཀའ་དྲིན་དང་རྡུར་ན་གནས་ཚུལ་དེ་ཆུང་ཆུང་རེད། དར་ལྕོག་དང་མ་ནི་སོ་སོར་བདག་པའི་ས་ཆ་ལ་སྟེང་ཡོད་ན་སེམས་པ་ཡང་སྐྱིད་པ་ཡོང་བའི་རེ་བ་ཡོད། ཡང་བོད་པའི་ཁྱིམ་ཚང་༢༠༠་ཙམ་ཞིག་སྡོད་ཁང་སྤྱི་བའི་ས་ཚ་རུ་རྒྱབ་ཡོད་ན་བོད་མི་དེ་ཚོས་རྐུན་མ་ཡིན་སྲིད། ང་ཚོས་སྤྱི་རྒྱུ་ལ་ཧམ་སེམས་དང་སྤྱི་རྟ་ལ་རྒལ་རལ་བྱས་ན་མ་རབས་ལས་བོད་མིའི་ཡ་རབས་ཀྱི་སྤྱོད་པ་དེ་ལས་ལྡོག་པ་ཡིན།

    Reply
  7. གནས་ཚང་། says:
    ལོ་ 14 སྔོན།

    ད་ཕ་ཡུལ་ལ་ལོག་རན་ཡོད་པ་མ་རེད་པས། དབྱིག་པ་རེ་ཐོགས་ནས་ཕྱིར་འགྲོ་དགོས་པ་མིན་འགྲོ།

    Reply
  8. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ཡུལ་ཆུ་འཐུང་ནས། ཡུལ་ཁྲིམས་འཁྱེར་དགོས། །ཞེས་པ་དང་མཐུན་འདུག་གམ།

    Reply
  9. མི་རྟག་པས་ཟིན་པའི་ཤ་རུས says:
    ལོ་ 14 སྔོན།

    ད་དངོས་གནས་རྒྱ་ནག་མིན་ན་ཡང་ཚང་མ་རྒྱ་ནག་དང་གཅིག་མཚུང་རེད་འདུག་

    Reply
  10. མི་ཆུང་། says:
    ལོ་ 14 སྔོན།

    རི་སྒང་ལ་རླུང་རྟ་བཙུགས་ན་སུ་ཞིག་ལ་འགོག་རྐྱེན་འཕྲད་ཀྱི་ཡོད། མི་བྱེ་བྲག་པ་གཅིག་གིས་ཁྲིམས་གཏུགས་བྱས་ཏེ། རྒྱ་གར་གཞུང་གིས་ཐག་གཅོད་དེ་འདྲ་ཡོད་ན། རྡ་སའི་རྒན་གོན་ཁྱུ་གཅིག་གིས། ང་ཚོས་རི་མགོར་རླུང་རྟ་བཏང་ན། སྤྱི་མང་གི་རྒྱུ་ནོར་ལ་གནོད་སྐྱོན་ཇི་ལྟར་ཐེབ་བབ་ཅེས། ཁྲིམས་གཏུག་བྱེད་ཆོག

    འདི་ནི་ས་ཡུལ་དོགས་དྲགས་པས་མི་ཡང་དོགས་པོར་གྱུར་ཡོད། མཐར་བཏུགས་ན་སོ་སོའི་ལུང་པར་མ་ལོག་བར། གཞན་གྱིས་བཙན་གནོན་ཡོང་ངེས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese