མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་གཉིས་འཛིན་བཟུང་།

བོད་ཀྱི་དུས་བབ།
༢༠༡༢/༠༨/༢༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཁམས་དཀར་མཛེས་དགའ་ལྡན་ཆོས་གླིང་དགོན་གྱི་བཙུན་མ་ཞིག་དང་། གསེར་རྟ་རྫོང་གི་བོད་མི་གཅིག་བཅས་བོད་མི་གཉིས་འཛིན་བཟུང་བྱས་འདུག

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་གྱི་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༨།༣༠ ཡས་མས་སུ་དཀར་མཛེས་བོད་རིཊ་རང་སྐྱོང་ཁུལ་དཀར་མཛེས་རྫོང་ཀ་བྲག་ཤང་གི་ཕ་ཚེ་དབང་འགྱུར་མེད་དང་མ་ཚེ་རིང་དཔལ་མོ་གཉིས་ཀྱི་བུ་མོ། དཀར་མཛེས་དགའ་ལྡན་ཆོས་གླིང་དགོན་པའི་རང་ལོ་ ༣༩ ཡིན་པའི་བཙུན་མ་མ་བཤད་སྒྲུབ་ལྷ་མོ་ལགས་ཀྱིས། རྫོང་གི་ཁྲོམ་གཞུང་དུ་“ ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་ལ་རང་དབང་དགོས། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་གདན་འདྲེན་ཞུ་དགོས། ” ཞེས་སྐད་འབོད་ཁྲོམ་སྐོར་དང་ཡིག་ཆ་འགྲེམས་སྤེལ་བྱས་སྐབས། ཉེན་རྟོག་པས་འཛིན་བཟུང་བཙན་འཁྲིད་བྱས་ཏེ་དཀར་མཛེས་རྫོང་གི་བཙོན་ཁང་ཞིག་ཏུ་བཙོན་འཇུག་བྱས་ཡོད་པ་མ་ཟད། སྐབས་དེར་ཁོང་གི་ཡིག་ཆ་པར་བརྒྱབས་པའི་ཉེས་འཛུགས་འོག་ཕྱི་གླིང་བ་ཞིག་ཀྱང་ཉིན་དེར་འཛིན་བཟུང་བཙོན་འཇུག་བྱས་ཡོད་འདུག

དེ་བཞིན། ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་གྱི་བོད་ནང་གི་ཆུ་ཚོད་ ༣།༠༠ ཡས་མས་སུ། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གསེར་རྟ་རྫོང་ཡར་ལུང་ཡུལ་ཚོ། ཆོས་སྐོར་སྨད་མ་སྡེ་བའི་རང་ལོ་ ༣༤ ཡིན་པའི་ཚེ་སྐྱབས་ལགས་སུ། ཉེན་རྟོག་པས་འདི་ལོའི་ལོ་སར་བཀག་འགོག་བྱེད་མཁན་དང་གསང་བ་ཕྱིར་བསྒྲགས་མཁན། ནམ་རྒྱུན་བོད་དོན་དང་འབྲེལ་བའི་ལས་འགུལ་སྤེལ་བའི་ཉེས་མིང་འོག  ས་གནས་ཀྱི་གནུབས་ཟུར་ཡུལ་ཚོའི་ནང་འཛིན་བཟུང་གིས་གསེར་རྟ་རྫོང་གི་བཀག་ཉར་ཁང་དུ་བཀག་ཉར་བྱས་ཡོད་འདུག

ཚེ་སྐྱབས་ལགས་ནི། ཕ་ཚེ་འདས་གུ་རུ་དང་མ་ཐུགས་སྐྱིད་གཉིས་ཀྱི་བུ་ཡིན་པ་དང་། ནམ་རྒྱུན་འཚེམ་བཟོ་དང་ཟ་ཁང་གི་ལས་ཀ་གཉེར་མཁན་ཞིག་ཡིན་འདུག་ལ།  ཁོང་དང་བཟའ་ཟླ་གཡང་རྡོ་གཉིས་ལ་རང་ལོ་ ༡༦  ཡིན་པའི་བུ་མོ་བདེ་སྐྱིད་མཚོ་དང་། རང་ལོ་ ༡༧ ཡིན་པའི་བུ་བསོད་ནམས་བཅས་བྱིས་པ་གཉིས་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

ཆུ་ཚོད་ ༡༤ སྔོན་ལ།
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤

མཆན། 1

  1. སྒྲོལ་མ་མེ་ཏོག says:
    ལོ་ 14 སྔོན།

    རང་ལོ་ ༡༦ ཡིན་པའི་བུ་མོ་བདེ་སྐྱིད་མཚོ་དང་། རང་ལོ་ ༡༧ ཡིན་པའི་བུ་བསོད་ནམས་བཅས་བྱིས་པ་གཉིས་ཡོད་ཟེར། ལོ་༡༦ དང་༡༧ གྱི་བྱིས་པ་དེ་འདྲ་གང་འདྲ་ཡིན་ན་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese