མི་ཕམ་ཚངས་ཐིག
སྐུ་མཁྱེན། གསུང་མཁྱེན། ཐུགས་མཁྱེན། རང་ཅག་གིས་མི་ལོ་གཉིས་མ་ཟིན་ཙམ་ལ་བཙན་བྱོལ་བོད་གཞུང་གི་མཚན་བྱང་ཐོག་ལ་རྩོད་ཤགས་བྱས་པ་རེད། ད་ནི་དོན་གོ་རན་ལ། གྲུབ་འབྲས་ཤིག་འབྱུང་རན། ད་ང་ཚོས་མང་པོ་ཞིག་བཤད་མི་དགོས་པར། དྲི་བ་རྡོག་པོ་ཁ་ཤས་ཀྱིས་གོ་བ་ལེན་ཐུབ་པ་བྱེད་རོགས། གཅིག བོད་ཀྱི་སྐད་ཡིག་གི་ཐོག་ཙམ་དུའང་བོད་གཞུང་ཟེར་བའི་མིང་བྱང་དེ་བཞག་ན་དཀའ་ངལ་ཞིག་འཕྲད་ཚུལ་ཡོད་དམ། གཉིས། བོད་སྐད་ཐོག་ཏུ་བོད་གཞུང་ཞེས་པའི་མིང་བྱང་བཏགས་ན་དེ་ཉིད་གློག་ནས་དཀའ་ངལ་སྤྲོད་མཁན་དེ་སུ་འདྲ་ཞིག་ཡིན། གསུམ། བོད་ཡིག་ཙམ་གྱི་མིང་བྱང་ལ་དཀའ་ངལ་སྤྲོད་ན་ཚུལ་ཇི་ལྟར་སྤྲོད་རྒྱུ་རེད། དགོས་པ་ཅི་ཞིག་གི་ཕྱིར། བཞི། ༧གོང་ས་མཆོག་གིས་བོད་ཡིག་ཙམ་གྱི་ཐོག་ཏུ་ཡང་བོད་གཞུང་ཟེར་བ་གཏན་ནས་འདོགས་མི་རུང་བར་དུས་ནམ་ཞིག་ལ་གསུངས་ཡོད་དམ། ལྔ། གལ་ཏེ་ཡོད་ན། ཡིག་ངག་གང་རུང་གི་ཐོག་ཏུ་གསུངས་པ་ལ་ར་སྤྲོད་གནང་ཐུབ་མཁན་ཡོད་དམ། ཡོད་ན་གནང་རོགས་ཞུ། འདི་ནི་ཤིན་ཏུ་གལ་ཆེ་བའི་དུས་ལ་བབ་ཡོད་པས་ཡང་དང་བསྐྱར་དུ་གླེང་བ་ཡིན། ༧གོང་ས་མཆོག་གིས་དེ་ལྟར་ཡིག་ངག་གང་རུང་ཐོག་གསུངས་ཡོིད་པ་ར་སྤྲོད་ངོ་མ་ཞིག་གནང་མ་ཐུབ་ན་བབ་ཅོལ་མི་གསུང་བར་ཞུ།
དྲུག ཕྲན་གྱིས། (Central Tibetan Administration)ཟེར་བའི་མིང་བྱང་དེ་ནི་དབྱིན་སྐད་མ་སྐད་དུ་སྨྲ་མཁན་ཆེས་མང་པོ་ཞིག་ལ་གོ་བསྡུར་བྱས་མོད། ཁོང་ཚོ་ཀུན་གྱིས་མིང་བྱང་དེ་ནི་ཁྱད་མཚར་པོ་དང་དོན་གྱིས་དབུལ་བོ་ཞིག་རེད་གསུང་གིན་འདུག བོད་མིའི་སྒྲིག་འཛུགས་ཀྱིས་དབྱིན་སྐད་མ་སྐད་པ་དང་། ཆབ་སྲིད་ཆེད་མཁས་པ་ཚོ་དང་མཉམ་དུ་མིང་བྱང་འདིའི་ཐོག་གོ་བསྡུར་གནང་ཡོད་དམ། ཡང་ན་ང་རྒྱལ་དང་འོལ་ཚོད། བབ་ཅོལ་དང་སྣང་ཆུང་གིས་བཞག་པ་ཡིན་ནམ། ཅིའི་ཕྱིར་མིང་འདི་འདམ་ག་བཟང་ཤོས་དེ་ཡིན་པ་མི་མང་ལ་གསལ་བོར་གསུང་དགོས་པའི་འགན་ཁོང་ཚོའི་ཕྲག་ཏུ་ཡོད། བདུན། བོད་ཀྱི་མ་འོངས་འབྱུང་འགྱུར་ལ་སེམས་ཁུར་ཆེར་བསྐྱེད་ཀྱིས་མཚན་བྱང་འདི་ཕྲན་གྱིས་དབྱིན་སྐད་མ་སྐད་པ་མང་པོ་དང་མཉམ་དུ་གོ་བསྡུར་ཐེངས་མང་བྱས་པས། (Council of Tibet in Exile)ཁོང་ཚོས་ཁ་གཅིག་མཐུན་གྱིས་འདི་ཉིད་དོན་ལྡན་དགོས་མཁོ་ཆེ་བའི་མིང་ཞིག་རེད་གསུང་གི་འདུག འདིའི་དོན་ནི་བཙན་བྱོལ་དུ་ཡོད་པའི་གངས་ཅན་བོད་ཀྱི་སྐུ་ཚབ་ལ་གོ་བ་རེད། ཡང་དགོས་པ་བྱུང་ཉིན་ཞིག་ལ་བོད་སྐད་དུ་བོད་གཞུང་ཟེར་བ་བཞིན་དུ་རྒྱལ་ཁབ་ཀྱི་གཞུང་དངོས་ཤིག་ལ་འགྲེལ་ཆོག་པའི་ཁྱད་ཆོས་ཡོད་པ་རེད།
དེ་བཞིན་དུ་སྐད་ཡིག་གཞན་ཁག་གི་ནང་དུ་དེ་ལྟར་བསམ་བློ་གོ་བསྡུར་གཏིང་ཟབ་གནང་དགོས་གལ་ཆེ། ང་ཚོ་བོད་པ་ལ་དབྱིན་སྐད་ཡག་པོ་ཤེས་མཁན་མི་ཁྲི་ཁ་ཤས་ནི་ཡོད་མོད། མ་ཟད་དབྱིན་སྐད་ཀྱི་སྤྱི་ཚོགས་ནང་དུ་སྐྱེས་ནས་འཚར་ལོངས་བྱུང་སྟེ་དབྱིན་སྐད་དེ་སྐད་རིགས་དང་པོར་ཆགས་ཡོད་མཁན་གྱི་བོད་མི་གཞོན་སྐྱེས་མི་ཉུང་བ་ཞིག་ཡོད་མོད།
སུ་ཡིན་ན་ཡང་ཕྲན་གྱིས་བཏགས་པའི་མིང་འདི་( Council of Tibet in Exile)མི་འགྲིག་ན་ནི་ཁྱེད་ཅག་གིས་རྒྱུ་མཚན་ཡང་དག་ལྡན་པའི་ཐོག་ནས་གསུང་རྒྱུ་ཤིན་ཏུ་གལ་ཆེ། གལ་ཏེ་འགྲིག་ན་མི་རིང་བར་འཚོགས་འཆར་གྱི་རྒྱལ་ཡོངས་ཚོགས་ཆེན་སྟེང་ནས་མིང་འདི་ཉིད་གཏན་ཁེལ་ཐུབ་པར་ཤུགས་སྣོན་བྱ་རོགས་གནང་། ཕྲན་ནི་ཚོགས་ཆེན་ལ་ཞུགས་པའི་གོ་སྐབས་མི་གནང་བར་ཡིད་ཆེས་ཀྱིས་འདིར་བྲིས་པ་ཡིན། བརྒྱད། མང་དག་ཅིག་གིས་དོན་གལ་ཆེ་བ་ལས་མིང་གལ་མི་ཆེ་ཟེར་གྱིན་འདུག་མོད། དེ་ལ་ནི་མཐའ་གཅིག་ཏུ་མོས་མཐུན་མེད། མིང་ལ་བརྟེན་ནས་དོན་ཡང་དག་ལ་གཞོལ་མི་དགོས་པ་ཞིག་འཇིག་རྟེན་འདི་ན་གཅིག་ཀྱང་མེད། རྫུན་མ་ལ་ཕུགས་མེད། ལྷག་པར་དུ་ཁྲིམས་དང་ཆབ་སྲིད་ཀྱི་དམིགས་ཡུལ་ཅན་དག་ནི་མིང་ལ་ཤིན་ཏུ་ལྟོས་ཚབས་ཆེ།
དེའི་ཕྱིར་ཕྲན་གྱིས་མིང་འདིའི་ཆེད་དུ་སྔོན་ནས་ཐེངས་མང་ཤི་འབད་བྱས་པ་ཡིན། དེ་ལ་གཟུར་གནས་བློ་ལྡན་རྣམས་ཀྱིས་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ། ད་དུང་མུ་མཐུད་དུ་རྒྱབ་སྐྱོར་དང་འགྲེལ་བཤད་གནང་བར་རེ་བསྐུལ་ཞུ། མིང་བྱང་ནི་གནས་སྐབས་ཙམ་ལ་དེ་ཙམ་གལ་མི་ཆེ་བར་སྣང་ཡང་། མ་འོང་པའི་ཆབ་སྲིད་ཀྱི་གནད་དང་། ནམ་ཞིག་མི་རབས་རྗེས་མ་རྣམས་ལ་འདིས་བར་ཁྱད་ཆེས་ཆེན་པོ་འགྲོ་བས་ཤིན་ཏུ་གལ་ཆེ་བ་མཁྱེན་པར་འཚལ། ༧གོང་ས་མཆོག་གིས་(Council of Tibet in Exile)ཞེས་པའི་མིང་འདི་འདོགས་མི་རུང་བ་གསུང་མི་སྲིད་སྙམ། གལ་ཏེ་སྲིད་ན། ང་ཚོས་༧གོང་ས་མཆོག་གིས་སྐུ་ཚེ་ཧྲིལ་བོར་ཐེངས་གཅིག་ཀྱང་ནོར་མི་ཆོག་པའི་བཟོ་མ་བྱས་ན་ལེགས། དེ་མིན་ང་ཚོ་ཚང་མ་སྣང་སྲིད་དག་པ་རབ་འབྱམས་པ་ཡིན་མདོག་དང་། ༧གོང་ས་མཆོག་གིས་ཅི་མཛད་ཆོས་སུ་མཐོང་མཁན་རྐྱང་བ་ཡིན་མདོག་བྱེད་རྒྱུ་ཡིན་ནམ། ཁོང་གི་གསུང་ཟུར་ཙམ་ཡང་བཀའ་བཅག་མྱོང་མེད་མདོག་བྱེད་དམ། གལ་ཏེ་གསུང་མི་སྒྲུབ་མཁན་ཞིག་གིས་སྒྲུབ་མདོག་བྱས་ན་རྩ་བའི་བླ་མ་ལ་ཟོལ་ཟོག་གཡོ་རྒྱུ་བྱས་པ་རེད། དེ་བས་བླ་མའི་དགོངས་པ་མ་རྟོགས་ན་བཀའ་འདྲི་གཅིག་དྲིས། རྒྱུ་མཚན་ལྡན་པའི་སྒོ་ནས་གོ་བསྡུར་ཞིག་གནང་མི་ཆོག་གམ།
མཚམས་རེར་དགོས་དབང་གིས་ཅི་ཡང་མི་གསུངས་པ་ཡོད་ལ། མཚམས་རེར་སྒྲ་ཇི་བཞིན་པར་མ་འགྲེལ་ན་ལེགས་པའི་དུས་ཀྱང་ཡོང་སྲིད་པ་མཁྱེན་གལ། དེའི་ཕྱིར་རྒྱུན་དུ་གཡམ་རྒྱུག་མ་བྱས་ན་ལེགས།
ཉེ་ཆར་༧གོང་ས་མཆོག་གིས་བློ་ཕམ་ཕྲན་བུ་བྱུང་ཚུལ་གསུངས་པ་ནི་རྒྱུ་མཚན་མེད་ཅིང་ཧ་ཅང་ཐལ་ཆེའི་བཤད་མཁན་གྱི་རིགས་ལ་གསུངས་པ་འདྲ། རྒྱུ་མཚན་ལྡན་པའི་དཔྱད་བསྡུར་འདི་དག་དང་འབྲེལ་བ་གང་ཡང་མེད་སྙམ།
༧གོང་ས་མཆོག་གིས་རྒྱུན་དུ་རང་ཅག་ལ་ཡང་ཡང་གསུང་བ་ནི། ནང་པ་སངས་རྒྱས་པའི་ཆོས་ཀྱི་གཙོས། ཅི་ཞིག་ཡིན་ཡང་རྟགས་དང་རིགས་པ་རྒྱུ་མཚན་གྱིས་དཔྱད་བསྡུར་བྱེད་དགོས་པ་ལས། སུ་ཞིག་གིས་བཤད་པ་ལ་དྲི་བ་ཙམ་ཡང་མ་དྲི་ཞེས་ནམ་ཡང་གསུངས་མྱོང་ངམ། ཁྱེད་ཅག་སུ་ཞིག་གིས་ཐོས་ཡོད་ན་གསུངས་རོགས་ཞུ། ༧གོང་ས་མཆོག་གིས་རྒྱུན་དུ་དཔྱད་པ་མང་དུ་གཏོང་རྒྱུ་གལ་ཆེ། བླུན་དད་དང་ལུང་རྐྱང་པ་དྲངས་ནས་མགོ་མ་འཁོར་གསུང་གིན་མེད་དམ། ནང་པ་སངས་རྒྱས་པ་ཞིག་ཡིན་ཕྱིན་འདི་ཁས་མི་ལེན་ཐབས་མེད་ཅིག་མ་རེད་དམ། དེས་མི་ཚད་གནས་ལུགས་དང་རྒྱུ་མཚན་ལ་རྒོལ་པའི་བླུན་པོ་མ་རུང་བ་ཀླ་ཀློའི་བྱ་སྤྱོད་དང་དུ་ལེན་འདོད་པ་ཡིན་ན་མ་གཏོགས། རིགས་པ་དང་། རྒྱུ་མཚན་ལ་ཉན་ཞིང་བརྩི་འཇོག་ཅུང་ཙམ་ནི་མེད་ཐབས་མེད། བདེན་པ་དང་གནས་ལུགས་ཀྱིས་ཕོངས་པ་ལ་བཀྲ་ཤིས་དོན་བཟང་ཞིག་ཡོང་སྲིད་དམ། སྲིད་ན་རྒྱ་དམར་གཞུང་གིས་བྱེད་སྟངས་དེ་དགེ་ལེགས་ཤིག་རེད་ཟེར་རྒྱུ་ཡིན་ནམ།
༧གོང་ས་མཆོག་དང་ང་ཚོ་གངས་ཅན་པའི་བདེན་དོན་ཉིད་ལ་རིན་ཐང་མེད་པར་ཁས་ལེན་རྒྱུ་ཡིན་ནམ། ཕྲན་ནི་༧གོང་ས་སྐྱབས་མགོན་རྒྱལ་བའི་དབང་བོ་མཆོག་ལ་དགའ་དད་དུང་གསུམ་ཆེ་ལ། ལ་རྒྱ་གཙིགས་འཛིན་དང་དམ་ཚིག་གཙང་མ་བྱེད་མཁན་ཞིག་ཡིན། འོན་ཀྱང་རིགས་པ་དང་རྒྱུ་མཚན་གྱི་སྒོ་ནས་དོན་མ་རྟོགས་པ་རེ་བྱུང་ན། བཀའ་འདྲི་ཞུས་ནས་གོ་བསྡུར་བྱེད་པ་ནི་༧གོང་ས་མཆོག་སྐུ་ཉིད་ཀྱི་དགོངས་དོན་ཡིན་པར་ཡིད་ཆེས་བྱས་ནས་ཡོད་དོ།། མཐར་ཀུན་ལ་འབོད་སྐུལ་ཞིག་ཞུ་རྒྱུ་ནི། ཚིག་ཙམ་ལ་རྩོད་པ་གཏན་ནས་མི་གནང་བར། དོན་དངོས་གནས་ལ་བསམ་གཞིག་ཞིབ་མོ་གནང་སྟེ། བློ་གཟུ་བོའི་སྒོ་ནས་བོད་ཀྱི་བསྟན་སྲིད་ཀྱི་ཆེད་དུ་གོ་བསྡུར་དང་བགྲོ་གླེང་ལྷུག་པོར་གནང་རོགས་སྙིང་ནས་ཞུ་ཞུ།། །།
མི་ཕམ་ཚང་ཐིག ངས་ཁྱོད་ལ་ཡང་སྐད་ཆ་ཞིག་འདྲི། ༧དུས་ཀྱི་སྟོན་པ་གོང་ས་རྒྱལ་བ་རིན་པོ་གལ་སྲིད་ཆེ་ཐེངས་གཅིག་ནོར་ཆོག་ན། ཁྱོད་རང་ནོར་མི་ཆོག་པའི་རྒྱུ་མཚན་ཡོད་ཀྱི་མ་རེད། གལ་སྲིད་མེད་པ་ཡིན་ན་ཁྱོད་རང་གིས་༧རྒྱལ་བ་རིན་པོ་ཆེས་བོད་གཞུང་གི་མིང་དེ་བོད་མིའི་འགྲིག་འཛུག་ལ་བསྒྱུར་བ་གནང་བ་དེ་ནོར་ཡོད་པ་ཇི་ལྟར་སྒྲུབ་རྒྱུ་ཡིན། ཁྱེད་རང་གིས་ནོར་བ་མཐོང་སོང་ཟེར་ན་དེ་རྒྱུ་མཚན་ཡིན་མི་སྲིད། དེ་ལས་རིགས་པ་བཀོད་རྒྱུ་མེད་དོ།
རྡོ་འཇམ་ལགས།
ཁྱོད་ཀྱིས་མི་ཕམ་ཚངས་ཐིག་ཤེས་པ་རང་བཞིན་དུ་མི་གནས་པར་སྒྲུབ་ཁུལ་དེས་ཁྱོད་རང་ཉིད་ཀྱི་རིན་ཐང་སྐྱག་ལུད་ཀྱི་ནང་དུ་ལྷུང་སོང་བས་ཡིད་རེ་སྐྱོ།
ཁྱོད་རང་གིས་ཧ་མ་གོ་གོང་ནས་ཧོལ་རྒྱུག་བྱས་ཚར་འདུག ཁྱོད་ཀྱིས་ཆབ་སྲིད་ཕར་ཞོག་བརྡ་སྤྲོད་མ་ཤེས་པ་རེད་དམ། ཁྱོད་ཀྱིས་དབྱིན་སྐད་མ་ཤེས་ན་ཚོད་དཔག་གིས་གར་ཡང་ཕྱིན་ནི་མ་རེད་ལགས། ཁྱོད་ལྟ་བུ་ཞིག་གིས་ལོ་ངོ་༢༠ ལ་དབྱིན་སྐད་སྦྱང་ན་དེ་ནས་ཕྱོགས་ཙམ་གོ་ཐུབ་པའི་རེ་སྨོན་བྱ་ཆོག
མ་ཟད་ཁྱོད་འོན་པ་རེད་དམ། བོད་ཀྱི་སྐད་ཡིག་ཐོག་གི་བོད་གཞུང་ཟེར་བ་མཐའ་གཅིག་ཏུ་དབྱིན་སྐད་ནང་གི་རྒྱལ་ཁབ་ཅིག་གི་གཞུང་ལ་གོ་མི་དགོས་པར་༧གོང་ས་མཆོག་གིས་ཀྱང་ཐང་མང་པོར་གསུངས་པ་ཡང་མ་གོའམ། ཡང་ན་གོ་ཡང་ཁྱོད་རང་ཤེས་པ་རང་བཞིན་དུ་མ་གནས་པ་རེད་དམ། མི་ཕམ་ཚངས་ཐིག་གིས་གསུངས་པ་ལ་ནང་འགལ་མེད་པ་ཁྱོད་དང་ཁྱོད་ཀྱི་གྲོགས་པོ་འགའ་རེ་མ་གཏོགས། གཞན་འཛམ་གླིང་གི་ཤེས་ཡོན་པ་ཀུན་གྱིས་ཤེས་པས། ཁྱོད་ཀྱིས་མི་ཤེས་ཤེས་མདོག་གིས་རང་མཚང་མ་བསྟན་ན་མི་ལེགས་སམ།
མདོར་ན་ཁྱོད་ཀྱིས། མི་ཕམ་ཚངས་ཐིག་ལྟ་བུ་ལ་རྩོད་པ་བྱས་ཏེ། ཁྱོད་ཀྱིས་རྒྱལ་ཁ་ལེན་སྣང་འཆར་བ་ནི། ཞ་ལོང་འོན་ལྐུགས་གཟུགས་མི་སྡུག་པའི་མ་ནིང་ཞིག་གིས་འཛམ་གླིང་མཛེས་མ་དང་དགའ་མགུར་སྤྱོད་འདོད་པ་དང་འདྲ་བས། དེ་བས་ལྟོ་རྒྱག་པོ་ཞིག་ཨེ་རེག་ལ། གཉིད་ཡག་པོ་ཞིག་ཨེ་ཁུག་ལྟོས་དང་། དེ་ཁྱོད་ལ་བབ་ཐོབ་ཉིད་རང་རེད།།
ཧ་ཧ་ཧ་་་་་་གཅིག མི་ཕམ་ཚང་ཤེས་པ་རང་བཞིན་དུ་གནས་མེད་པ་འདྲ། གང་ཡིན་ཟེར་ན། ཁོ་རང་གི་སྐད་ཆར་༼ བོད་ཀྱི་སྐད་ཡིག་གི་ཐོག་ཙམ་དུའང་བོད་གཞུང་ཟེར་བའི་མིང་བྱང་དེ་བཞག་ན་དཀའ་ངལ་ཞིག་འཕྲད་ཚུལ་ཡོད་དམ།༽ཞེས་དྲི་བ་དང་པོར་བཀོད་ནས་དབྱིན་སྐད་དུ་བོད་གཞུང་ཟེར་བའི་མིང་བྱང་བཞག་ན་དཀའ་ངལ་ཡོད་པར་ཁས་བླངས་ཤིང་བོད་སྐད་དུ་བཞག་ཀྱང་ཕ་རོལ་བོས་བོད་ཡིག་བོད་སྐད་མི་ཤེས་པར་བསམ་པ་ཡིན་ནམ་གང་ལྟར་དཀའ་ངལ་ཞིག་འཕྲད་ཚུལ་མེད་པར་བཤད་འདུག དེས་ན་ཁོའི་སྐད་ཆ་འདི་ལྟ་བུའི་རིགས་ལ་མགོ་བདེའམ་མངོན་ལྐོག་ཅན་གྱི་སྐད་ཆ་ཞེས་འབོད་དགོས་པ་མ་ཡིན་ནམ། དེ་ཡང་ཡིན་ཏེ། དང་ཐོག་བོད་གཞུང་ཞེས་པའི་མིང་བྱང་འདི་རྗེས་ན་མི་འགྲིགས་ཚུལ་བཤད་མཁན་གྱི་རང་རིགས་ལྷག་བསམ་ཅན་དག་གིས་འདོད་པའི་བོད་གཞུང་དང་དབྱིན་སྐད་ཀྱི་བོད་གཞུང་ཞེས་པ་གཉིས་དོན་གཅིག་ཏུ་འདོད་པ་ཡིན་ནོ། དེས་ཕྱིར་ཁོའི་འདོད་པར་བྱས་ན་དབྱིན་སྐད་དུ་བོད་གཞུང་ཞེས་མིང་མ་བཏགས་ཀྱང་བོད་སྐད་དུ་བོད་གཞུང་ཞེས་བཏག་ཏེ་རྫུན་གཏམ་བཤད་དགོས་པ་དེ་རེད། དེས་ན་ཡང་ཁོ་རང་གི་སྐད་ཆར་༼མིང་ལ་བརྟེན་ནས་དོན་ཡང་དག་ལ་གཞོལ་མི་དགོས་པ་ཞིག་འཇིག་རྟེན་འདི་ན་གཅིག་ཀྱང་མེད། རྫུན་མ་ལ་ཕུགས་མེད། ལྷག་པར་དུ་ཁྲིམས་དང་ཆབ་སྲིད་ཀྱི་དམིགས་ཡུལ་ཅན་དག་ནི་མིང་ལ་ཤིན་ཏུ་ལྟོས་ཚབས་ཆེ།༽ ཞེས་བཤད་འདུག་པས་ངས་ཁོའི་ཤེས་པ་རང་བཞིན་དུ་གནས་མི་འདུག་ཅེས་བཤད་པ་ཡིན།
གཉིས་པ། མངོན་པའི་ང་རྒྱལ་གྱི་གོང་བུ་ཞིག་རེད། གང་ཡིན་ཞེ་ན། ཁོ་རང་གིས་བཏགས་པའི་ཐ་སྙད་དེ་༸ས་གོང་མཆོག་གིས་འདོགས་མི་རུང་བ་གསུང་མི་སྲིད་སྙམ། གལ་ཏེ་སྲིད་ན། ང་ཚོས་༧གོང་ས་མཆོག་གིས་སྐུ་ཚེ་ཧྲིལ་བོར་ཐེངས་གཅིག་ཀྱང་ནོར་མི་ཆོག་པའི་བཟོ་མ་བྱས་ན་ལེགས། ཞེས་ཁོ་རང་ཚད་ཐུབ་ཅིག་ཏུ་ཞེན་ནས་རང་གིས་རང་བཀྱགས་སྐྱག་པས་རྐུབ་བཀྱགས་འདུག་མཁན་ཞིག་རེད།
གསུམ་པ། འགལ་འདུའི་ཕུང་པོ་ཅན་གྱི་བཤད་ལ་དགའ་བ་ཙམ་ཞིག་རེད། གང་ཡིན་ཟེར་ན། བོད་སྐད་དུ་བོད་གཞུང་ཞེས་པའི་མིང་བྱང་ངེས་པར་དུ་དགོས་རབས་བཤད་བཞིན་དུ་ཁོ་རང་གིས་སྙད་བཞིན་པའི་མིང་བྱང་དེའི་ཚིག་ཟུར་ནས་གཞུང་ཞེས་པའི་སྐྱེས་སྲོག་གཅོད་གང་ཐུབ་བྱས་འདུག་པས་སོ་་་་་་་་་ཧཧཧཧ་་་་་།
མི་ཕམ་ལགས་ཀྱི་དྲི་བ་དག་ཡག་པོ་འདུག་ལོ་ངོ་གཉིས་གསུམ་ཞིག་གི་རུང་མིང་བྱང་ཐོག་ལ་རྩོད་པ་མང་བོ་ཤོར་བ་རེད་སྤྱིར་བཤད་ན་ཁག་རང་མི་འདུག་བསམ་གྱིན་འདུག་གང་ཡིན་ཟེར་ན་བོད་གཞུང་ཟེར་བ་དེ་ལྔ་དགུ་ལོའི་ཡར་སྔོན་ཞིག་ན་མཚོན་ན་རྨི་ལམ་གྱི་ཡུལ་དུ་ཡང་ཡོང་མ་མྱོང་བའི་བོད་པ་བརྒྱ་ཆ་བདུན་བཅུ་ནས་དྲུག་བཅུ་རེད་བཙན་བྱོལ་དུ་ཆགས་པ་ནས་ཐ་སྙད་དེ་བེད་སྤྱོད་བཏང་བ་རེད་དྲང་མོ་བཤད་ན་བོད་གཞུང་དང་དགའ་ལྡན་ཕོ་བྲང་ཞེས་མིང་བྱང་རྫིག་པོ་དེ་དག་ཚིག་སྐམ་རང་རེད་འདུག་བསམ་སོང་དེ་སྔོན་ཞིག་ལ་མིང་བྱང་དེ་དག་སྐུ་གྲགས་མི་གྲགས་རྐྱང་རྐྱང་གི་བེད་སྦྱོད་བཏང་ནས་སྡད་ཡོད་པ་གསལ་པོ་རེད་་་་གང་ལྟར་གྱང་མིང་བྱང་དེ་དག་ལ་གནས་སྐབས་རྩོད་རྒྱག་དགོས་བ་ཀྱང་མཐོང་མ་སོང་།
བདེ་རྒྱལ་ཁྱོད་ཀྱིས་ཁ་ཡག་ལ་སྦྱར་ཞིང་མགོ་འོག་ལ་བསྡུས་ནས་༸གོང་ས་མཆོག་ལ་མཚན་སྨད་བྱས་པ་བཀྲ་སྒོམ་དང་འདྲ་སེ་འདུག་ཞེས་རྒྱུ་མཚན་དང་གནས་ལུགས་མེད་པར་བཤད་འདུག་པ་འདི་ནི་དགོད་སྤྲོ་བ་ཞིག་རེད། མི་ཕམ་ཚངས་ཐིག་གིས་རྩོམ་ཡིག་གང་གང་གི་སྐབས་སུ་དེ་ལྟར་བྲིས་འདུག་ཤོད་དང་། ཡོད་ན་གནས་ལུགས་དང་རྒྱུ་མཚན་ཤོད་དང་། ཁ་སྟོང་ནང་གི་ཚིག་སྟོང་མ་བཤད། མི་ཕམ་ཚངས་ཐིག་གིས་༧གོང་ས་མཆོག་གི་བཀའ་དགོངས་བཞིན་རིགས་པའི་དཔྱད་ནས་རང་གཞན་ཀུན་ལ་བསམ་བློ་བཏང་ས་དང་རྒྱུ་མཚན་ལུགས་མང་པོ་ཡོད་པ་ཞིག་བྲིས་འདུག་པས། ཁྱོད་དོན་མེད་ཧོལ་རྒྱུག་མ་བྱེད་རོགས། རང་ཁ་སྒོར་མོའི་ནང་གི་རང་སྲོག་གཅོད་པའི་སྟེ་རེ་ཞེ་པ་དེ་གོ་ཨེ་མྱོང་།
གཟུ་གནས་བློ་ལྡན་ཁྱོད་གཟུར་གནས་བློ་ལྡན་ཞིག་ཡིན་ན་འདི་ལྟར་བཤད་སྲིད་དམ་(ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་སྤུ་ཙམ་ཡང་མེད་རྟགས་བསྟན་)པ་རེད་ཞེས་བཤད་པ་འདིས་ག་རེ་མཚོན་འདུག བསམ་བློ་རྣལ་དུ་བཏག་རོགས།
མིང་རྫུན་མ་དེ་ཁྱེད་ཀྱིས་བཏགས་འདུག་ཡ། གཟུར་གནས་བློ་ལྡན་མི་ཟེར་བར། གཟུ་གནས་ཟེར་བ་ལ་ལྟོས་དང་། ངོ་ཚ་རྒྱུ་མེད་པ་ཁྱེད་ཡིན་ཁོ་ཐག་རེད། མིང་རྫུན་ཡིན་པའི་མངོན་རྟགས་ཁྱོད་ལ་འདུག མི་ཕམ་ཚངས་ཐིག་ནི་མིང་རྫུན་མ་རེད། ཁོང་གི་སྨྱུག་མིང་ངོ་མ་དེ་རེད། ཧ་གོ་སོང་ངམ། ད་བར་དུ་བོད་ཕྱི་ནང་གཉིས་སུ་དེབ་དང་དྲྭ་རྒྱ་ཁག་ཏུ་ཡོད་པའི་མཚན་དེ་ག་རང་རེད། ཁྱེད་ཚོས་ད་དུང་དེ་ཙམ་ཡང་མ་གོའམ།
ཁྱོད་ཀྱིས་ཁོང་གི་རྩོམ་ཡིག་མ་བཀླག་པར་ཅིག་བཤད་ཁ་བྱས་པ་རེད་དམ། བཀླགས་ཀྱང་དོན་མ་གོ་བར་བཤད་པ་རེད། ཁྱེད་རང་མིང་རྫུན་མ་ཡིན་པས་བཀའ་དྲིན་རེད་མ་གཏོགས་བོད་མི་ས་ཡ་ཁ་ཤས་ཀྱི་མིག་ལམ་དུ་དེ་འདྲ་བཀོད་ཕོད་དམ།
བོད་གཞུང་ལ་མིང་གནད་ཅན་ཞིག་གཏན་ཁེལ་འགྲོ་སྲིད་པར་ཁྱོད་སེམས་ཁྲལ་ཆེས་ཆེན་པོ་དང་བློ་ཕམ་དེ་ཙམ་བྱུང་ལུགས་ལ་བལྟས་ན། དོལ་རྒྱལ་བ་དང། རྒྱ་མྱུལ་ཁྱེད་རང་ཡིན་ཐག་ཉེ་བོ་མི་འདུག་གམ། ཀློག་མཁན་དག་གིས་ཤེས་སླ་བོ་འདུག རང་མཚང་བསྟན་འདོད་པ་མིན་ན་ཁ་ཚུམས་ན་མི་དགའ་འམ།
བཙན་བྱོལ་བོད་གཞུང་ལ་དབུས་བོད་མིའི་སྒྲིག་འཛུགས་ཞེས་འདོགས་དོན་ནི་རང་རེ་གངས་ཅན་པ་ཚོའི་བདེན་མཐའ་མ་སེལ་བར་དུ་བོད་མིའི་སྒྲིག་འཛུགས་ཤིག་གཞན་ཡུལ་དུ་གནས་དགོས་པ་དང་གཅིག གཞན་ཡུལ་དུ་གཞན་དབང་སྟབས་བསྟུན་ཡིན་པའི་གནས་ལུགས་ཤེས་དགོས་པ་དང་གཉིས། རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་ལ་བལྟ་དགོས་པ་དང་བཅས་གསུམ་ནི་མིང་བྱང་འཕོ་འགྱུར་གྱི་དགོས་པ་རྒྱུ་མཚན་རེད། ལས་དོན་ཁག་ཅིག་སྒྲུབ་པར་སྒྲིག་འཛུགས་ལ་སྟབས་བདེ་མིན་ཡོང་གི་རེད་ལ་ཁག་ཅིག་མི་མང་ལའང་སྟབས་བདེ་མིན་ཡོང་གི་རེད། གང་ལྟར་ཕྱོགས་གཉིས་ཀས་གཅིག་ཕན་གཅིག་གྲོགས་བྱེད་ཀྱི་ནི་སྨྲས་མ་དགོས་ཤིག་རེད།
རྩོམ་འབྲི་བར་རེ་བ་གཅིག་ཡོད་པ་ནི་མིང་བྱང་འཕོ་འགྱུར་མ་བཏང་བའི་ལེགས་པའི་ཆ་གང་དུ་འདུག དེ་ལྟར་མིང་བྱང་འཕོ་འགྱུར་བཏང་བའི་སྐྱོན་གྱི་ཆ་གང་ན་འདུག་པ་སོགས་ཕྱོགས་གཉིས་ཀར་དཔྱད་ཞིབ་གཏིང་ཟབ་བྱས་ཏེ་དོན་དག་ངོ་མ་དེ་ཤེས་པར་གྱིས་རྗེས་ད་གཟོད་རང་རེའི་བོད་མིའི་སྒྲིག་འཛུགས་ཐོག་ལ་འགྲིག་དང་མ་མ་འགྲིག་པའི་སྐད་ཆ་བཤད་ན་ཧ་ཅང་རན་པོ་འདུག དེ་མིན་སོ་སོའི་ཁ་ལག་ན་བ་ལས་གཞན་གང་ལ་ཡང་ཕན་ཐོག་མི་འདུག
ཨོ་༧གོང་ས་མཆོག་གིས་དུས་དང་རྣམ་པ་ཀུན་དུ་ང་མེད་པ་ནང་བཞིན་བགྱིས་ཤོག་ཨ་ཞེས་པའི་གདམ་ངག་དེ་ལ་ཇི་ལྟར་འགྲེལ་དགོས་སམ།
ཕྱོགས་གནས་བློ་མུག་འདི་ཡང་༧གོང་ས་མཆོག་ལ་དད་པ་ཡོད་མདོག་བྱས་པ་མ་གཏོག་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་བློ་མིག་ནི་ཕར་ཟད་མི་ཕམ་ཚང་ཐིག་གིས་ཅི་ཞིག་བཤད་ཀྱིན་པ་ཡང་ཤེས་མི་འདུག།
མ་གཞི་ནས་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་བློ་མིག་དེ་གང་གི་རྒྱུད་ལ་ཡང་དག་པ་ཞིག་སྐྱེས་ཡོད་ན། དེས་རྒྱུད་ཀྱི་ཉོན་མོངས་ཐམས་ཅད་དྲུང་ནས་འབྱིན་པར་བྱས་ཏེས་ད་གཟོད་སྨྲེ་ངག་ལུང་པ་གང་འདོན་མི་དགོས་པར་མི་གནས་པའི་མྱང་འདས་མངོན་དུ་གྱུར་ཚར་ཡོད་རྒྱུ་རེད་པ།
དེས་ན་རང་འགན་ཡོངས་རྫོགས་༧གོང་ས་མཆོག་གི་སྒང་དུ་སྤུངས་བའི་ལམ་ལུགས་འདིས་ཆབ་སྲིད་གྲེས་ཡོལ་ཕེབས་དགོས་བྱུང་བ་མ་ཟད་ང་མེད་པ་ནང་བཞིན་བགྱིས་ཤོག་ཨ་ཞེས་པའི་མན་ངག་དེ་གསུངས་དགོས་བྱུང་བ་རེད། རྒྱུ་མཚན་བོད་མི་རིགས་འདི་དུས་རབས་ཉེར་གཅིག་ལ་སླེབས་ན་ཡང་སོ་སོ་སོས་རྣམ་དཔྱོད་འདོན་ཐབས་གྱི་སྙིང་སྟོབས་མེད་པར་ཡོད་ཚད་ལག་པ་གཟེད་ནས་སློང་མོ་རྒྱག་པའི་ངང་ཚུལ་དེར་ཁོང་ཐུགས་ཕམ་མི་མཛད་པ྄འི་རྒྱུ་མཚན་ཅི་ཞིག་ཡོད།
དཔྱོད་ལྡན་ཀུན་མི་ཕམ་ཚངས་ཐིག་ཅན་ལ་ཁོང་རྒོད་ཤོར་ངེས། ཁོ་པས་ཞིབ་མོར་མ་དཔྱད་པར་གང་བྱུང་དུ་ཞེན་ཡོད་མདོག་གིས་བོད་གཞུང་ཞེས་འདོགས་དགོས་ལྐུགས་པ་ཨུ་ཚིགས་བྱས་པར་ལྐུགས་དྲག་མེད་ན་སྨྱོ་གྲབས་རེད། བོད་གཞུང་ལབ་དགོས་ཡས་གང་ཡང་མེད། གཙོ་བོར་གངས་སྐྱིད་ལ་ཡོད་པའི་སྒྲིག་འཛུགས་འདིས་བོད་སྤྱིའི་བདེ་སྡུག་ལ་འགན་ལེན་ཐུབ་ན་དེ་གས་འཐུས། བོད་མི་མང་གི་སེམས་ནང་༸གོང་ས་མཆོག་གིས་གང་གསུངས་པ་དེ་ཡིན་པས་ཁྱེད་ཚོ་ལས་ངན་ཚོས་༸གོང་ས་མཆོག་གང་སུངས་པ་རྒྱབ་ཏུ་གཡུག་ནས་བོད་ཞེན་ཡོད་མདོག་བྱས་པ་རྫུན་རེད། བོད་མི་མང་འཐོར་བཅུག་དགོས་བསམ་པ་རེད།
མིང་དོན་འགལ་བ་གཟུ་གནས་བློ་ལྡན་དང་། བདེ་རྒྱལ་གཉིས།
ཨོ་་་ཁྱེད་གཉིས་ཀྱིས་མི་ཕམ་ཚངས་ཐིག་གིས་ཅི་ཡང་མི་ཤེས་ཤིང་མི་གོ་བ་བྱས་འདུག་ཡ།
ད་བར་དུ་ཁྱེད་གཉིས་མ་གཏོགས་ཁོང་བླུན་པོ་བཟོ་ཐུབ་མཁན་ཞིག་མེད། ཀློག་མཁན་རྣམས་ཀྱིས་ཁྱེད་གཉིས་མཁས་པ་དང་གཟུར་གནས་ཡིན་པ་ཤེས་སླ་ཡ། མོ་འདུག ཁྱེད་གཉིས་ཀྱིས་ཁོང་གི་རྩོམ་གློག་ནས་ལན་རྒྱབ་ཁོ་རེད་དམ། མ་བཀླངས་ནས་བཤད་ཀྱིཔ་རེད་དམ་མ་བཀླགས་པར་བཤད་པ་རེད། ཧ་ཧཧ། མི་མ་ཤི་ཚེ་རིང་ན་མི་གོ་རྒྱུ་ཞིག་དང་མི་མཐོང་རྒྱུ་མི་འདུག
ཧ་ཧཧ། ཀློག་མཁན་རྣམས་ལ་གཟིགས་མོ་འདུག་ཡ།།
ཁ་སྔོན་ལ་དྭགས་ལ་ཆིབས་སྒྱུར་ཞེས་པ་ཡིན། དགོངས་དག ཚིག་ཆད་འདུག
སྔོན་མ་རྒྱལ་འགོང་དལ་རྒྱལ་གསོ་མཁན་བཀྲ་སྒོམ་གྱིས་ཀྱང་ཁ་ཡག་ལ་སྦྱར་ཞིང་མགོ་འོག་ལ་བསྡུས་ནས་༸གོང་ས་མཆོག་ལ་མཚན་དམོད་བྱས་པ་རེད། མི་ཕམ་ཚངས་ཐིག་ཅེས་པ་འདི་འང་དེ་དང་འདྲ་སེ་འདུག་ག མིང་རྫུན་ཞིག་གི་འོག་ཏུ།
མི་ཕམ་ཚངས་ཐིག་ཅེས་དངོས་མིང་སྦས་སྐུངས་པ་ཁྱེད་ལ་གོ་ཤེས་བསམ་ཤེས་ཀྱི་བློ་རིག་ཅུང་ཙམ་ཡང་མེད་པ་གང་ཡིན་ནམ། ཁྱེད་ལྐུགས་པ་ནི་ཡིན་རྒྱུ་མ་རེད། ཁྱེད་ཀྱིས་ཁ་སྔོན་ཆིབས་སྒྱུར་སྐབས་བོད་ཁྱིམ་སློབ་གྲྭར་བཀའ་སློབ་གནང་བ་དེ་གཅིག་གསན་དཱ། དེ་ནས་ཤེས་པར་འགྱུར་རོ། །སྤྱི་འཏུས་གྲོས་ཚོགས་སྐབས་༸གོང་ས་མཆོག་ལ་བཀའ་འདྲི་ཞུ་བཞིན་ཞུ་བཞིན་སྐད་ཆ་མང་པོ་བྱེད་མཐར་བོད་མིའི་སྒྲིག་འཛུགས་ཞེས་འདོགས་རྒྱུར་ཐུགས་ཐག་བཅད་པ་རེད། གཉིས་ནས་ཁྱེད་ལ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་སྤུ་ཙམ་ཡང་མེད་རྟགས་བསྟན་འདུག་པ་ནི། ༸གོང་ས་མཆོག་ནས་ལམ་དབུ་མ་ང་ཚོར་ལམ་སྟོན་དུ་གནང་ཡོད། ལམ་དབུ་མའི་ལངས་ཕྱོགས་འཛིན་ཕྱིན་རྒྱ་གར་ས་ཐོག་ཏུ་བོད་གཞུང་ཞེས་པ་ཡོངས་ཐབས་མེད། འོ་ན་སྔར་ནས་ལམ་དབུ་མ་གཏན་འཁེལ་བ་ནས་བོད་གཞུང་ཞེས་པ་མཚམས་མ་བཞག་པ་གང་ཡིན་ཞེས་འདྲི་ན། འདི་ལྟར་ཡིན། ཁྱེད་ཀྱིས་རྣ་བ་གཏོད་ཅིག ༸གོང་སམཆོག་ནས་གཞུང་ཞེས་པ་སྣ་ཚོགས་ལ་གོ་རྒྱུ་ཡོད་ཅེས་བཀའ་ཕེབས་པ་དེ་ལ་ཐུག་པ་རེད། གོ་ཨེ་ཤེས་ཐལ། མི་མང་གི་སེམས་ནང་༸གོང་ས་མཆོག་ཡོད་དེེར་བོད་གཞུང་ཡོད་པ་དོན་ལ་དེ་ལྟར་ཡིན་པས་ཁྱེད་རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་མ་བྱེད། སྙིང་རྗེ་རྒྱུ་འདི་ཚོ་གང་ཡང་ཤེས་ཀྱིན་མི་འདུག དོན་མེད་ཀྱི་རྩོམ་འཆལ་བྲིས་པ་ལས་བོད་ཀྱི་རིག་སྲུང་སྐྱོབ་ཀྱི་ལས་ཀ་འདྲ་རག་ན་དེ་བྱོས།